མི་རབས་གསར་བའི་དཔེ་གཟིགས་ཁང་གི་མགྲོན་བརྡ།
མི་རབས་གསར་བའི་དཔེ་གཟིགས་ཁང་ནི་ཉིས་སྟོང་བཅུ་ལོའི་ལུགས་རྙིང་གི་དགུ་བའི་ཉེར་གཉིས་ཉིན་གནའ་མཁར་ཟི་ལིང་ནས་དངོས་སུ་སྒོ་ཕྱེས་པ་ཡིན། དཔེ་གཟིགས་ཁང་འདི་ནི་བོད་རང་གི་ཁྱད་ཆོས་ལྡན་པའི་ཟི་ལིང་གི་དཔེ་གཟིགས་ཁང་དང་པོ་དེ་ཡིན་ཞིང་། འདིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བརྒྱ་དང་བདུན་ཅུ་ལྷག་ཡོད་པས། ཉེ་འཁོར་གྱི་བོད་ཟས་ཁང་དོག་མོ་དག་ལས་ཁོད་ཡངས་ཤིང་། ཟི་ལིང་བོད་མའི་ཁྲོམ་གྱི་བོད་ཟས་ཁང་དག་ལས་གཙང་སྦྲ་བཟང་བས། ལྟོས་བཅས་ཀྱི་ཁོར་ཡུག་འོས་འཚམ་ཞིག་ཡིན།
ན་ནིང་གི་ལོར། ངེད་དཔེ་གཟིགས་ཁང་གིས་ཏག་ཏག་ཟླ་ངོ་གསུམ་ལ་ཚོང་ལས་གཉེར་རྗེས། ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་སྒོ་བརྒྱབ་ཏེ་ཚོང་མཚམས་བཞག་པ་ཡིན། ད་ལོའི་ལུགས་རྙིང་གི་ཟླ་དང་པོའི་ཚེ་བཅུ་གསུམ་ཉིན་དངོས་སུ་སྒོ་ཕྱེས་པ་ཡིན་པས་ཕྱོགས་བཞིའི་མགྲོན་པོ་དག་དུས་ལྟར་ཕེབས་པར་དགའ་བསུ་ཞུ།
ངེད་དཔེ་གཟིགས་ཁང་གི་ཁྱད་ཆོས་གཙོ་བོ།
དཔེ་གཟིགས་ཁང་འདི་ཉིད་འུར་ཟིང་གི་ཁོར་ཡུག་ལས་ལྡོག་པའི་ལྷིང་འཇགས་ཀྱི་སྐྱེད་ཚལ་ཞིག་ཏུ་ཡོད་ལ་ཉིན་གང་བོར་ཉི་འོད་འཛོམས་པོ་ཡིན་པས། མགྲོན་པོ་དག་གིས་ངལ་གསོ་སྐྱིད་པོ་ཞིག་བྱ་ཆོག འདིར་བོད་རྒྱ་དབྱིན་གསུམ་གྱི་དཔེ་དེབ་འོས་འཚམ་ཞིག་ཡོད་པས་མགྲོན་པོ་དག་གིས་ཇ་འཐུང་ཞོར་དང་གཏམ་བགྲོ་ཞོར་དུ་དཔེ་ཆའི་བར་གླེགས་ཀྱི་ཤེས་བྱ་དག་ཀྱང་རྒྱུད་ལ་སྦྱར་ཆོག་པ་དང་། དྲ་རྒྱ་བརྒྱུད་ནས་རྒྱང་རིང་གི་གཉེན་ཉེའམ་གྲོགས་པོ་གང་རུང་ལ་ཁ་བརྡ་བྱ་ཆོག་པར་མ་ཟད། དྲ་རྒྱའི་རིག་གནས་ལ་ཡང་མྱོང་རོལ་བྱ་ཆོག་པས། སྒེར་གཞུང་གང་རུང་གི་བྱ་བ་ཙག་ཙིག་བསྒྲུབ་པར་ཡང་སྟབས་བདེ་བོ་ཡོད།
ད་ལོའི་སྤྱི་ཟླ་གསུམ་པ་ནས་བཟུང་། ངེད་དཔེ་གཟིགས་ཁང་གིས་བོད་ཟས་ཀྱི་གྲངས་ཀ་ཇེ་མང་དུ་གཏང་རྒྱུ་ཡིན་པར་མ་ཟད། སྐྱ་ཟས་ཀྱང་འོས་འཚམ་ཞིག་ཁ་སྣོན་བྱ་རྒྱུ་ཡིན་པས། ཉིད་ཀྱིས་རང་གི་ཁམས་དང་མོས་པ་ལྟར་བཟའ་ལྟུང་བྱ་ཆོག
ངེད་དཔེ་གཟིགས་ཁང་གི་ཞབས་ཞུའི་རྣམ་གྲངས་གཙོ་བོ།
ངེད་དཔེ་གཟིགས་ཁང་ནི་དཔེ་ཆར་གཟིགས་པ་དང་དྲ་བར་འཇུག་པ། བཟའ་ལྟུང་ལ་རོལ་བར་ཞབས་ཞུ་བྱེད་པའི་རྣམ་པ་ཁོ་ན་ལས་འགོངས་པ་ཞིག་ཡིན་པས། རྣམ་པ་ཚོས་གཤམ་གྱི་ཞབས་ཞུའི་རྣམ་གྲངས་དག་ཀྱང་ཡིད་ལ་འཇགས་པར་འཚལ།
༡ ད་ལོ་ནས་བཟུང་ངེད་དཔེ་གཟིགས་ཁང་གིས་ཟི་ལིང་གི་བོད་རིགས་བྱིས་པ་དག་ལ་དམིགས་ནས་བོད་ཡིག་སློབ་ཁྲིད་ཀྱི་དུས་ཚོད་འོས་འཚམ་ཞིག་བཀོད་སྒྲིག་བྱ་རྒྱུ་ཡིན།
༢ ད་ལྟ་བོད་ཁུལ་དུ་དུས་དེབ་དང་སྒེར་དེབ་ཇེ་མང་དུ་འགྲོ་བར་དམིགས་ནས། ཡིག་ནོར་ལ་ཞུ་དག་བྱེད་པ་དང་རྒྱབ་ཤོག་ཇུས་འགོད། དཔར་སྐྲུན་སོགས་བྱ་རྒྱུ་ཡིན།
༣ བོད་དབྱིན་ཡིག་སྒྱུར་དང་ཡི་གེ་གཏག་པ།
༤ ཁྲིམས་མཐུན་སྒོས་འདུ་ཚོགས་བསྡུ་བར་ཁོར་ཡུག་བསྐྲུན་པ་སོགས་བྱ་རྒྱུ་ཡིན་པས། རྒྱ་ཆེའི་དགོས་མཁོ་ཅན་དག་གིས་དུས་ལྟར་ངེད་དཔེ་གཟིགས་ཁང་གི་ལས་བཟོ་བར་འབྲེལ་གཏུག་བྱ་རྒྱུ་མ་བརྗེད་ལགས།
ས་གནས། ཟི་ལིང་མཁར་གྲོང་སྐྱེད་ཚལ་གྱི་ཐོག་ཁང་དགུ་བའི་ཁང་ཤུར་གསུམ་པའི་བརྩེགས་བཞི་བ།
འབྲེལ་གཏུག་ཁ་པར། 0971—8125446(ཁྱིམ་སྤྱོད་ཁ་པར།)
13997387337 (གདོན།)
18797189869 (ཞོགས་ལྗང་།)
地址:西宁市夏都路国际村都市绿洲9号楼3单元401室
གསལ་བཤད། ༼ཤར་དུང་རི༽གསར་བ་ཉོ་འདོད་དག་གིས་འདི་གར་འབྲེལ་གཏུག་གནང་རོགས།