འཛམ་གླིང་ཕྱུག་བདག་ཆེན་མོ་པེར་ཀེ་སིས་གསུང་རྒྱུན་
ཚིག་རྐང་བཅུ་མ་ཞེས་བྱ་བ།
མདོ་སྨད་ཧེ་རུ་ཀའི་ལྗོངས་ཆབ་པའི་ཉི་ཟེར་ལས།
གཅིག སྤྱི་ཚོགས་ལ་འདྲ་མཉམ་མིན་པའི་སྣང་ཚུལ་སྣ་ཚོགས་སུ་ཡོད་གཤིས། ཁྱོད་ཀྱིས་ཐོག་མ་ནས་དེ་ལ་གོམས་མཐུན་བྱེད་པ་ལས་བསྒྱུར་བཅོས་བཟོ་འདོད་ཀྱི་ཀུན་སློང་མི་གནང་བར་ཞུའོ། (རྒྱུ་མཚན་ནི་ཁྱོད་ཀྱི་རང་དབང་ལ་མི་ཡོང་བས་སོ)
གཉིས། སྤྱི་ཚོགས་ཀྱིས་ཁྱོད་ཀྱི་རྩིས་ཐང་ལ་དོ་སྣང་མི་གློད་ཅིང༌། མི་རྣམས་ཀྱིས་ཀྱང་ཉིད་ཀྱི་གྲུབ་འབྲས་ལས་ཅི་ལ་ཡང་བརྩི་མཐོང་བྱེད་མི་སྲིད་པས། ཁྱོད་ཀྱིས་ཀྱང་སྤྱི་ཚོགས་ལ་གྲུབ་འབྲས་ཤིག་མ་ཞོག་པའི་ཡར་སྔོན་ལ་རང་གི་རྩིས་ཐང་དེ་གཙོ་བོར་མི་འཛིན་རོགས། (ཇི་ལྟར་རྩིས་ཐང་བསྙེག་པ་ཡིས། དེ་ལྟར་རང་ཉིད་ཕུང་བའི་རྒྱུ།)
གསུམ། ཁྱོད་རང་སློབ་འབྲིང་མཐར་ཕྱིན་པ་ཞིག་ལས་རྒྱུན་ལྡན་CEO ལ་འགྱུར་མི་སྲིད། མ་མཐའ་ཡང་CEO ཐོབ་ཐང་ལག་ཏུ་མ་སོན་བར་དུ་འགྱུར་མི་དཔེ། (དུས་ཀྱི་ལམ་སྣེ་མ་ཟིན་བར། ཕྱི་རོལ་མི་ཡིས་འདུ་ཤེས་ཀློང༌། སློབ་འབྲིང་བ་ཡི་ཆ་ལུགས་ཉིད། འཚད་པའི་སྣང་དོགས་ཅི་ཡང་དབེན།)
བཞི། ཁྱོད་རང་དཀའ་གནད་དང་ཕྲད་ཡོང་ཚེ་ཅི་ནས་ཀྱང་ལེ་བདའ་མི་བྱེད་པར། དེ་ལས་སློབ་གསོ་དང་ཉམས་མྱོང་བསྡུ་རོགས་མཛོད། (ཁུ་སིམ་སྤོབས་པའི་དཔའ་གདེང་གིས། སླར་ཡང་རྩོམ་པའི་འདུན་མ་བསྐྱེད།)
ལྔ། ཁྱོད་ཀྱིས་ངེས་བར་ཤེས་གསལ་བྱུང་དགོས་རྒྱུ་ཞིག་ལ། ཁྱོད་རང་མེད་པའི་སྔ་རོལ་ནས་ཁྱོད་ཀྱི་ཕ་མ་གཉི་ག་ནི་ད་ལྟའི་འདི་འདྲ་ཞིག་མིན་ཏེ། ཁོ་ཚོས་རྔུལ་ཁྲག་བྱོ་བའི་རིན་ཐང་ཡང་ཁྱོད་ཀྱི་ཆེད་དུ་ཡིན་པ་ཤེས་པར་མཛོད། (ཇི་སྲིད་བསྐལ་བའི་བར་དུ་གུས་མཛད་པ། ཟབ་མོ་གནས་ལུགས་སྲུང་བའི་བདེན་པ་ཉིད།)
