ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ལྷ་སའི་སྐབས་གཉིས་པའི་སྙན་ངག་གྱེར་འདོན་འགྲན་ཚོཊ།

[རྩོམ་པ་པོ:ས་དམར་གྲགས་པ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/9/25 19:37:12  བཀླགས་ཐེངས:1598][ཡིག་གཟུགས:ཡིག་གཟུགས་མདོག]

༼ཉང་བྲན༽རྟགས་མའི་ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྐབས་གཉིས་པའི་

སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་གནས་ཚུལ།

ས་དམར་གྲགས་པ།

སྤྱི་ལོ་༢༠༡༡ལོའི་ཟླ༩པའི་ཚེས༢༤ཉིན་ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྐབས་གཉིས་པའི༼ཉང་བྲན༽རྟགས་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་ལྷ་སའི་ཉང་བྲན་གླིང་ག་རུ་བསྡུས། སྙན་ངག་གྱེར་འདོན་འདིའི་སྐབས་དང་པོའི་འགྲན་ཚོགས་ནི༢༠༡༠ལོར་བོད་ལྗོངས་ལམ་བཟང་སྐད་ཡིག་སློབ་གྲྭ་དང་དགེ་འོས་སློབ་ཆེན་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་ཡིན་ལ། སྐབས་དེ་དུས་ཀྱི་རྟགས་མའི་མིང་ལ༼ལམ་བཟང༽རྟགས་མ་ཟེར་མོད། ཡིན་ན་ཡང་ད་ལོ་ནས་འབྱོར་བ་དང་ཚོགས་རའི་ས་གནས་སོགས་ཀྱི་རྐྱེན་ལ་གཞིགས་ཏེ་རྟགས་མའི་མིང་ལོ་རེའི་ཚོགས་སའི་གནས་ཡུལ་གྱི་མིང་གདགས་རྒྱུར་བྱས་པ་ཡིན། ད་ལོའི་གཙོ་སྒྲུབ་ལས་ཁུངས་ནི༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽རྩོམ་སྒྲིག་ཁང་དང༼བོད་ལྗོངས་ལམ་བཟང་སྐད་ཡིག་སློབ་གྲྭ༽གཉིས་ཡིན་ལ།ཚོགས་ས༼ཉང་བྲན༽ཡིན་པའི་རྒྱུ་མཚན་གྱིས་རྟགས་མའི་མིང་ལ་མེས་པོ་རྣམ་དཔྱོད་ཅན་མང་དུ་འཁྲུངས་སའི་གནས་མཆོག༼ཉང་བྲན༽གྱི་མིང་འདི་བཏགས་པའོ།།

ཐེངས་འདིར་ཕེབས་པའི་དཔྱད་འདེམས་པ་དག་ནི།  བོད་ཀྱི་རྩོམ་རིག་ལོ་རྒྱུས་ཞིབ་འཇུག་པ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྷག་པ་ཆོས་འཕེལ་ལགས་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ། བོད་ཀྱི་བརྩམས་སྒྲུང་རྩོམ་པ་བོ་གྲགས་ཅན་བསྟན་པ་ཡར་རྒྱས། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན། བོད་ཀྱི་རྩོམ་པ་བོ་གྲགས་ཅན་སྨྲེང་བུ༼དོན་གྲུབ་ཚེ་རིང༽། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན། བོད་ཀྱི་ན་གཞོན་རྩོམ་པ་བོ་གྲགས་ཅན་ན་རོ༼ཤ་བོ་ཚེ་བརྟན༽། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ། བོད་ཀྱི་སྐྱེས་མ་སྙན་ངག་པ་དཔལ་ལྷ་ལགས་བཅས་སོ།།

