ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

བོད་ཀྱི་ཕལ་སྐད་སྐོར་གླེང་བ། ༢

[རྩོམ་པ་པོ:པདྨ་ཆོས་འཕེལ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/8/23 15:06:34  བཀླགས་ཐེངས:1394][ཡིག་གཟུགས:ཡིག་གཟུགས་མདོག]
དན་ཏེའི་ཕལ་སྐད་བསམ་བློ་ནས་བོད་ཀྱི་ཕལ་སྐད་གླེང་བ། ༢
 
པདྨ་ཆོས་འཕེལ།
 
    འདིར་ཕལ་སྐད་ཅེས་པ་ནི་ཡུལ་སྤྱི་ལ་ཁྱབ་པའི་སྤྱི་སྐད་ལ་ཟེར་བ་ཡིན། དུང་དཀར་རིན་པོ་ཆེས། གནའ་རབས་བོད་ཡིག་གི་དཔེ་ཆའི་ནང་། ས་གནས་སོ་སོའི་སྐད་ལ་ཡུལ་སྐད་ཟེར་བའི་མིང་བཏགས་ཡོད་པ་དང་། ས་གནས་ཁག་མང་པོར་ཁྱབ་ཅིང་མང་ཆེ་བས་ཐུན་མོང་དུ་གོ་ཐུབ་པའི་སྐད་ལ་ཕལ་སྐད་ཟེར་བའི་མིང་བཏགས་ཡོད། ཅེས་དང་། དན་ཏེ་ཡིས་ཨི་ཏ་ལེའི་སྤྱི་སྐད་སྐོར་གླེང་པའི་ཚེ་ཕལ་སྐད་ཅེས་པའི་ཐ་སྙད་བེད་སྤྱོད་པ་དང་། དེང་རྒྱལ་ཡོངས་སུ་ཁྱབ་པའི་རྒྱ་སྐད་ཀྱི་སྤྱི་སྐད་ཕོའུ་ཐོང་ཧྭ་ཞེས་པའང་ཕལ་སྐད་ཀྱི་དོན་དུ་འགྲོ་བ་སོགས་དོན་དང་གྲགས་པ་གཉིས་དང་མཐུན་པས་འདིར་སྤྱི་སྐད་ལ་ཕལ་སྐད་ཅེས་བརྗོད་དོ། །ཡུལ་སྐད་ནི་སྐད་རིགས་གཅིག་ལ་ཡུལ་ལུང་གི་ཁྱད་པར་སྣ་ཚོགས་ཞུགས་ནས་ཡུལ་བྱེ་བྲག་པ་ནང་ཚན་ཙམ་ལས་ཡུལ་ཁམས་སྤྱི་ལ་གོ་དཀའ་བར་གྱུར་པའི་སྐད་ཀྱི་སྣང་ཚུལ་ཞིག་ལ་ཟེར་བ་ཡིན། ཕལ་སྐད་དང་ཡུལ་སྐད་གཉིས་ནི་ལྟོས་བཅས་སུ་སྣང་མོད། དེ་གཉིས་ལ་དེ་བྱུང་གི་འབྲེལ་བ་ཁ་ཚོན་ཆོད་དཀའ་བ་ཞིག་གྲུབ་འདུག་གོ །གཅིག་དུ་བྲལ་གྱི་དབང་དུ་བཏང་ན། ཐོག་མར་ཕལ་སྐད་ཐུན་མོང་དུ་ཤོད་པའི་ཚོ་པ་གཅིག་གི་མི་རྣམས་ཡུལ་ལུང་དུ་མར་མཆེད་དེ་གནས་དང་སྐབས་ཀྱིས་འགྱངས་ནས་ཐུན་མོང་གི་སྐད་ཟུར་ཉམས་ཤིང་ཐོན་སྐྱེད་དང་འཚོ་བའི་ཁྲོད་ས་གནས་རང་བཞིན་ལྡན་པའི་མིང་བརྡ་དང་སྐད་ལུགས་དུ་མ་ཐོན་པ་ལས་ཡུལ་སྐད་བྱུང་བར་སྲིད་ལ། དུ་མ་གཅིག་ཏུ་འདུས་པའི་དབང་དུ་བྱས་ན། ཐོག་མར་ཡུལ་སོ་སོའི་མི་རྣམས་ལ་འདོད་རྒྱལ་དབང་གིས་སྐད་སྟབས་བདེ་རེ་བྱུང་བ་རྣམས་ཡུལ་དང་ཡུལ་དུ་འབྲེལ་ནས་གཅིག་མཐུན་ནས་གཅིག་མཐུན་དུ་བྱུང་བའམ། ལྷག་པར་དུ་ཡུལ་ལུང་བར་ཆབ་སྲིད་དང་དཔལ་འབྱོར་རིག་གནས་སོགས་ཤེད་ཆེ་ཆུང་དབང་གིས་མཐའ་འཁོར་རྣམས་ཀྱིས་དབུས་པའི་སྐད་ལ་བསྟུན་དགོས་ཞིང་རིམ་གྱིས་ཡུལ་སྐད་ལས་ཕལ་སྐད་ཆགས་པའང་སྲིད་དོ། ། གང་ལྟར་ན་ཡང་ཕལ་སྐད་དང་ཡུལ་སྐད་ནི་སྐད་རིགས་གཅིག་གི་ངོས་གཉིས་སུ་སྣང་བས། གལ་སྲིད་ཕལ་སྐད་ཆགས་མ་ཐུབ་པར་ཡུལ་སྐད་ཀྱི་ཁྱད་པར་ཕྲ་དང་ཕྲ་རུ་རྒྱུན་འབྱམས་སུ་བཏང་ན། མཐར་སྐད་རིགས་དེས་རྒྱས་དང་རྒྱས་པར་འཕེལ་བའི་སྤྱི་ཚོགས་འབྲེལ་བའི་དགོས་མཁོ་སྐོང་མི་ཐུབ་པར་འཐོར་ཞིག་ཏུ་སོང་ནས་སྐད་དང་རིག་གནས་ནུབ་པའི་ནང་རྐྱེན་བྱེད་པའོ། ། 
    འོ་ན་ཡུལ་སྐད་དུ་མ་ལས་ཕལ་སྐད་ཇི་ལྟར་ཆགས་པར་བྱ་ཞེ་ན། ཡིག་སྐད་ལ་བསྟུན་རྒྱུ་ནི་གནད་དམ་པའོ། ། ཡུལ་སྐད་ལས་ཕལ་སྐད་ཆགས་པའི་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ལས། ཕྱི་རྐྱེན་ནི་སྤྱི་ཚོགས་ཀྱི་འབྲེལ་བའི་ཤུགས་ལ་རག་ལས་ལ་དེས་ཀྱང་གཙོ་བོ་ནང་རྐྱེན་བརྒྱུད་དེ་ནུས་པ་ཐོན་དགོས། ནང་རྐྱེན་ནི་ཡུལ་སྐད་ཕན་ཚུན་བར་ཐུན་མོང་གི་ཆ་ཇི་ཙམ་ཡོད་མེད་དང་མང་ཚོགས་ཀྱིས་ཐུན་མོང་གི་ཆ་དེ་ཉམས་ལེན་བྱེད་ཚད་སོགས་ལ་ཐུག་ཡོད་དེ། གསལ་པོར་བཤད་ན་ཡིག་སྐད་དང་མང་ཚོགས་ཀྱི་བོད་ཡིག་ཆུ་ཚད་ལ་རག་ལས། ཡིག་སྐད་ཅེས་པ་ནི་སྐད་བཅད་རིམ་པ་དུ་མ་བརྒྱུད་དེ་བྱུང་བའི་བོད་གཅིག་འགྱུར་གྱི་བརྡ་དག་གཞུང་ལུགས་དང་མཐུན་པའི་སྐད་ལ་ཟེར་བ་སྟེ། དེ་ཡང་མིང་བརྡ་རྣམས་ཡོངས་གྲགས་ཀྱི་དག་ཡིག་གཞུང་ངམ་ཚིག་མཛོད་དང་མཐུན་པ། ཚིག་ཕྲད་ཀྱི་སྦྱོར་ཚུལ་སུམ་ཅུ་པ་དང་མཐུན་པ། མིང་གཞི་སྔོན་རྗེས་སོགས་སྒྲ་གདངས་ཀྱི་ཁྱད་པར་རྟགས་འཇུག་དང་བསྟུན་ཅི་ཐུབ་བྱེད་པའི་བོད་སྐད་ཅིག་སྨྲ་རྒྱུ་གལ་ཆེ། ད་ལྟའི་གནས་སྐབས་སུ་བོད་ཀྱི་ཕལ་སྐད་ཅིག་ཆགས་དགོས་ན་ཡིག་སྐད་ནས་འགོ་བརྩམ་དགོས་པར་སྣང་སྟེ། རྒྱུ་མཚན་དང་པོ་ནི་བོད་ཡིག་དེ་བོད་ཐུན་མོང་གི་བརྡ་སྤྲོད་ལག་ཆ་ཞིག་ཏུ་གནས་ཡོད་པས་ཡིན། སྔ་རབས་ལོ་པཎ་ཚོས་མཛད་པའི་ཐུན་མོང་གི་མིང་བརྡའི་དག་ཆ་གཏན་ལ་ཕབ་པའི་དག་ཡིག་གི་གཞུང་དང་། བོད་ཡོངས་གྲགས་ཀྱི་ཚིག་གི་འགྲོས་བསྟན་པའི་སུམ་ཅུ་པ། བོད་སྐད་ཀྱི་སྔོན་རྗེས་མིང་གསུམ་གྱི་སྒྲ་གདངས་འདོན་ཚུལ་གསལ་བའི་གཞུང་རྟགས་ཀྱི་འཇུག་པ་བཅས་ནི་ད་ལྟའང་མདོ་དབུས་ཁམས་གསུམ་ཡོངས་ཁྱབ་ཏུ་དར་ཤིང་བོད་མི་ཕལ་ཆེ་བས་ཁོང་དུ་ཆུད་ལ། དེའི་ཐོག་ནས་བྲིས་པའི་བོད་ཡིག་གི་བརྩམས་ཆོས་ཤིག་ཡིན་ཕྱིན་ཆོལ་གསུམ་རིས་མེད་ཀྱི་བོད་ཡིག་མཁྱེན་ལྡན་ཚོས་དོན་ཚེགས་མེད་དུ་རྟོགས་པ་ནི་བོད་ལ་ཡོངས་ཁྱབ་ཀྱི་བརྡ་སྤྲོད་ལག་ཆ་ཞིག་ཡོད་པའི་འབྲས་རྟགས་ཡང་དག་གོ ། རྒྱུ་མཚན་གཉིས་པ་ནི་གཅིག་གྱུར་གྱི་བོད་ཡིག་དེ་རྒྱ་ཁྱབ་གཏོང་བའི་མཐུན་རྐྱེན་ལེགས་ཙམ་ཡོད་པ་སྟེ། མཐོ་རིམ་སློབ་འབྲིང་མན་ཆད་ཀྱི་བསླབ་གཞི་རྣམས་ཞིང་ལྗོངས་ལྔ་གཅིག་འགྱུར་ཡིན་ལ། དེའི་ནང་མིང་གི་དག་ཆ་ཚིག་གི་འགྲོས་དང་བཅས་པ་ཕལ་ཆེར་གཅིག་གྱུར་གྱི་བརྡ་སྤྲོད་གཞུང་དང་མཐུན་པ། སློབ་གྲྭ་ཕལ་ཆེར་གཟའ་འཁོར་རེར་བོད་སྐད་ཡིག་ཚོགས་ཐུན་དྲུག་བདུན་ཙམ་ཡོད་པས་ལོ་དགུའི་ནང་ཚོགས་ཐུན་ཆིག་སྟོང་བདུན་བརྒྱ་ལྷག་(6×30×9=1720)དང་ལོ་བཅུ་གཉིས་ནང་ཚོགས་ཐུན་ཉིས་སྟོང་ལྷག་(6×30×12=2120)ཡོད་པས་ཡིག་སྐད་རྒྱ་ཁྱབ་ཏུ་གཏང་རྒྱུ་དེ་བོད་སྐད་ཡིག་གི་སློབ་ཁྲིད་དང་ཟུང་འབྲེལ་བྱ་རྒྱུ་གལ་ཆེ། དེ་མ་གཏོགས་བགྲང་བྱ་བཅུ་ཙམ་བོད་ཡིག་བསླབས་ནས་ཡིག་སྐད་དག་མ་ཞིག་ཀྱང་ཤོད་མ་ཐུབ་ན་སློབ་དཔོན་ནམ་སློབ་མའམ་བསླབ་གཞིའམ་ཁྲིད་ཐབས་སོགས་རྐྱེན་གང་ལ་བསྙད་འདོགས་སམ། རྒྱུ་མཚན་གསུམ་པ་ནི་བོད་ཡིག་གི་མིང་དང་ཚིག་འགྲོས་ཕལ་ཆེར་ཡུལ་སྐད་སོ་སོ་ལ་ཟུར་ཕྱིན་པའམ་ཟུར་ཉམ་པ་ཅི་རིགས་སུ་གནས་པས། ཡུལ་སྐད་ཀྱི་བརྡ་ཕལ་མོ་ཆེ་ཡིག་སྐད་ཕྱོགས་སུ་དག་བཅོས་བྱེད་བདེ་པོ་ཡོད། རྒྱུ་མཚན་བཞི་པ་ནི་བོད་ཡིག་གི་སྦྱོར་ཀློག་དང་རྩ་བའི་མིང་བརྡ་དང་ཚིག་ཕྲད་ཀྱི་སྦྱོར་ཚུལ་སོགས་བརྡ་དག་གཞུང་དུ་ཕྱོགས་བསྡོམས་ལེགས་པར་མཛད་ཡོད་པས་གྲྭ་བཙུན་དང་རྒན་རབས་ཚོས་བདེ་བླག་ཏུ་ཤེས་གྱུར་ན་གཞོན་རབས་ཚོའི་ངོས་ནས་བོད་ཡིག་ཤེས་དཀའ་བར་འགྱུར་དགོས་པའི་སྒྲུབ་བྱེད་ཅི་ཞིག་མཆིས། རྒྱུ་མཚན་ལྔ་པ་ནི་སྔོན་དང་ད་ལྟའི་བསྟན་བཅོས་སྤྱི་དང་ཏང་ཀྱི་སྲིད་ཇུས་སམ་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་སོགས་གསར་རྙིང་རིག་གཞུང་ཕལ་ཆེར་ཡོངས་གྲགས་ཀྱི་བོད་ཡིག་ལ་བརྟེན་ནས་ཡོད་པས། ཡིག་སྐད་རྒྱ་ཁྱབ་ཏུ་གཏོང་བ་ནི་སྐད་ཁོ་ན་ལ་ཨུ་ཚུགས་བྱེད་པ་ཙམ་མ་ཡིན་པར་གསར་རྙིང་རིག་གནས་ཀྱི་མ་ལག་སྤྱི་དང་འབྲེལ་བའི་དོན་གྱི་སྙིང་པོས་ཕྱུག་པ་ཞིག་ཡིན་པ་སོགས་དགེ་མཚན་དུ་མ་ལྡན་པར་ངེས་སོ། །
    ཁ་ཅིག་གིས་བོད་ཡིག་འདི་སྔོན་གྱི་བརྡ་དང་སྦྱར་ནས་བྱས་པ་གང་ཞིག ཡུལ་སྐད་སྣ་ཚོགས་ལ་ཡིག་སྐད་སྣ་ཚོགས་ཡོད་པར་བཤད་དེ་ཡིག་སྐད་དང་ཕལ་སྐད་ལ་གཞི་མཐུན་མེད་ཚུལ་དང་དེང་རབས་བོད་སྐད་ཡིག་ཟེར་བ་ཞིག་བཟོ་དགོས་ཚུལ་བཤད་མོད། བོད་ཡིག་སྔོན་གྱི་བརྡ་དང་སྦྱར་ནས་བྱས་པ་ཡིན་ན་ད་ལྟའི་བརྡ་དང་མི་མཐུན་པས་མ་ཁྱབ་ལ། ད་ལྟའི་བོད་སྐད་ལ་ཡུལ་ལུང་གི་ཁྱད་ཆེ་བས་ཡུལ་ལུང་བྱེ་བྲག་ཅིག་གི་སྐད་དང་མཐུན་པའི་དེང་རབས་བོད་སྐད་ཅིག་བྱེད་འདོད་ན་དེའང་ཕལ་ཁྱབ་ཏུ་གཏོང་དགོས་པས་ཡུལ་ལུང་ཕལ་ཆེ་བས་གོ་དཀའ་བར་མི་འགྱུར་རམ། ཡང་ན་ཡུལ་ལུང་སོ་སོའི་སྐད་དང་མཐུན་པའི་བོད་ཡིག་རེ་བཟོ་བ་སྟེ་ལཱ་ཏིན་ཡིག་གཟུགས་ཀྱིས་འཛམ་གླིང་སྐད་རིགས་དུ་མ་དང་མཐུན་པའི་ཡི་གེ་རེ་བཟོས་པ་ལྟར་བྱས་ན། ཡུལ་སོ་སོའི་བོད་ཡིག་རྣམས་ཕན་ཚུན་གོ་མི་ཐུབ་ལ་སྔོན་གྱི་བསྟན་བཅོས་རྣམས་ཀྱང་ཤིན་ཏུ་གོ་དཀའ་བར་ཐལ་ལོ། ། དུང་དཀར་རིན་པོ་ཆེས། དེ་འདྲ་བྱས་ཏེ་བོད་རིགས་ས་ཁུལ་ཚང་མས་སོ་སོའི་ཡུལ་སྐད་དང་མཐུན་པའི་བོད་ཡིག་གསར་པ་རེ་བཟོས་པ་ཡིན་ན་གཅིག་གྱུར་གྱི་རྨང་གཞི་ལེགས་པོ་ཡོད་པའི་བོད་མི་རིགས་ཀྱི་ཡི་གེ་དེ་ཁ་བྲལ་དུ་འགྲོ་གི་མ་རེད་དམ། ཞེས་གསུངས་ཤིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དེས་ན་བོད་ཡིག་གི་སྲོལ་གསར་དུ་ཕྱེས་ནས་བཟུང་། ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་བར་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད། རྒྱ་གར་ན་ལོ་ཆིག་སྟོང་གི་སྔོན་གྱི་གུཔྟའི་ཡི་གེ་དང་། དེང་སང་གི་ཡི་གེ་གཉིས་ཤིན་ཏུ་མི་འདྲ་བར་འགྱུར་ནས་སྣང་། ལྷག་པར་དུ་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང་། དེང་སང་ཤིང་དཔར་འབོར་ཆེན་བོད་ཡུལ་ན་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུ་ཡང་མེད་པར་གྲགས། དཔར་ལས་བྱེད་པའི་མགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང་། དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་ས་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། ཞེས་གསུངས་པ་ལུང་དུ་དྲངས་ནས་དམ་པའི་སྐུལ་པ་དང་བཅས་ཏེ་མཇུག་བསྡུ་བའོ། །
 
·གསར་འགྱུར་གོང་མ:བོད་ཀྱི་ཕལ་སྐད་སྐོར་གླེང་བ། ༡
·གསར་འགྱུར་འོག་མ:ནུབ་བྱང་མི་རིཊ་སློབ་ཆེན་གྱི་ཞིབ་འཇུག་སློབ་མས་གེ་སར་རིག་གནས་ལ་རྟོག་ཞིབ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཡིག་ཁ་པར་བེད་སྤྱོད་སྐོར་གྱི་འཕྲོས་མོལ། 2014/2/21 10:30:41
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 15:44:26 [来自: 112.5.236.197]

 评论者:pvsqil
K32TtN  <a href="http://bzoaryejeajg.com/">bzoaryejeajg</a>, [url=http://sclppcwdslta.com/]sclppcwdslta[/url], [link=http://dhnrsvfcpfrt.com/]dhnrsvfcpfrt[/link], http://undlgysmnysc.com/
发表时间:2016/6/11 22:50:33 [来自: 46.161.9.32]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 5:29:23 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 51 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS