ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཨེ་ཙིའི་ནད་སྐོར་གྱི་དྲ་བ་ཞིག་ངོ་སྤྲོད་ཞུས་པ།

[རྩོམ་པ་པོ:ངོམ་ཚེ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/12/1 19:54:30  བཀླགས་ཐེངས:1511][ཡིག་གཟུགས:ཡིག་གཟུགས་མདོག]

ཨེ་ཙིའི་ནད་ཀྱི་དྲ་བ་ཞིག་ངོ་སྤྲོད་ཞུས་པ།

ཉེ་ལམ་གྲོགས་པོ་ཞིག་གི་ངོས་སྦྱོར་འོག་ཁོ་བོས་ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོའི་དགེན་ཐུབ་བསྟན་ཕུན་ཚོགས་སོགས་ཀྱིས་གཙོར་མཛད་ནས་དཀར་མཛེས་བོད་ཀྱི་ཨེ་ཙིའི་ནད་སྔོན་འགོག་གི་དྲ་བ་ཞིག་བཟོས་འདུག་པ་མཐོང་བྱུང་བ་ལྷན་རྒྱས་ལ་འོས་སྦྱོར་ཞུས་ན།

དྲ་གནས་འདི་ལྟར་རེད།   http://www.tapa0836.com/index_tibet.htm

༼ དེ་དང་ཆབས་ཅིག་ཞུ་རྒྱུར།  དེ་རིང་འཛམ་གླིང་ཨེ་ཙིའི་ནད་ཀྱི་ཉིན་མོ་དང་བསྟུན་ཏེ།  སང་ཉིན་གཟའ་པ་སངས་ཀྱི་དགོང་མོའི་ཆུ་ཚོད་༡༠པའི་ཐོག་སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་གིས་༼བྱམས་པའི་ཁ་བརྡའི་༽ལེན་ཚན་ནང་ཨེ་ཙིའི་ནད་ཀྱི་རྒྱུན་ཤེས་དང་སྔོན་འགོག་སྐོར་གྱི་ཁ་བརྡ་ཐུང་ངུ་ཞིག་གཏོང་རྒྱུ་ཡིན་པ་རེད་འདུག་པས་  ལྷན་རྒྱས་ནས་དེ་ལུགས་དོ་སྣང་ཡོད་པར་ཞུ།    དེ་ཉིད་གནངས་ཉིན་གཟའ་སྤེན་པའི་ཉིན་གུང་ཆུ་ཚོད་༡༢དང་སྐར་མ་༤༠ཐོག་བསྐྱར་གཏོང་བྱ་རྒྱུ་ཡིན་པ་རེད་འདུག ༽

