དགེ་ཆོས་དུས་དྲན་གྱི་གཏམ་གླེང་འདུ་ཚོགས་ལན་གྲུ་ནས་བསྡུས་པ།
.jpg)
དེ་རིང་ནི་ངེས་དོན་གྱི་མཁས་དབང་དམ་པ་དགེ་ཆོས་སྐུ་གཤེགས་ནས་ལོ་འཁོར་དྲུག་ཅུ་ཏག་ཏག་འགོར་བའི་ཉིན་མོ་རེད།ཉིན་མོ་འདིར་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་སྐུ་གཤེགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་འདི་ག་ནུབ་བྱང་མི་རིགས་སློབ་ཆེན་རྩོམ་རིག་ཚོགས་ཆུང་གིས་རྩ་འཛུགས་བྱས་ཏེ།དགེ་ཆོས་ཁོང་གི་སེར་པོ་གསེར་གྱི་མི་གཞི་དང་གཞན་དྲིང་མི་འཇོག་པའི་སྙིང་སྟོབས།གང་གིས་ཀྱང་བསྐུལ་བ་མེད་པར་མི་རིགས་ཀྱི་བདེ་སྡུག་ཁུར་ཏུ་བཞེས་པའི་སྤོབས་པ།བསམ་སྦྱོར་ཡ་མ་བྲལ་བའི་ལངས་ཕྱོགས།རིག་གནས་གཏོར་བཤིག་དང་གསར་འཛུགས་གཉིས་ཐད་ནས་གོམ་པ་མཉམ་སྤོ་གནང་མྱོང་བའི་དཔྱད་ཞིབ།རིག་གནས་འཚོལ་རྟོག་གི་སྙིང་སྟོབས།བདེན་པ་སྨྲ་བའི་སྙིང་སྟོབས།གསར་གཏོད་ཀྱི་སྙིང་སྟོབས།ངེས་དོན་གྱི་ཤེས་ཡོན་ཅན་གྱི་ངའོ་སྙམ་པའི་ང་རྒྱལ་སོགས་མཐོང་སྣེ་དུ་མ་ནས་མི་ཆེན་ཁོང་གི་སྐད་སྒྲར་མཉམ་འུར་བཏོད་དེ།རྗེས་དྲན་གྱི་གཏམ་གླེང་གྱ་ནོམ་པ་ཞིག་འཚོགས་འདུག དེ་མིན་ད་དུང་དགེ་ཆོས་ཉིད་མི་ཚུལ་རིང་ལུགས་པ་རྣལ་མ་ཞིག་ཡིན་མིན་དང་བློ་འབྱེད་ཤེས་ཡོན་ཅན་ཡིན་མིན་གྱི་སྐོར་ནས་བགྲོ་གླེང་བོགས་ཐོན་པ་གནངས་པ་རེད།དེ་མིན་ཨ་རིའི་དགུ་གཅིག་གཅིག་དོན་རྐྱེན་བྱུང་ནས་ལོ་འཁོར་བཅུ་ལོན་པར་ཡོངས་ཁྱབ་རིན་ཐང་གི་ངོས་ནས་རྗེས་དྲན་ཡང་བྱས་ཡོད།འདུ་ཚོགས་འདི་ནི་དགེ་ཆོས་སྐུ་གཤེགས་ནས་ལོ་འཁོར་དྲུག་ཅུ་ལོན་རིང་དམངས་ཕྱོགས་ནས་སམ་ཤེས་ཡོན་ཅན་གྱི་ངོས་ཐད་ནས་ཁོང་གི་བསམ་བློ་དང་ལྟ་བ་སོགས་ལ་དཔྱད་ཞིབ་བྱས་ཏེ་རྗེས་དྲན་བྱས་པ་ཐོག་དང་པོ་ཡིན་པ་རེད།དེ་བས་འདི་ནི་ཤེས་ཡོན་ཅན་ཚོར་མཚོན་ན་ཚ་འདྲི་ཆེན་པོ་ཞིག་ག་ལ་མིན།
.jpg)
ཚོགས་ར། ལན་གྲུའི་ཇ་ཁང་ཞིག
ཚོགས་དུས། 2011.9.11(ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན)
ཚོགས་ཡུན། སྔ་དྲོའི་ཆུ་ཚོད་བཅུ་ནས་ཕྱི་དྲོའི་ཆུ་ཚོད་གཅིག་གི་ཡུན།
ཚོགས་མི། བདུད་ལྷ་རྒྱལ། མེ་ལྕེ། ཞོ་ར་པདྨ་དབང་ཆེན། གངས་ཁྱུང་གྲགས། ཤ་བོ་རབ་བརྟན། སྒྲེན་པོ། རླུང་ནག་འཚུབ་མ། མཚོ་སྐྱེས་ལྷ་མོ། གངས། གསོམ་བུ། ལོ་ཆུང་། ཁ་བ་སྙིང་ལྕགས།
གླག སྤྱན་དུངས། མཁའ་དབྱིངས། གཞི་བདག ཆོས་ཚང་མ་བཅས་ཀྱིས་གཏམ་བཤད་བྱས་པ་ལས་གཞན་ཟུར་ཞུགས་སློབ་མ་རེ་འགའ་ཡང་ཡོད།