ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

བརྩེ་བའི་སློབ་གྲ། མི་གསུམ་བར་གྱི་གསང་བ།

[རྩོམ་པ་པོ:བསོད་ནམས་མཆོག་ལྡན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/11/7 22:42:00  བཀླགས་ཐེངས:1215][ཡིག་གཟུགས:ཡིག་གཟུགས་མདོག]
བརྩེ་བའི་སློབ་གྲ།
ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བྱིས་པར་སློབ་གསོའི་གཏོང་བའི་མྱོང་ཆར་གྱི་ཉིང་ཁུ།
སྐབས་དང་པོ། ཕྲུ་གུར་བྱམས་སྐྱོང༌།

མི་གསུམ་བར་གྱི་གསང་བ།

བསོད་ནམས་མཆོག་ལྡན་གྱིས་བསྒྱུར།

ཐུགས་སྤྲོ་མ་བཞེས།  ཁྱེད་ཀྱིས་བྱིས་པ་འདིའི་སྐད་ཆ་ཞིག་ལ་གསན་རོགས་ཨེ་གནངའདི་ནི་ངས་ཟོང་མང་ཚོང་ཁང་གི་རྩེད་ཆས་ཚོང་སྟེགས་སུ་ལས་ཀ་བྱེད་སྐབས་འཕྲད་པའི་ཚེ་གང་བརྗེད་པར་དཀའ་བའི་བྱ་བ་ཞིག་རེད།
ང་ལ་ལོ་ན་སུམ་ཅུར་སོན་པའི་སྐྱེས་མ་ཞིག་གིས་སྐད་བཏང་བྱུང༌།  སྐྱེས་མ་དེའི་གམ་དུ་སློབ་ཆུང་ལོ་རིམ་དང་པོ་གཉིས་པ་འདོན་མཁན་གྱི་བྱིས་པ་ཞིག་འཇིགས་སྐྲག་དང་བཅས་ཙོག་པུར་ལངས་འདུག །བྱིས་པ་དེའི་ཁ་སྟར་ཀ་བཞིན་བཙུམས་ཤིང་མིག་ཟུང་ས་རུ་ཕབ་འདུག །
ཁོའི་སྐྱེས་མས་སྐད་གདངས་དྲག་པོས་མགྱོགས་ཙམ་གྱིས།  ཨ་ཞེ་འདིར་བྲེལ་བ་ཡོད་རེདཅེས་སྨྲས་སོང༌།  ངའི་སྣང་བར་མཁའ་དབུགས་ཀྱི་རྒྱུ་བ་ཆད་པའི་ཚོར་བ་སྐྱེ།  ཡང་སྙིང་དོན་ཅི་ཞིག་བྱུང་བ་ཡིན་ནམ་སྙམ།  ངས་འོལ་ཚོད་བྱེད་བཞིན།  མ་སྨད་གཉིས་ཀར་མིག་གིས་ཡང་ཡང་བལྟས།  སྐབས་དེར།  ངས་བྱིས་པ་དེའི་ལག་ཆུང་ནང་ཅ་དངོས་ཤིག་བཟུང་ཡོད་པ་མཐོང༌།  ཁོའི་ལག་པ་ད་དུང་ཅུང་འདར་གྱི་འདུག །དེ་ནི་དེ་དུས་བྱིས་པ་ཚོས་དགའ་སྣང་ཆེན་པོ་བྱེད་པའི་རྩེད་ཆས་ཤིག་རེད།  རྩེད་ཆས་འདི་འདྲ་ཚོང་ཁང་ནང་འདྲེན་ཐེངས་རེར་ཚང་མས་ཧབ་ཐོབ་རྒྱབ་ནས་ཉོས་པས་ལམ་སེང་རྫོགས་འགྲོ་བ་མ་ཟད་ད་དུང་རྐུ་ལ་ཤོར་བའི་ཁ་གྲངས་དེའང་བཙོངས་པའི་གྲངས་ལས་ཉུང་བ་མེད།
གང་བྱས་སོང༌།  ཁྱོད་ཀྱིས་ཅི་ཡང་མི་ཤོད་པ་ཨེ་ཡིན་ཁོའི་སྐྱེས་མ་དེ་སྤྲོ་རབ་ཏུ་ལངས།  མིག་ཀྱང་མཆི་མས་བརླན་པར་གྱུར།  བྱིས་པའི་དབུགས་རྔུབ་གཏོང་ཇེ་མགྱོགས་སུ་ཕྱིན་ནས་མཐར་རང་དབང་མེད་པར་ངུས་བྱུང༌།  ངའི་སྙིང་ཁར་གློ་བུར་དུ་ཅི་ཞིག་བསྣུན་པ་ལྟར་གྱུར་ཞིང༌།  སླར་བྱིས་པ་དེའི་གདོང་ལ་བལྟས་ཤིང་སེམས་སུ་ཅིས་ཀྱང༌ཁོ་ལ་སྐད་ཆ་ཚིག་ཁ་ཤས་ཤིག་བཤད་དགོས།  སྐད་ཅིག་མའི་ཡུན་འདིས་བྱིས་པའི་སླད་ཕྱིན་གྱི་མི་ཚེ་ལ་ཤུགས་རྐྱེན་ག་ཚད་ཐེབས་ངེས་རེད་སྙམ།
