ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭའི་2011ལོའི་སྟོན་ཀར་
སློབ་མ་བསྡུ་བའི་བརྡ་ཐོ།
1 སློབ་གྲྭའི་མཚམས་སྦྱོར་མདོར་བསྡུས།
ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་ནི(བསྡུས་མིང་། གངས་རྒྱན་སློབ་གསོ)2011 ལོར་བཙུགས་ཤིང་། དེ་ནི་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཆོག་མཆན་བརྒྱུད་གསར་འཛུགས་བྱས་པའི་སློབ་གསོའི་སྡེ་ཁག(སློབ་རྟགས:6301017000075)ཅིག་ཡིན། གཙོ་བོར་སྐད་བརྡ་དང་། མཛེས་རིས་ལག་རྩལ་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་གསོ་སྦྱོང་དང་། གཞན་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གསོ་སྦྱོང་གི་ལས་ཀ་གཉེར་བཞིན་ཡོད། མིག་སྔར་བཀོད་སྒྲིག་བྱས་པའི་བསླབ་ཚན་ལ་དབྱིན་ཡིག་དང་། རྒྱ་ཡིག་གི་རྩོམ་འབྲི། བོད་ཡིག གློག་ཀླད། མི་རིགས་ཀྱི་ཞབས་བྲོ། རོལ་མོ། དམངས་ཁྲོད་ཀྱི་བཟོ་སྐྲུན་ལག་རྩལ། མཛེས་རྩལ་སོགས་ཡོད། སློབ་གྲྭ་གནས་ཡུལ་ནི་གྲོང་ཁྱེར་ཟི་ལིང་གི་འགྲིམ་འགྲུལ་ཆེས་སྟབས་བདེ་བའི་གྲོང་དཀྱིལ་ནན་ཀོན་སྲང་ལམ་དུ་ཡོད། སློབ་གྲྭར་ཕུལ་བྱུང་གི་དོ་དམ་མི་སྣ་དང་། ཨ་རི་དང་། དབྱིན་ཇི། ཁ་ན་ཏ་སོགས་དབྱིན་ཡིག་ཕ་སྐད་ཡིན་པའི་རྒྱལ་ཁབ་དག་ནས་ཕེབས་པའི་ཕྱི་རྒྱལ་གྱི་དགེ་རྒན་དང་། རང་རྒྱལ་གྱི་དགེ་རྒན་ཉམས་མྱོང་ཅན་མང་དག་ཅིག་ཡོད་ལ། སློབ་ཁྲིད་ཀྱི་ནུས་པ་དང་གསར་བཏོད་ཀྱི་ནུས་པ་ཆེས་ཆེར་ལྡན་པའི་དཔུང་སྡེ་ཞིག་ཡིན།
2 བསླབ་རིམ་བཀོད་སྒྲིག

3 མིང་ཐོ་འགོད་སྟངས།
ཐོ་འགོད་འབྲེལ་གཏུག་བྱེད་ས། 0971-8218185 15297123758
ཐོ་འགོད་དུས་ཚོད། དེ་རིང་ནས་བཟུང་།
ཐོ་འགོད་བྱེད་ཐབས། ཁ་པར་གྱི་ལམ་ནས་དང་ཡང་ན་སློབ་གྲྭར་དངོས་སུ་ཕེབས་ཏེ་ཐོ་འགོད་བྱེད་ཀྱང་ཆོག
སློབ་ཁྲིད་བྱེད་ཡུལ། གྲོང་ཁྱེར་ཟི་ལིང་གི་གྲོང་དཀྱིལ་ནན་ཀོན་སྲང་ལམ་ཨང་རྟགས72པ། ཧྲི་ཅིན་ཞང་གི་ལྷོ་སྒོའི་པའོ་ཀོང་གསེར་ཚོང་ཁང་གི་ནུབ་མཚམས། ཧྭ་ཡིའི་མགྲོན་ཁང་གི་ར་བའི་ནང་གི་ཁེ་ཏཱ་ཚོང་གཉེར་ཐོག་ཁང་གི་བདུན་ཐོག་ན་ཡོད།
སློབ་ཁྲིད་དུས་ཚོད། 2011ལོའི་ཟླ9པའི་ཚེས10ཉིན།
བརྩེ་ལྡན་གྱི་སློབ་གྲོགས་རྣམ་པ། ཁྱེད་ཉིད་གངས་རྒྱན་སློབ་གསོའི་ཟབ་སྦྱོང་འཛིན་གྲྭར་ཞུགས་པར་བཀའ་དྲིན་ཞུ།