ཐེངས་འདིར་གདན་ཞུ་ཞུས་པའི་སྐུ་མགྲོན་དག་ནི།བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་ལགས་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་དབུ་འཛིན་དོན་གྲུབ་རྡོ་རྗེ་ལགས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་སྤྱི་ཁྱབ་དབུ་འཛིན་འགྲོ་འདུལ་རྡོ་རྗེ་ལགས། ལྷ་ས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔལ་འབྱོ་ལགས། བོད་ལྗོངས་སློབ་གསོ་ཐིང་། བོད་ལྠོངས་སློབ་གསོའི་རྩོམ་སྒྲིག་པ་རིག་འཛིན་གྲགས་ལྡན་ལགས།ཆོ ས་གྲོགས་དྲ་བའི་གཙོ་བདག་ན་གཞོན་རྩོམ་པ་བོ་གཡུ་རྒྱལ་ལགས། བོད་ལྗོངས་སྨན་རྩིས་ཁང་གི་བོད་སྨན་ཞིབ་འཇུག་པ་སྐལ་བཟང་སྐྱབས་ལགས།བོད་ཀྱི་ན་གཞོན་རྩོམ་པ་བོ་དཔྱི་ས་དཔལ་བཟང་། ན་གཞོན་རྩོམ་པ་བོ་མོན་སྡེ་བྱ་ཁུ་ལོ། བོད་ལྗོངས་བརྙན་འཕྲིན་ཁང་གི་སྒྲོན་མའི་ལས་ཚན་གྱི་གཙོ་སྐྱོང་མཁན། རྩོམ་པ་བོ་ཁྱུང་པོ་ཚེ་རིང་དཔལ་རྒྱལ་སོགས་གཙོ་བྱས་པའི་རང་འགུལ་གྱིས་འོངས་པའི་དགེ་རྒན་དང་སློབ་མ་བཞི་བཅུ་ལྷག་ཅིག་དང་འགྲན་ཞུགས་མཁན་མི་ཉེར་བདུན་བཅས་མི་བརྒྱད་བཅུ་ལྷག་འདིར་ཕེབས་ཡོད་དོ།།

བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་ལགས་ཀྱིས་སྙན་ངག་གྱེར་འདོན་དངོས་སུ་མགོ་རྩོམ་པའི་གཏམ་བཤད་པ།

བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་དབུ་འཛིན་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་དགོས་པའི་གཏམ་བཤད་པ།

དཔྱད་འདེམ་པ་བསྟན་པ་ཡར་རྒྱས་ལགས་ཀྱིས་ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་དཔྱད་འདེམས་པའི་ཚབ་བྱས་ཏེ་གཏམ་བཤད་པ།

སྨྲེང་བུས་དགེ་ཆོས་སྐུ་གཤེགས་ནས་ལོ་དྲུག་བཅུ་འཁོར་བའི་རྗེས་དྲན་གྱི་གཏམ་བཤད་བྱས་པ་དང་། སློབ་གྲོགས་ཤིག་གིས་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱི་སྙན་ངག༼དགེ་འདུན་ཆོས་འཕེལ༽གྱེར་འདོན་བྱས་ཏེ༼ཉང་བྲན༽རྟགས་མའི་སྙན་ངག་གྱེར་འདོན་ཁྲོད་དུ་དབུས་ནས་དགེ་ཆོས་ལ་རྗེས་དྲན་བྱས་པ།

དཔྱད་འདེམས་པ་དང་གཟིགས་མོ་བ།

བྱ་དགའ་ཨང་དང་པོ་ཐོབ་མཁན།

བྱ་དགའ་ཨང་གཉིས་པ་ཐོབ་མཁན།

༼ཉང་བྲན༽རྟགས་མའི་སྙན་ངག་གྱེར་འདོན་ཁྲོད་བྱ་དགའ་ཐོབ་མཁན་དག་གི་མིང་དངོས་སུ་གསལ་བསྒྲགས་བྱས་ཏེ་བྱ་དགའ་གནང་བ།

བོད་ལྗོངས་ལྷ་སའི་ས་ཁུལ་གྱི་རྩོམ་རིག་གི་ལས་ལ་འབད་པར་ཐུགས་རྗེ་ཞུ་ཆེད་དུ༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽རྩོམ་སྒྲིག་ཁང་གིས་ཐེངས་འདིའི་བྱེད་སྒོའི་རྩ་འཛུགས་པ་ས་དམར་གྲགས་པ་ལ༼བོད་ཀྱི་དེང་རབས་ན་གཞོན་རྩོམ་པ་བོའི༽མིང་གནང་བ།

