ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔེ་འཕྲིན
  གསར་འགྱུར་ཀློག་པ།

ཨེ་མ་ཧོའི་རིག་མཛོད་ཁང་གི་གསལ་བསྒྲགས།

[རྩོམ་པ་པོ:འོད་གསལ་མཐའ་ཡས།  ཡོང་ཁུངས:ངེད་་དྲ་བ།  དུས་ཚོད:2011/10/21 18:17:24  བཀླགས་ཐེངས:1307][ཡིག་གཟུགས:ཡིག་གཟུགས་མདོག]
ཨེ་མ་ཧོའི་རིག་མཛོད་ཁང་གི་གསལ་བསྒྲགས། །
 
    ཨེ་མ་ཧོའི་བོད་རྒྱལ་སྤྱིའི་དཔེ་མཛོད་ཁང་འདི་ནི། སྒ་སྟོད་ཇོ་བོ་ཞལ་དཀར་གྱི་མདུན་ཞོལ་གསེར་གཤིས་ཁོག་ཏུ་བཞེངས་ཡོད། འདི་ནི་མཁན་ཆེན་བླ་མ་དམ་པ་དཔལ་དགྱེས་པ་རྡོ་རྗེས་ཡུན་རིང་ཐུགས་ལ་བརྣགས་པའི་གལ་ཆེའི་དགོངས་གཞི་ཞིག་ཡིན་པ་དང་།  མ་ཚད་བོད་རང་གི་རིག་གཞུང་རིས་མེད་ཀྱི་ཞིབ་འཇུག་བྱེད་སའི་ལྟེ་གནས་ངོ་མ་དང༌། ཨེ་ཝྃ་ཆོས་སྨན་གླིང་གི་ཆ་ཤས་ཡིན། ལྷག་པར་རིས་སུ་མ་ཆད་པའི་བགྲོ་གླེང་གི་གླེང་སྟེགས་ཞིག་ཀྱང་ཡིན། ཁྱད་པར་དུ་རྫ་སྟོད་གྲོང་གི་དགོན་སྡེའི་མི་དམངས་ཀྱི་ཆེད་དུ་གཟའ་སྤེན་པ་དང་ཉི་མའི་དུས་སྐབས་དང་བསྟུན་ནས་དཔེ་ཀློག་ཀུན་ལ་རིན་མེད་དང་། རང་དབང་གང་འདོད་དང་། ཁམས་སངས་པའི་དཔེ་ཀློག་གནང་བའི་བཞུགས་གནས་ཀྱང་གང་བདེ་ཡོད། དུས་ཐུན་གྱི་ཚད་དང་ལྡན་པའི་སྟབས་བདེའི་གསོལ་ཇ་ནི། སྨན་ཇ་དང་། ཇ་ནག  མངར་ཇ། འོ་ཇ། ཚྭ་ཇ། རྩམ་ཇ། ཇ་ཐང་། རྒྱ་ཇ། དྭངས་གཙང་གི་ཆུ་ཚ་གྲང་། འོ་ཞོ་དང་། ཤ་མེད་ཀྱི་འཐེན་ཐུག་སོགས་གང་དགོས་དང་། བྱེ་ཐུད་སྣ་ཚོགས་དང་། བོད་ཐུད་ཚོ་པོ། གྲོ་འབྲས་སྲན་ཐུད། ཤིང་ཏོག་འདྲ་མིན་རིགས་ཀྱི་ཞིམ་པོའི་བཟའ་བཅའ་སྣ་ཚོགས་པ་རིན་བདེའི་མངགས་གཏོང་བྱས་ནས་ཉོ་ཆོག་གོ ། ཆོས་མཐུན་གྱི་གློག་བརྙན་དང་། གློག་འཕྲིན་ཁང་ཡང་ཡོད། སྔ་དྲོ་ཆུ་ཚོད་དགུ་ནས་ཕྱི་དྲོ་ཆུ་ཚོད་དགུ་བར་དུས་ཚོད་བཅུ་གཉིས་རིང་ལ་ཡིན།
ཐག་རིང་གི་མགྲོན་པོ་ལ་མགྲོན་ཁང་ཡང་ཉེ་སར་ཡོད། དགའ་བསུ་དང་ལེན་ཞུ་ཆོག ། གཙོ་བོ་བོད་ཀྱི་སྐད་ཡིག་ཟབ་སྦྱོང་དང་། ཨེ་ཝྃ་རིག་པའི་མེ་ལོང་གི་ལོ་དེབ་དང་། བོད་སྤྱི་ཁྱབ་ཀྱི་རིག་གཞུང་ཁག་དང་འབྲེལ་ཡོད་ཤེས་བྱའི་ཡིག་ཆ་གལ་ཆེའི་རིགས་མཁོ་སྒྲུབ་ཀྱིས་ཉར་ཚགས་དང་ཞིབ་འཇུག  དཔར་སྐྲུན་སོགས་ཀྱི་ལས་དོན་ཐམས་ཅད་ལ་འབད་བརྩོན་རྒྱ་ཆེན་བསྒྲུབ་ཀྱིན་ཡོད་ལགས་སོ།
འོད་གསལ་མཐའ་ཡས་ཀྱིས་ཨེ་ཝྃ་ཆོས་སྨན་ཁང་དུ་བྲིས་པ་དགེའོ། །
·གསར་འགྱུར་གོང་མ:སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བའི་མཛད་སྒོ།
·གསར་འགྱུར་འོག་མ:༢༠༡༡ལོའི་ཀྲུང་གོའི་བོད་གཞས་རྟིང་རྩོད་འགྲན་བསྡུར་།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བརྡ་འཕྲིན་དུས་རབས་དང་སྐད་འཕྲིན་སྐོར་གླེང་བ། 2014/3/10 19:53:54
·སྙན་ངག་པའི་དུས་སྟོན་དང་སྙན་ངག་མྱོང་རོལ། 2011/11/29 14:45:11
·སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་གི་བརྡ་སྦྱོར། 2011/11/23 12:28:44
·བོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རྩོམ་ཡིག་བསྡུ་བའི་བརྡ་ཐོ། 2011/11/7 23:15:31
·རང་སྦྱོང་རྒྱུགས་སྤྲོད་སློབ་མ་བསྡུ་བའི་བརྡ་སྦྱོར། 2011/10/11 22:37:53
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:Tommy
I enjoy travelling http://toroporno.in.net/ torporno  ** Italy`s stock market regulator Consob said it has starteda procedure that is likely to force bidders for Camfin, the holding company that controls tire maker Pirelli, to increase their bid price.
发表时间:2019/12/23 0:04:08 [来自: 5.188.211.35]

 评论者:Myron
I`m a partner in  http://ixxx.in.net/ i.xxx  The sides have now reached an "overall understanding" oneconomic issues, but remain at odds over workplace rules,according to Roxanne Sanchez, who represents one of two mainunions in talks with management.
发表时间:2019/12/22 22:36:38 [来自: 5.188.211.35]

 评论者:caggmwcqwh
lZ2JUe  <a href="http://bseuhtnkgkur.com/">bseuhtnkgkur</a>, [url=http://ljaxkdhutzra.com/]ljaxkdhutzra[/url], [link=http://cplcumffidcp.com/]cplcumffidcp[/link], http://bnwcertzkvyq.com/
发表时间:2019/12/22 1:29:45 [来自: 5.188.211.35]

འབྲེལ་ཡོད་དཔྱད་བརྗོད 161 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།48.83MS