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་དང༌། བོད་གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་སུ་གནས་ཡོད་ལ། ཁུལ་ཡོངས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་གཅིག་འབུམ་ལྔ་ཁྲི་སུམ་སྟོང་བརྒྱད་བརྒྱ་བདུན་ཅུ་ཙམ་ཡོད་ལ། མི་འབོར་འབུམ་དགུ་ལྷག་ཡོདཔའི་ནང་ནས་བོད་རིགས་འབུམ་བདུན་ལྷག་ཙམ་ཡོད་པ་རེད། ཁུལ་ཡོངས་ལ་རྫོང་ཁག་བཅོ་བརྒྱད་ཡོད་ཅིང༌། དེ་ལས་ལྕགས་ཟམ་རྫོང་ཕུད་འཕྲོས་གཞན་རྫོང་ཁག་བཅུ་བདུན་ནི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན། དེ་ལས་མི་འབོར་མང་ཆེ་བ་ནི་ཞིང་པདང༌། འབྲོག་པ་ཤ་སྟག་ཡིན་ལ། འགྲིམ་འགྲུལ་དང་སློབ་གསོའི་ཆ་རྐྱེན་ཧ་ཅང་རྗེས་ལུས་ཐེབས་པའི་ས་ཁུལ་ཞིག་ཡིན། སྤྱི་ལོ༢༠༠༠ལོར་དཀར་མཛེས་ཁུལ་དུ་ཨེ་ཙིའི་ནད་པ་ཐེངས་པོ་གསར་རྙེད་བྱུང་བ་ནས་ལོ་ལྟར་ཨེ་ཙིའི་ནད་ཡམས་ཡོད་པའི་མི་གྲངས་ཁ་ཤསའཕར་སྣོན་འགྲོ་ཞིང་ཡོད་པ་རེད།སྤྱི་ལོ་༢༠༠༤ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཐུབ་བསྟན་ཕུན་ཚོགསཀྱིས་དཀར་མཛེས་ཁུལ་དུ་ཨེ་ཙིའི་ནད་ཡམས་ཀྱི་ཉེན་ཁ་སྔོན་འགོག་བྱེད་ཐབས་སྐོར་ལ་འབོད་སྐུལ་ཞུས་པར་བརྒྱུད་ནས། སྤྱི་ལོ༢༠༠༥ལོར་དཀར་ཁུལ་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོ་ཁྲིད་འོག་“དཀར་མཛེས་ཁུལ་བོད་སྨན་ཨེ་ཙིའི་ནད་ཡམས་སྔོན་འགོག་ཞིབའཇུག་མཐུན་ཚོགས་”འཛུགས་རྒྱུའི་ཆོག་མཆན་ཐོབ་པ་རེད། དེ་ནས་ཁུལ་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐད་ཀའི་གོ་སྒྲིག་འོག་རྫོང་ཁགསོ་སོའི་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་དུ་ཨེ་ཙིའི་ནད་ཡམས་སྔོན་འགོགབྱེད་རྒྱུའི་ཐབས་ལམ་དང༌། ཞིབ་འཇུག་ལས་ཀ་འགོ་བཙུགས་ཤིང༌། སྤྱི་ལོ་༢༠༠༦ལོའི་ཟླ་བ་བརྒྱད་པར་ཁུལ་དམངས་སྲིད་ལསཁུངས་དང༌། སྤྱི་བདེ་ལས་ཁུངས་བཅས་ཀྱིས་དངོས་སུ་ཆོག་མཆན་དང༌། དེབ་སྐྱེལ་བྱས་ཏེ། གཞུང་འཛུགས་མིན་པའི་ཚོགས་(NGO)པ་ཞིག་དངོས་སུ་བཙུགས་ཐུབ་པར་བྱུང་བ་རེད།ཚོགས་པའི་ངོ་བོ་དང༌། འོས་འགན། ཁྲིམས་མཐུན་གྱི་ལས་གཞི་སོགས་ཞིབ་གསལ《ཚོགས་པའི་སྒྲིག་ཡིག་》ནང་དུ་གསལ་བར་ལྟར་རོ།                                                                                                                                                                   དཀར་ཆག་ཕྱིར་ལོག།

ཚོགས་གཙོ།

ཐུབ་བསྟན་ཕུན་ཚོགས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་དཔོན་ཆེན་མོ། འབུམ་རམས་པའི་སློབ་སྟོན་པ།

ཚོགས་གཙོ་གཞོན་པ།
རྡོ་རྗེ། དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང༌། ལྷ་རྗེ་ཆེན་མོ།
བསོད་ནམས་ཚེ་རིང༌། དཀར་མཛེས་ཁུལ་སྲིད་གྲོས་དྲུང་ཡིག་ཆེན་མོ།
ཀོ་ཏེ་ཙོང༌། .དཀར་མཛེས་ཁུལ་ནད་ཡམས་སྔོན་འགོག་ལྟེ་གནས་ཀྲུའུ་རེན། ལྷ་རྗེ་ཆེན་མོ།
ཡང་པའོ་ཧྲུའུ། དཀར་མཛེས་ཁུལ་བོད་སྨན་ཁང་གི་ཡོན་ཀྲང༌། ལྷ་རྗེ་ཆེན་མོ།
བདུད་འདུལ། དཀར་མཛེས་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ། ལྷ་རྗེ་ཆེན་མོ།
དཀོན་མཆོག་རྡོ་རྗེ། དཀར་མཛེས་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་གཞོན།
དོན་འགྲུབ་ཚེ་རིང༌། དཀར་མཛེས་ཁུལ་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་ཙཱ་བ་ཆེན་མོ།
བདུད་འདུལ་སྒྲོལ་མ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནད་ཚན་ཁག་གི་ཀྲུའུ་རེན། གཙོ་བཅོས་སྨན་པ།

རྒྱུན་ལས་དྲུང་ཡིག་ཆེན་མོ།
དོན་གྲུབ་ཚེ་རིང༌། རྟ་མགྲིན་ཚེ་དབང༌། ཇོ་སྱེ་མ•ཡེ་དགའ། སངས་རྒྱས་ནོར་བུ་བཅས་ཀྱི་ལས་དོན་སྒྲུབ་ཅིང་ཡོད་པ་རེད།

