ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བའི་མཛད་སྒོ།

[རྩོམ་པ་པོ:མི་བུ།  ཡོང་ཁུངས:ཁམས་པའི་དྲ་བ།  དུས་ཚོད:2011/10/21 0:05:43  བཀླགས་ཐེངས:1374][ཡིག་གཟུགས:ཡིག་གཟུགས་མདོག]

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བའི་རྟེན་

འབྲེལ་གྱི་མཛད་སྒོ་བསྡུས་པ།

གོང་རིམ་ནས་བཀྲ་ཤིས་པའི་ལེགས་སྐྱེས་གནང་བ།

ཟླ10པའི་ཚེས18ཉིན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བའི་དགའ་སྟོན་མཛད་སྒོ་དེ་གཡག་རྭ་ལུང་པའི་བོད་ཡིག་སློབ་གྲྭའི་ནང་འཚོགས་ཤིང་། ས་ཕྱོགས་སོ་སོ་ནས་ཕེབས་པའི་དབུ་ཁྲིད་དང་སློབ་གྲོགས་རྣམས་མཉམ་དུ་འཛོམས་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལོ་འཁོར་སུམ་བཅུ་ལོན་པར་རྟེན་འབྲེལ་ཞུས་པ་རེད།
སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་ཆུས་མུའུ་ཧྲི་ཧྭ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཁྲིད་བློ་བཟང་། ཞིང་ཆེན་གྱི་དབུ་ཁྲིད་རྒན་པ་གཡང་གླིང་རྡོ་རྗེ། ཨ་འཕྲིན། རྒྱལ་ཁབ་དམངས་ཨུའི་སློབ་གསོ་ཁྲུའུ་ཡི་འགོ་གཙོ་ཀྲུའུ་ཞའོ་མེ། སི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་གྱིང་ཆོན་ལིང་། དཀར་མཛེས་ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིས་ཁང་། དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་ཀྱི་འགོ་གཙོ་གཞོན་པ་ལིས་ཆིས་ཧྥུའུ། ཁུལ་དཔོན་གཞོན་པ་བྱང་ཆུབ། སྲིད་གྲོས་ཀྲུའུ་ཞི་གཞོན་པ་རྡོ་རྗེ་བཀྲ་ཤིས། སི་ཁྲོན་མི་རིགས་སློབ་གླིང་གི་གླིང་གཙོ་གཞོན་པ་ལིང་ལིས་སོགས་དབུ་ཁྲིད་རྣམ་པ་ཐེངས་འདིའི་མཛད་སྒོའི་སྟེང་ཞུགས་ཡོད་པ་རེད།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་ཆོས་དགའ་ལགས་ཀྱིས་མཛད་སྒོའི་སྟེང་གསུང་བཤད་གནང་བཞིན་པ།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་རྩ་བ་དང་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་བྱས་པའི་གནའ་དེང་རིག་གནས་བསླབ་སའི་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ཞིག་ཡིན་ལ་ད་དུང་དངོས་ཚན་དང་ཆེད་ཚན། ལས་བྱེད་ཟབ་སྦྱོང་འཛིན་གྲྭ་སོགས་རིམ་པ་མི་འདྲ་བའི་འཛིན་གྲྭ་སྣ་མང་ཞིག་ཡོད་པའི་ཕྱོགས་འདུས་རང་བཞིན་གྱི་འབྲིང་གཉེར་སློབ་གྲྭ་ཞིག་ཀྱང་ཡིན། སྤྱི་ལོ1981ལོའི་ཟླ10པའི་ཚེས5ཉིན་ལྷག་བསམ་ཤིན་ཏུ་དཀར་བའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་བཀྲ་ཤིས་ཚེ་རིང་སོགས་འབྲེལ་ཡོད་དབུ་ཁྲིད་རྣམ་པའི་ཐུགས་བསྐྱེད་ཡང་དག་པའི་བཀའ་དྲིན་འོག་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་དུ་སི་ཁྲོན་ཞིང་ཆེན་སྡེ་དགེ་བོད་ཡིག་སློབ་གྲྭ་དངོས་སུ་བཙུགས་ཤིང་། དེ་དུས་གཙོ་གནད་སློབ་གྲྭའི་དགེ་རྒན་དུ་བྱོན་པའམ་གདན་ཞུའི་དགེ་རྒན་དུ་ཕེབས་པ་ནི་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་དང་ལྔ་རིག་སྨྲ་བ་མཁན་ཆེན་པད་མ་ཚེ་དབང༌། དིལ་མགོ་མཁྱེན་བརྩེ། ཁྲོ་རུ་མཁན་ཆེན་ཚེ་རྣམ། སྦྲ་སྐོར་མཁན་ཆེན་ཐུབ་ནོར། སྡེབ་རིས་སྲོལ་འབྱེད། ཐང་བླ་ཚེ་དབང༌། རྫོགས་ཆེན་མཁན་པོ་ཐུབ་དབང༌། དིལ་ཆུང་མཁན་པོ་བློ་ཆོས། མཆོག་སྤྲུལ་པད་མ་སྐལ་བཟང༌། རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ། སྐུ་ནུབ་མཁན་པོ་འོད་ཟེར། མདོ་རྗེ་བཙུན་མ་ཟླ་གསལ་དབང་མོ། ཚ་ཚ་སྒྲུབ་རྒན་ཀརྨ་སེང་གེ། ཏྲེ་ཧོར་དགེ་བཤེས་བློ་བཟང་དོན་འགྲུབ། དགེ་མང་མཁན་པོ་ཚེ་རིང་ཉི་མ། གསོ་རིག་མཁས་ཆེན་གོ་འཇོ་དབང་འདུས། མཁས་དབང་སྐལ་བཟང་འགྱུར་མེད། སྐད་གཉིས་སྨྲ་བ་འབའ་སྐལ་བཟང་ཆོས་འཕེལ། རྗེ་དམུ་དགེ་བསམ་གཏན་སོགས་སྐྱེས་ཆེན་དམ་པ་མང་པོས་ཐུགས་གནང་མཛད་ཡོད།

