བདེ་སྐྱིད་ཀྱིས་ཧན་ཧུང་གཅེས་སེམས་བོད་ལྗོངས་ཕ་ཡུལ་སྤྱི་ཕན་བོད་སྐྱོར་བྱེད་
སྒོ་ཚོཌ་པ་དང་མཇལ་འཛོམས་གནང་བ།
སྤྱི་ཚེས ༢༤ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་ལྷ་སར་བོད་རིགས་གླུ་གཞས་མཁས་པ། མཁའ་དམག་ཆབ་སྲིད་པུའི་རིག་རྩལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧན་ཧུང་གིས་སྣེ་ཁྲིད་གནང་བའི་ཧན་ཧུང་གཅེས་སེམས་བོད་ལྗོངས་ཕ་ཡུལ་སྤྱི་ཕན་གྱི་མི་བརྒྱའི་བོད་སྐྱོར་བྱེད་སྒོ་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་སྤྱི་ཕན་བྱེད་སྒོར་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད་པ་དང༌། ཧན་ཧུང་དང་བཅས་པས་བོད་ལ་དངུལ་སྒོར་ཁྲི་ཚོ ༨༠༠ ལྷག་ཙམ་ཞལ་འདེབས་རྒྱབ་ཡོད་པ་རེད། བྱེད་སྒོའི་རིང་ཧན་ཧུང་དང་བཅས་པས་ཆབ་མདོ་དང་ཉིང་ཁྲི། ལྷ་ས་སོགས་ས་ཁུལ་དུ་སྨན་བཅོས་ཤེས་བྱ་ཁྱབ་གདལ་དང་རིན་མེད་སྨན་བཅོས། ནད་རིགས་རྟགས་དཔྱད་སོགས་ཀྱི་རྣམ་པའི་ཐོག་ནས་བོད་ཀྱི་མེ་སེར་ལ་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོབ་མཁོ་འདོན་བྱས་ཡོད་པ་རེད། དེ་དང་དུས་མཚུངས་རང་ལྗོངས་ཀྱི་དྭ་ཕྲུག་ཁང་དང་བྱིས་པའི་ལོང་བའི་སློབ་གྲྭ ༦ ལ་སློབ་གསོའི་མ་དངུལ་སྒོར་ཁྲི་ཚོ ༣༠ ཞལ་འདེབས་རྒྱབ་པ་དང་ཤང་དང་གྲོང་ཚོ་མང་པོར་བདེ་ཐང་ཁྱིམ་གཞིས་བཙུགས་པ། དེ་བཞིན་ཆབ་མདོ་ས་ཁུལ་མི་དམངས་སྨན་ཁང་དུ་ཧན་ཧུང་གི་གཅེས་སེམས་འོད་སྣང་བསྐྱར་མཐོང་ལྟེ་གནས་བཙུགས་པ་རེད།།