དྲུག སློབ་གྲྭར་ཁྱོད་ཀྱི་རྒྱུགས་འབྲས་ཨང་རིམ་ག་འདྲ་ཡིན་པ་མི་གཙོ་ནའང༌། སྤྱི་ཚོགས་སུ་ཞུགས་རྗེས། ཁྱོད་རང་ག་ས་གང་དུ་སོང་ཡང་ཨང་རིམ་དགར་ངེས་ཡིན། (སྤྱི་ཚོགས་དང་ལས་ཁུང་གང་ཡིན་ཡང་ཨང་རིམ་དགར་བ་ནི་རྒྱུན་ལྡན་དུ་གྲུབ་ཡོད་ཕྱིན། བརྩོན་སེམས་ཤུགས་ཀྱིས་བརྟས་ཏེ་འགྲན་རྩོད་བགྱི་བ་ནི་བདེན་པའོ།)
བདུན། སློབ་རའི་ནང་ནས་ངལ་གསོའི་གུང་གསེང་ཡོད་རུང༌། ལས་གནས་སུ་ཞུགས་རྗེས། ཡིད་སེམས་ལྷོད་དུ་བབ་ནས་གུང་གསེང་གཏོང་ཁོམ་ག་ལ་ཡོད། ཐ་ན་ངལ་གསོ་ཏོག་ཙམ་ཀྱང་བགྱི་ཁོམ་མི་འདུག་གོ (དེ་ལྟར་མིན་ཚེ། ཁྱོད་རང་ཇི་སྲིད་དུ་རྗེས་ལུས་ཉིད་དོ།)
བརྒྱད། སློབ་གྲྭར་དགེ་རྒན་གྱིས་ཁྱོད་ལ་སློབ་སྦྱོང་གི་ཐད་དུ་རོགས་སྐྱོར་བྱེད་སྲིད་མོད། ལས་གནས་སུ་ཞུགས་ཡོང་ན་དེ་འདྲ་ཞིག་གཏན་ནས་མ་ཡིན། གལ་ཏེ་ཁྱོད་ཀྱིས་སློབ་གྲྭར་དགེ་རྒན་གྱིས་རང་ཉིད་ལ་རེ་བ་ནན་མོ་བཅངས་སོང་འདོད་པ་ནི་རང་ཉིད་ལས་་སུ་མ་ཞུགས་པའི་མངོན་རྟགས་ཤིག་ཡིན། དེ་ལས་ལྡོག་སྟེ་སྤྱི་ཚོགས་དང་ལས་གནས་སུ་རང་ཉིད་ལ་རེ་བ་ནན་མོ་མི་བྱེད་པ་ནི་ལས་ཀ་ཤོར་བའི་སྔ་ལྟས་ཡིན།(ཁྱོད་ཀྱི་ངེས་པར་དུ་ངེས་ཤེས་ཟབ་མོ་ཞིག་འབྱུང་དགོས་བ་ནི་ལས་གནས་སློབ་གྲྭ་ལས་ཁྱོད་ལ་ནན་སེམས་ཆེ་བའོ།)
དགུ། མི་རྣམས་ཀྱིས་བརྙན་འཕྲིན་ཟློས་གར་ལ་བལྟ་རྒྱུ་དགའ་བོ་བྱེད་ཀྱི་ཡོད་ནའང་༌། ཁྱོད་རང་དེ་རུ་མི་འཇུག་པར་འཚལ། དེ་ནི་ཁྱོད་ཀྱི་འཚོབ་མིན་པས་ཕྱིར། ལས་གནས་སུ་བྱ་བ་སྒྲུབ་པ་ནི་ཁྱོད་ཀྱི་འོས་འགན་བླ་ན་མེད་པ་དེའོ།(དམིགས་འདུན་བོར་བའི་ལམ་ལ་ཞུགས་པ་ཡི། ཇི་སྲིད་རྒྱལ་ཁའི་འབྲས་བུ་ཐོབ་ལེ་མིན།)
བཅུ། ནམ་ཡང་ལྐོག་ནས་མི་ལ་ངན་སྨོད་མི་བྱེད་པར། ལྷག་དོན་རང་གི་འགོ་པ་གང་དེ་ངན་པར་མི་སེམས་རོགས། (འདི་ལྟའི་སེམས་ཀྱི་འཁྱེར་སོ་ལས། མི་འདོད་ལམ་གྱི་གྲོག་ཏུ་འདྲུད།)