མཐར་ཕྱིན་སློབ་མའི་འཐུས་མི་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

སྤྱི་ལོ1983ལོའི་ཟླ9པར་སློབ་གྲྭའི་དགེ་སློབ་ལས་བཟོ་ཕྱེད་ཀ་སྐབས་དེའི་མགར་ཐང་རྫོང་དུ་ཡོད་པའི་རྫོང་ལས་གནས་ཁང་དུ་སྤོས་ཏེ་གནས་གཞི་གཡར། དེའི་ཕྱིས་སུ1985ལོའི་ཟླ7པར་རྟའུ་རྫོང་དུ་སྤོས། ལོ་དེར་སློབ་གྲྭའི་མཚན་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་པར་བསྒྱུར། 1994ལོའི་ཟླ3པའི་ཚེས18ཉིན་དར་མདོ་གཡང་རྭ་ལུང་པར་དངོས་སུ་སྤོས་ཤིང་དུས་ད་ལྟའི་བར་ལོ་འཁོར28རིང་གི་སློབ་གྲྭ་འདི་ཉིད་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སློབ་གྲྭ་འདིར་ཆེད་སྦྱོང་དུ་བོད་ཀྱི་སྐད་ཡིག་དང་གསོ་བ་རིག་པ། བཟོ་རིག་པ། བོད་རྒྱ་ཡིག་སྒྱུར། བོད་རྒྱ་དྲུང་ཡིག བོད་རྒྱ་རྩིས་འཕྲུལ། ལས་བྱེད་ཟབ་སྦྱོང༌། དགེ་རྒན། བོད་རྒྱ་རིག་གནས་ཡུལ་སྐོར་བཅས་དང༌། གཞན་ཡང་དངོས་ཚན་དང་ཆེད་ཚན་ལས་བྱེད་ཟབ་སྦྱོང་བཅས་འདུས་པའི་རིམ་པར་སླེབས་ཡོད།      བོད་ཡིག་སློབ་གྲྭ་དེ་ནས་སྔོན་མཐར་ཕྱིན་པའི་སློབ་མ་ཁྱོན་བསྡོམས2000ལྷག་གསོ་སྐྱོང་བྱས་ཤིང་སློབ་མ་དེ་དག་ལས་གང་མང་ཞིག་ནི་ད་ལྟ་ས་ཁུལ་གང་ཕྱོགས་སུ་ཁྱབ་ཡོད་པ་མ་ཟད་བོད་ཀྱི་རིག་གནས་ཀྱི་ལས་ཀར་ཕྱོགས་ཡོངས་ནས་ནུས་ཤུགས་ཆེས་ཆེར་འདོན་པ་དང་རླབས་ཆེན་གྱི་བྱ་དོན་ཡང་གང་ལེགས་སྒྲུབ་ཀྱི་ཡོད། དེ་ལྟར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཆོག་གྱུར་གྱི་ལས་ཀ་རིམ་པ་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་ཞིང༌། ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་འགོ་ཁྲིད་དང་ལས་ཁུངས་སོ་སོ་ནས་བྱ་དགའ་རིམ་པ་གང་མང་གནང་ཡོད། ཁྱད་པར་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་དབུ་འཛིན་པ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་སློབ་གྲྭར་ལས་དོན་གཟིགས་ཞིབ་ཏུ་ཕེབས་སྐབས་སློབ་གྲྭའི་ལས་དོན་ལ་གཟེངས་བསྟོད་དང་གདེང་འཇོག་ཆེན་པོ་གནང་བར་མ་ཟད་རིན་པོ་ཆེ་རང་ནས་སློབ་གྲྭའི་མཚན་འཛིན་སློབ་གཙོ་གཞོན་པའི་འགན་བཞེས་གནང་རྒྱུ་ཞལ་གྱིས་བཞེས།

སློབ་མ་རྣམས་ཀྱིས་སློབ་གསེང་སྐབས་སྐོར་བྲོ་འཁྲབ་བཞིན་པ།

མདོར་ན་འདས་པའི་དུས་ཀྱི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་བོད་ཀྱི་རིག་གནས་བསླབ་ཡུལ་ཡིན་ལ་མ་འོངས་པའི་དུས་སུའང་བོད་ཡིག་སློབ་གྲྭ་འདི་ཡང་བོད་ཀྱི་རིག་གནས་བསླབ་སའི་ལྟེ་གནས་ཤིག་ཏུ་འགྱུར་དགོས་ཤིང་།  བོད་ཡིག་སློབ་གྲྭ་འདི་ཉིད་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཐུབ་པ་དང་སྲོག་གི་དབང་པོ་བརྟན་པའི་ཐབས་དམ་པ་ནི་དགེ་སློབ་ཚང་མའི་མཐུན་སྒྲིལ་དམ་ཟབ་དང་འབད་བརྩོན་དྲག་པོ་ལ་རག་ལས་སོ། །
·གསར་འགྱུར་གོང་མ:འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།
·གསར་འགྱུར་འོག་མ:ཨེ་མ་ཧོའི་རིག་མཛོད་ཁང་གི་གསལ་བསྒྲགས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:10:17 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:59:15 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:39:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།30.27MS