ས་དམར་གྲགས་པས་ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་ལས་ལ་འབད་པའི་མི་རྣམས་ལ་དཀའ་དྲིན་ཞུ་བ་དང་། དབུས་ཀྱི་ན་གཞོན་རྣམས་ཀྱིས་བོད་ནང་ཁུལ་གྱི་ཆོལ་ཁ་ཕྱོགས་རིས་མི་བྱེད་པའི་རེ་ཞུ་ཕུལ་བ།

མདོ་འཛིན་པའི་ཁ་གཡང་ཁྲོད་ནས༼ཉང་བྲན༽རྟགས་མའི་ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྐབས་གཉིས་པའི་སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་མཇུག་བསྡུས་པའོ།།

བྱ་དགའ་ཐོབ་པའི་སློབ་འབྲིང་སློབ་མ་དག་གི་མཚན་བྱང་།

ཐེངས་འདིའི་སློབ་འབྲིང་ཁོངས་བྱ་དགའ་ཐོབ་མཁན།

ཨང་དང་པོ།   ལྷ་ས་སློབ་འབྲིང་གི་སློབ་མ་པ་སངས་སྒྲོལ་མ།

ཨང་གཉིས་པ།   ལྷ་ས་སློབ་འབྲིང་གི་སློབ་མ་སྐལ་བཟང་ཚེ་རིང་དང་།  ལྷ་ས་ལམ་བཟང་སློབ་གྲྭའི་སློབ་མ་ཀུན་དགའ།

ཨང་གསུམ་པ།  ལྷ་ས་སློབ་འབྲིང་གི་སློབ་མ་རིག་འཛིན་གཡང་མཚོ་དང་།  ལྷ་ས་པེ་ཅིང་སློབ་འབྲིང་གི་སློབ་མ་བསྟན་འཛིན་སྒྲོལ་དཀར།    ལྷ་ས་ཆོས་གྲོགས་དྲྭ་བའི་ལ་མོ་བཀྲ་ཚེ་བཅས་སོ།

བྱ་དགའ་ཐོབ་པའི་སློབ་ཆེན་སློབ་མ་དག་གི་མཚན་བྱང།

ཨང་དང་པོ།   བོད་ལྗོངས་སློབ་ཆེན་གྱི་སློབ་མ་བསྟན་འཛིན་ནོར་བུ།

ཨང་གཉིས་པ།   ལྷ་ས་དགེ་འོས་སློབ་ཆེན་གྱི་སློབ་མ་སྤེན་པ་དོན་གྲུབ་དང་།  བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཚེ་རིང་རྡོ་རྗེ།

ཨང་གསུམ་པ། བོད་ལྗོངས་ལས་རིག་ལག་རྩལ་སློབ་གླིང་གི་སློབ་མ་ཀརྨ་བསམ་གཏན་དང་། གསོ་རིག་སློབ་གླིང་གི་སློབ་མ་ཚེ་དཔག་སྐྱབས་དང་སློབ་མ་སྒྲོལ་མ་བཅས་སོ།

འོག་མ།

ཚང་མའི་མཉམ་པར།

ཀློག་པ་བོ་དག་གིས་ཕན་ཚུན་ལ་བརྒྱུད་འགོད་གནང་རོགས་ཞུའོ། ། དྲྭ་ལམ་འདི་བརྒྱུད་ནས་ཕན་ཚུན་ལ་ཁྱེར་ཆོག་གོ།

·གསར་འགྱུར་གོང་མ:དེབ་གསར་བསྡེབས་ཉོ།
·གསར་འགྱུར་འོག་མ:༢༠༡༡ལོའི་རྒྱལ་ཡོངས་བོད་སྐད་རླུང་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:49:38 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:25:40 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:00:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.97MS