ལྗང་བུའི་གློག་བརྙན་༼མཚོ་སྔོན་པོ།

ལྗང་བུ་ལགས་ཀྱི་དངོས་བཤུས་གློག་བརྙན་བརྩམས་ཆོས<<མཚོ་སྔོན་པོ>>ཞེས་པ༢༠༠༥ནས་འགོ་བརྩམས་ཏེ་ཕབ་བསྐྲུན་གྱི་ལས་ལ་ཞུགས་པ་དང་། བརྗོད་དོན་དུ་མཚོ་སྔོན་པོ་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་དང་ས་གནས་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་དཀའ་སྡུག་ཡོད་ཚད་མཐོང་སྣེར་དྲིལ་ཏེ་ས་གནས་ཡུལ་མི་ཚོར་བཅར་འདྲི་སོགས་ཀྱི་ལམ་ཁ་ནས་ས་གནས་དཔོན་ཁག་གི་མི་དམངས་སྡུག་ལ་སྦྱོར་ཚུལ་དང་། ལོ་རྒྱུས་ཀྱི་གོ་འཁྲུལ་མང་པོ་ཞིག་གིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པ། དེ་བཞིན་སྔོ་མེར་ལྟེམ་པའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ངོ་གདོང་གི་གཉེར་མ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ཚུལ། གཞན་ཡང་བལྟ་སྐོར་བ་དག་གི་པར་ཆས་ཀྱི་ཀློང་ལ་འཛུལ་ནས་ཤོག་སྒོར་རེ་གཉིས་ཀྱི་དོན་དུ་བྱིས་པའི་འོས་འགན་སློབ་གསོ་དེ་ལ་ཁ་ཡང་སྤྱོད་ཡང་བྱེད་ཀྱིན་པ་སོགས་མཚོ་ཁར་སྐྱེ་པའི་སྡིག་པའི་མེ་ཏོག་ཇི་སྙེད་ཅིག་གི་རང་བཞིན་དེ་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་མིག་གི་དགའ་སྟོན་དུ་བཤམས་ནས་ཡོད་པ་རེད། །

པར་བརྙན།
གློག་བརྙན་ལ་བལྟ་སའི་དྲ་གནས།
http://www.cultureunplugged.com/documentary/watch-online/filmedia/play/4774/Kokonor/Vm0xMFlWWXhTbkpQVm1SU1lrVndVbFpyVWtKUFVUMDkr