ཚོགས་མི།
རྫོང་ཁག་སོ་སོའི་འཕྲོད་བསྟེན་ལས་ཁུངས་ཀྱི་དབུ་འཛིན་པ་རྣམས་དང༌། ཁུལ་འཕྲོད་བསྟེན་ལས་ཁུངས་དང༌། ནད་ཡམས་སྔོན་འགོག་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ། དམིགས་གསལ་མི་སྣ་ཚོང་སྤྱི་ཆེན་མོ་ངག་བློ་དང༌།
ལོ་ཙཱ་ཆེན་མོ་ཚེ་རིང་འགྱུར་མེད་སོགས་ཡོད་པ་རེད།                                                                                                                                                                       དཀར་ཆག་ཕྱིར་ལོག།

མ་འོངས་པར་ཚོགས་པའི་ལས་ཀའི་འགྲོ་སོང་གི་ཡོང་ཁུངས་ནི། ཚོགས་མི་སོ་སོས་ཞབས་འདེབས་ཕུལ་བ་རྣམས་གཞིར་བཞག་གི་ཐོག་ཏུ།འབྲེལ་ཡོད་གོང་རིམ་ལས་ཁུངས་སྡེ་ཚན་ཁག་གིས་རོགས་སྐྱོར། རྒྱལ་ཁབ་ཕྱི་ནང་གི་ཁྲིམས་མཐུན་ཅན་གྱི་སྤྱི་ཚོགས།་རོགས་སྐྱོར་ཐེབས་རྩ་ཚོགས་པ་བཅས་ཀྱི་ཞབས་འདེབས་མ་དངུལ་ལ་བརྟེན་ནས་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་དུ་ཨེ་ཙིའི་།ནད་ཡམས་སྔོན་འགོག་གི་ལས་ཀ་དང༌། ཨེ་ཙིའི་ནད་
པ་ལ་རོགས་རམ་གྱི་ལས་ཀ་བསྒྲུབ་རྒྱུ་ཡིན། མ་འོངས་པར་ཚོགས་པའི་ལས་ཀའི་དམིགས་ཡུལ་ཆེན་པོ་གསུམ།
གཅིག
ནད་ཡམས་སྔོན་འགོག་གི་དྲིལ་བསྒྲགས་ལས་ཀ་མིག་སྔར་བོད་ཀྱི་ས་ཁུལ་དུ་ཞིང་འབྲོག་མི་དམངས་རྣམས་སློབ་གསོའི་ཆ་རྐྱེན་ཞན་པའི་སྟབས་ཀྱིས། ཡིག་རྨོངས་ཅན་ཧ་ཅང་མང་བས་དུས་རབས་གསར་པའི་ཚན་རིག་ཀྱི་ཤེས་ཡོན་ཁ་སྟབས་ཧ་ཅང་དམན་པས། འཕྲོད་བསྟེན་རྒྱུན་ཤེས་སྐོར་ལ་ཆ་རྒྱུས་མེད་པ་མ་ཟད། ནད་ཡམས་གསར་པ་ཨེ་ཙི་ལྟ་བུའི་ཉེན་ཁ་དང༌། འབྱུང་སྟངས་གང་འདྲ་ཡིན་ པའི་སྐོར་རྩ་བ་ནས་ ཤེས་ཞིང་ཡོད་པ་མ་རེད།
༡ དེ་བརྟེན་ང་ཚོས་དབྱིན་ཡིག་དང༌། རྒྱ་ཡིག་ཐོག་ཏུ་ཡོད་པའི་འཕྲོད་བསྟེན་རྒྱུན་ཤེས་དང༌། ལྷག་པར་དུ་ཨེ་ཙིའི་ནད་ཡམས་ཀྱི་ཉེན་ཁ་དང༌། ནད་ཡམས་འགོས་ཚུལ།
དེ་སྔོན་འགོག་བྱེད་ཐབས་བཅས་ཡོད་པ་
དེ་དག་བོད་ཡིག་ཏུ་བསྒྱུར་ཞིང་དྲིལ་བསྒྲགས་ཀྱི་ཤོག་བྱང་དང༌། དེབ་ཆུང་སོགས་བསྐྲུན་ནས་གྲོང་གསེབ་སྨན་པ་རྣམས་བརྒྱུད་དེ་ཞིང་འབྲོག་ས་ཁུལ་དུ་ནད་ཡམས་སྔོན་འགོག་གི་ཤེས་བྱ་ཁྱབ་བསྒྲགས་བྱ་རྒྱུ
༢ ཡིག་རྨོངས་རྣམས་ལ་དྲིལ་བསྒྲགས་སྟབས་བདེ་བའི་ཆེད་དུ། དབྱིན་སྐད་དང༌། རྒྱ་སྐད་ཐོག་ཏུ་ཡོད་པའི་ཨེ་ཙིའི་ནད་ཡམས་སྔོན་འགོག་བྱེད་སྐོར་གྱི་འོད་སྡེར་དང༌། བརྙན་ཐག་རྣམས་བོད་སྐད་དུ་སྒྲ་ཕབས་
ནས་གྲོང་གསེབ་དུ་འགྲེམས་སྤེལ་བྱ་རྒྱུ།
༣ དངོས་ཡོད་ཀྱི་ཆ་རྐྱེན་དང་བསྟུན་ནས། ལོ་ལྟར་རྒྱ་རིགས་དང༌། ཕྱི་རྒྱལ་གྱི་སྨན་པ་མཁས་པ་གདན་འདྲེན་ཞུ་ནས། ལོ་ལྟར་དུས་ཐོག་ཏུ་གྲོང་གསེབ་སྨན་པའི་ཟབ་སྦྱོང་དང་འཛིན་གྲྭ་འཛུགས་ནས་ཁོ་ཚོའི་
ཤེས་ཡོན་ཁ་སྟབས་ཇེ་མཐོར་བཏང་རྒྱུ་དང༌། གྲོང་གསེབ་སྨན་པ་རྣམས་བརྒྱུད་ནས། ཉལ་ཐ་འགོག་རྒྱུ་དང༌། མཇེ་ཤུབས་སྤྱོད་སྟངས་སྐོར་ངོ་སྤྲོད་དང༌། ཁྱབ་སྤེལ་གཏོང་རྒྱུའི་ལས་ཀ་བཅས་བསྒྲུབ་རྒྱུ་ཡིན།
༤ ལོ་ལྟར་ཨེ་ཙི་སྔོན་འགོག་ཚོགས་པས་རྩ་འཛུགས་བྱ་སྟེ། ཞིང་འབྲོག་ས་ཁུལ་དུ་ཨེ་ཙི་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་དང༌། དབུལ་ཕོངས་ས་ཁུལ་དུ་སྨན་བཅོས་བྱེད་སར་ཐེངས་རེ་གཉིས་ཙམ་འགྲོ་ཐུབ་
པར་བྱ་རྒྱུ་བཅས་ཡིན།

གཉིས།
ནད་པ་ལ་རོགས་སྐྱོར་དང༌། སྨན་རྫས་གསར་པ་ཞིབ་འཇུག ད་ཡོད་ཀྱི་ཨེ་ཙིའི་ནད་པ་རྣམས་ལ་གཟུགས་སྟོབས་བསྐྱེད་ཡས་དང༌། སྲིན་འབུའི་ནད་ཡམས་འཇོམས་བྱེད་དང༌། ཟུག་རྔུུ་འཇོམས་བྱེད་བཅས་ཀྱི་
བོད་སྨན་སྟེར་རྒྱུ་དང༌། དུས་མཚུངས་སུ་མདོ་དབུས་མཐོ་སྒང་དུ་སྐྱེས་པའི་རྩྭ་སྨན་རྣམས་ཀྱི་ནང་ནས། རྩྭ་སྨན་གང་ཞིག་ལ་འབྱུང་བའི་རྡུལ་རྫས་གང་ཞིག་ཡོད་པ་གསོ་རིག་གཞུང་དུ་བསྟན་པ་དེ་དག་གོམ་
གང་མདུན་སྤོས་ཀྱི་སྒོ་ནས་ཞིབ་འཇུག་གི་འབྲས་བུ་གསར་པར་མབརྩོན་རྒྱུ་དང༌། དེང་རབས་རྫས་འགྱུར་དང༌། སྲོག་ཆག་རིག་པ་བཅས་དང་འབྲེལ་ནས་ཞིབ་འཇུག་བྱ་སྟེ། བོད་ཀྱི་གསོ་རིག་གཞུང་ལྟར་ཨེ་ཙིའི་
ནད་ཡམས་ལ་ཕན་པའི་སྨན་རྫས་གསར་པ་འཚོལ་ཞིབ་བྱ་རྒྱུ་བཅས་ཡིན།
གསུམ།
ཨེ་ཙིའི་ནད་པའི་ཆེད་དུ་ “ལུས་སེམས་གསོ་སྦྱོང་ཁང་”འཛུགས་རྒྱུ། བོད་ཀྱི་ས་ཁུལ་ནི་རི་མཐོ། གནམ་གཤིས་གྲང༌། སྡེ་འབངས་ཁ་འཐོར་བའི་རྐྱེན་བའི་རྐྱེན་གྱིས་ཨེ་ཙིའི་ནད་པ་རྣམས་ཀྱི་འཚོ་བའི་ཆ་རྐྱེན་
དང༌། འཕྲོད་བསྟེན་ཆ་རྐྱེན་ཧ་ ཅང་ཞན་པའི་སྟབས་ཀྱིས་དུས་རྒྱུན་དེ་གི་འཚོ་བ་དང༌། འཕྲོད་བསྟེན་ལ་ཁག་ཐེག་ཡོད་བ་མ་རེད། དེར་བརྟེན་ད་ལྟ་དཀར་མཛེས་ཁུལ་གྱི་ཨེ་ཙིའི་ནད་པ་གྲངས་མང་པོ་མེད་
སྟབས། “ལུས་སེམས་གསོ་སྦྱོང་ཁང་”ཞིག་འཛུགས་ཏེ། དེར་ཨེ་ཙིའི་ནད་པ་རྣམས་ལྷན་ཏུ་འཚོ་བ་སྤྱོད་ཆོག་པ་དང༌། ལྷན་གཅིག་ཏུ་ཁ་འདོན་དགེ་སྦྱོར་དང༌། སྒོམ་ཉམས་ལེན་བྱེད་འདོད་ཡོད་ན་བྱེད་ཆོག་
པ་དང༌། དེ་ལྟར་ཆོས་དད་བྱེད་མེད་མཁན་ལ་ཤོ་དང༌། བགས། མ་ཅང༌། ཕུ་ཁེ་སོགས་རྩེད་རིགས་སྣ་ཚོགས་རྩེད་ས་ཡོད་པ་དང༌། དུས་བཞིའི་རྒྱུན་མཁོའི་གོས་ཆས་དང༌། ཉལ་ཁང༌། ཉལ་ཆས་བཅས་གཅིག་གྱུར་
གྱི་བཀོད་སྒྲིག་ཡོད་པ་དང༌།ཉིན་རེ་རྒྱན་མཁོའི་སྨན་དང༌། ཟ་མ་ཐེངས་ གསུམ་རེ་མཁོ་སྤྲོད་བྱེད་ཐུབ་པར་ཞིག་བྱུང་ན་ནད་པ་དང༌། སྤྱི་ཚོགས་གཉིས་ཀ་ལ་ཕན་ཐོག་ཧ་ཅང་ཆེ་བར་མཐོང༌།
དཀར་ཆག་ཕྱིར་ལོག།

ཚོགས་པའི་གནས་ཡུལ། ཀྲུང་གོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་འོད་གསལ་སྲང་ལམ་སྒོ་རྟགས་ཨང་༢༦པར།
སྦྲག་སྲིད་ཨང་གྲངས། ༦༢༦༠༠༠

དར་མདོར་འབྲེལ་བ་བྱ་ཡུལ།
དོན་གྲུབ་ཚེ་རིང༌། ཁ་པར། ༡༣༩༩༠༤༥༥༡༧༧
དྲྭ་རྒྱའི་ཁ་བྱང་། WWW.tapa0836.com
དབྱིངས་འཕྲིན་ཁ་བྱང་།
tapa0836@gmail.com
པེ་ཅིང་འབྲེལ་བ་བྱ་ཡུལ། ཐུབ་བསྟན་ཕུན་ཚོགས། ཁ་པར། ༡༣༥༢༡༥༡༡༢༢༩
དཀར་ཆག་ཕྱིར་ལོག།

Copyright © 2008-2013 tapa0836.com All rights reserved
E-mail : tapa0836@gmail.com

·གསར་འགྱུར་གོང་མ:གླུ་བ་ཨ་བསམ་གྱི་ཆེད་སྒྲིག་བརྙན་འཁོར་ཐོག་མ་འགྲེམ་སྤེལ།
·གསར་འགྱུར་འོག་མ:བོད་ཡིག་མཉེན་ཆས་དྲ་བ་གསར་པ་ཞིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:01:38 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:13:56 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 12:16:05 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.00MS