
ཀྲུང་གོའི་བོད་ལྗོངས་ཀྱི་མཛེས་རྩལ་གླེང་སྟེགས་པེ་ཅིང་དུ་བསྡུ་བ།
ཟླ10བའི་ཚེས27ཉིན། ཀྲུང་གོའི་བོད་ལྗོངས་དྲ་བ་དང་། ཀྲུང་གོའི་སྣུམ་རིས་གླིང་། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གོའི་རི་མོ་བའི་མཐུན་ཚོགས་ཀྱིས་སྣེ་སྟོན་བྱས་པའི“ཀྲུང་གོའི་བོད་ལྗོངས་ཀྱི་མཛེས་རྩལ་གླེང་སྟེགས”པེ་ཅིང་དུ་བསྡུས་ཤིང་། གླེང་སྟེགས་སྟེང་བོད་ལྗོངས་མཛེས་རྩལ་ཀྱི་འཛིན་སྐྱོང་སྤེལ་གསུམ་ཐད་རྩད་སྡུར་རྒྱ་ཆེན་པོ་བྱས། ཐེངས་འདིའི་གླེང་སྟེགས་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ཚོགས་ཐེངས་དང་པོ་ཡིན་པ་མ་ཟད། བོད་ལྗོངས་མཛེས་རྩལ་ལོ་རྒྱུས་སྟེང་གི་བོད་ལྗོངས་མཛེས་རྩལ་ཆེད་དོན་གླེང་སྟེགས་ཐོག་མ་ཡིན་པ་རེད།

“འཆམ་མཛེས་བོད་ལྗོངས”ཀྱི་མཛེས་རྩལ་འགྲན་སྡུར་སྟེང་ཆེད་དུ་གདན་འདྲེན་ཞུས་པའི་རི་མོ་མཁན་ལྷག་པ་ཕུན་ཚོགས་ལགས་ཀྱིས་གླེང་སྟེགས་སྟེང་དཔྱད་བརྗོད་སྤེལ་བཞིན་པ།
ཀྲུང་གོའི་རི་མོ་བའི་མཐུན་ཚོགས་དང་། ཀྲུང་གོའི་སྣུམ་རིས་གླིང་། བོད་ལྗོངས་རི་མོ་བའི་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་དང་། བོད་དང་འབྲེལ་བའི་རི་མོ་མཁན་གྲགས་ཅན། དེ་མིན་སྐབས་དང་པོའི“འཆམ་མཛེས་བོད་ལྗོངས”ཀྱི་མཛེས་རྩལ་བརྩམས་ཆོས་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་རི་མོ་བ་སོགས་མི40 ལྷག་གླེང་སྟེགས་ལ་ཞུགས།

ཀྲུང་གོའི་བོད་ལྗོངས་ཀྱི་མཛེས་རྩལ་ཆེད་དོན་གླིང་སྟེགས་བསྡུ་བའི་ཡུལ་དངོས།
རྒྱུས་ལོན་པ་ལྟར་ན་ཀྲུང་གོའི་བོད་ལྗོངས་མཛེས་རྩལ་གླེང་སྟེགས་འདི“འཆམ་མཛེས་བོད་ལྗོངས”ཀྱི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ཁྲོད་ཀྱི་རིམ་པ་གཙོ་བོ་ཞིག་ཏུ་གྲུབ་ཅིང་། འགྲེམ་སྟོན་སྤེལ་བ་དང་སྡེབ་ནས་ལོ་གཉིས་ནང་དུ་ཐེངས་གཅིག་ལ་བསྡུ་བ་རེད།