སྐབས་དེར།  ཁོས་ལག་པ་མི་འདོད་བཞིན་དུ་བརྐྱངས་བྱུང༌།  འཕུར་མཉེད་བཏང་བས་རྙིང་ཧྲུལ་དུ་གྱུར་པའི་འཐུམ་སྒྲིལ་ནང་ནས་རྩེད་ཆས་ཕྱིར་མངོན་གྱི་འདུག །
ངས་འཁྱེར་བསམ་མ་བྱུང་ཡང … …” ཁོས་ནུས་ཤུགས་ཡོད་རྒུ་བཏོན་མཐར་སྐད་ཆ་འདི་སྨྲ་སྒོ་ལས་བུད་ཐུབ་ཙམ་བྱུང༌།  ངས་ད་ལྟའང་དྲན་སོས་པ་ཞིག་ལ་བྱིས་པ་དེས་མཇུག་ཏུ་ངུ་ངག་དང་བཅས་ཐུགས་སྤྲོ་མ་ལངས་རོགས་ཞེས་ཚིག་ཅིག་སྨྲས་སོང༌།   དུས་དེའི་སྐྱེས་མའི་གདོང་གི་རྣམ་འགྱུར་ནི་བརྗོད་པའི་ཡུལ་ལས་འདས།   ངས་བསམ་ན་མོས་ད་གཟོད་བློ་བདེ་སེམས་བདེའི་དབུགས་རིང་ཞིག་བཏང་ཐུབ་སོང་སྙམ།
དེ་རྗེས།  སྐྱེས་མ་དེས་ཚིག་ཐག་ཆོད་པོས།  ཁྱེད་ཀྱིས་འགན་ཁུར་བར་སྐད་གཏོང་གནང་རོགས།  ངས་ཁོང་ལ་ཞུས་ཆོག་ཅེས་ཟེར།   སྐབས་དེར།  ངས་ཐེངས་དང་པོར་སྐྱེས་མས་བྱིས་པར་བརྩེ་སེམས་ཟབ་མོ་ཡོད་པ་དང་བྱིས་པར་སློབ་གསོ་རྒྱག་རྒྱུ་དེའང་ལས་སླ་པོ་ཞིག་མིན་པའི་ཚོར་སྣང་དང༌།   སྐྱེས་མའི་མཛངས་སྤྱོད་དེར་སེམས་འགུལ་ཟབ་མོ་ཐེབས་བྱུང༌།  དེ་འདྲ་དགོས་མ་རེད།   ངས་རྩེད་ཆས་འདིའི་རིན་པ་ལེན་ཆོག །བྱ་བ་འདི་ངེད་ཅག་གསུམ་དབར་གྱི་གསང་བ་ཞིག་ཏུ་བརྩི།   བྱིས་པས་ཀྱང་རང་ཉིད་ནོར་བ་ཤེས་འདུག །ད་དེས་ཆོག་གི་རེདཅེས་རང་གི་བསམ་ཚུལ་གྱི་ཕྱེད་ཙམ་སྨྲས་པ་དང་ཆབས་ཅིག་མིག་ཆུའང་མཁུར་ཚོས་བརྒྱུད་ནས་བྲང་ཁར་ལྷུང་བྱུང་།   སྐྱེས་མ་དེའི་མགོ་བོ་སྒུར་ཙམ་སྒུར་ཙམ་ངང་གནོང་འགྱོད་དང་བཅས་ང་ལ་དགོངས་དག་ཐེངས་ཁ་ཤས་ཞུས་པའི་གཟུགས་བརྙན་དེ།  དུས་ད་ལྟའང་ངའི་དྲན་ཤེས་ངོས་སུ་གནས་ཤིང༌།   ཇི་སྲིད་བར་བརྗེད་པར་མི་འགྱུར།

འཇར་པན།   སུང་མུའུ་ཡོའུ་ཙི།
·གསར་འགྱུར་གོང་མ:ཨེ་མ་ཧོའི་རྒྱལ་སྤྱིའི་སྐད་ཡིག་ཞིབ་འཇུག་ཚོགས་འདུ།
·གསར་འགྱུར་འོག་མ:བོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རྩོམ་ཡིག་བསྡུ་བའི་བརྡ་ཐོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:52:58 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:08:22 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:34:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS