ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

སངས་རྒྱས་ཀྱི་མཚན་བཟང་དང་དཔེ་བྱད།

[རྩོམ་པ་པོ:ངེད།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/1/22 10:24:05  བཀླགས་ཐེངས:2586][ཡིག་གཟུགས:ཡིག་གཟུགས་མདོག]

༄༅། །སངས་རྒྱས་ཀྱི་མཚན་བཟང་དང་དཔེ་བྱད་ཀྱི་རྣམ་གྲངས། །

དང་པོ་མཚན་བཟང་པོ་སུམ་ཅུ་སོ་གཉིས་ནི།  རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས།  ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས།  །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུད་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡང་སྐུ་ཆེ་དྲངས། ཞབས་འབུར་མི་མངོན་སྐུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས།  །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག  །ལྤགས་པ་གསེར་མདོག་ལྤགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་རྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་གཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཆེས་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་གསུངས་པ་ལྟར
༡.དབུ་གཙུག་ཏོར་དང་ལྡན་པ།
༢.དབུ་སྐྲ་གྱེན་བུ་འཁྱིལ་བ།
༣.དཔྲལ་བའི་དབྱེས་མཉམ་པ།
༤.མཛོད་སྤུ།
༥.སྤྱན་མཐོན་མཐིང་བ་མཆོག་གི་རྫི་མ་ལྟ་བུ།
༦.ཚེམས་བཞི་བཅུ་མངའ་བ།
༧.ཚེམས་མཉམ་པ།
༨.ཚེམས་ཤིན་ཏུ་དཀར་བ།
༩.ཚེམས་ཐགས་བཟང་བ།
༡༠.རོ་བྲོ་བའི་མཆོག་དང་ལྡན་པ།
༡༡.འགྲམ་པ་སེང་གེའི་འདྲ་བ།
༡༢.ལྗགས་ཤིན་ཏུ་རིང་ཞིང་སྲབ་པ།
༡༣.གསུང་ཚངས་དབྱངས་ལྟ་བུ།
༡༤.དཔུང་མགོ་ཤིན་ཏུ་ཟླུམ་པ།
༡༥.སྐུའི་གནས་བདུན་མཐོ་བ།
༡༦.ཐང་གོང་རྒྱས་པ།
༡༧.པགས་པ་སྲབ་ཅིང་མདོག་གསེར་འདྲ་བ།
༡༨.བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སླེབས་པ།
༡༩.རོ་སྟོད་སེང་གེའི་འདྲ་བ།
༢༠.སྐུ་ཤིང་ནྱ་གྲོ་ངྷ་ལྟར་ཆུ་ཞེང་གབ་པ།
༢༡.བ་སྤུ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་བ།
༢༢.སྐུའི་སྤུ་གྱེན་དུ་ཕྱོགས་པ།
༢༣.འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ།
༢༤ .བརླ་ལེགས་པར་མཛེས་ཤིང་ཟླུམ་པ།
༢༥.ཞབས་ཀྱི་ལོང་བུ་(ལོང་མོའི་ཚིགས)མི་མངོན་པ།
༢༦.ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ།
༢༧.ཕྱག་དང་ཞབས་དྲ་བས་འབྲེལ་བ།
༢༨.སོར་མོ་རིང་བ།
༢༩.ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ།
༣༠.ཞབས་ཤིན་ཏུ་གནས་པ།
༣༡.ཞབས་ཀྱི་མཐིལ་རྟིང་བ་ཡངས་པ།
༣༢.བྱིན་པ་རི་དྭགས་ཎེ་ཡེའི་ལྟ་བུ་སྟེ་སུམ་ཅུ་རྩ་གཉིས་སོ། །

གཉིས་པ་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུ་དེ་གང་དག་ཡིན་ནམ།

སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུན་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྐབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམ་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེད་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་།  །སྐུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང། །ཕྱག་རིས་མདངས་ཡོད་ཟབ་པ་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་ཟབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །དཔུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུགས།  །པད་མའི་འདབ་མ་འདྲ་བ་དང་།  །སྨིན་ཚུགས་རིང་དང་འཇམ་པ་དང་།  །སྣུམ་དང་སྤུ་ནི་མཉམ་པ་དང་།  །ཕྱག་རིང་རྒྱས་དང་སྙན་མཉམ་དང་།  །ཉམས་པ་རྣམ་པར་སྤངས་པ་དང་།  །དཔྲལ་བ་ལེགས་པར་འབྱེས་པ་དང་།  །དབྱེས་ཆེ་བ་དང་དབུ་རྒྱས་དང་།  །དབུ་སྐྲ་བུང་བ་ལྟར་གནག་དང་།  །སྟུག་དང་འཇམ་དང་མ་འཛིངས་དང་།  །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི།  །ཡིད་ནི་འཕྲོག་པར་བྱེད་པ་དང་།  །དཔལ་གྱི་བེའུ་དང་བཀྲ་ཤིས་ནི།  །སངས་རྒྱས་དཔེ་བྱད་བཟང་པོར་བཞེད།  ཅེས་གསུངས་པ་ལྟར།
༡.སེན་མོ་ཟངས་ཀྱི་མདོག་ལྟ་བུ།
༢.སེན་མོའི་མདོག་སྣུམ་པ།
༣.སེན་མོ་མཐོ་བ།
༤.སོར་མོ་རྣམས་ཟླུམ་པ།
༥.སོར་མོ་བྱིན་བྱིན་གྱིས་ཕྲ་བ།
༦.སོར་མོ་རྣམས་རྒྱས་པ།
༧.རྩ་མི་མངོན་པ།
༨.རྩ་མདུད་མེད་པ།
༩.ལོང་བུ་མི་མངོན་པ།
༡༠.ཞབས་མི་མཉམ་པ་མེད་པ།
༡༡.སེང་གེ་སྟབས་སུ་གཤེགས་པ།
༡༢.གླང་པོ ཆེའི་སྟབས་སུ་གཤེགས་པ།
༡༣.ངང་བའི་སྟབས་སུ་གཤེགས་པ།
༡༤.ཁྱུ་མཆོག་གི་སྟབས་སུ་གཤེགས་པ།
༡༥.གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ།
༡༦.མཛེས་པར་གཤེགས་པ།
༡༧.མི་གཡོ་བར་གཤེགས་པ།
༡༨.སྐུ་འཁྲིལ་བག་ཆགས་པ།
༡༩.སྐུ་བྱི་དོར་བྱས་པ་ལྟ་བུ།
༢༠.སྐུ་རིམ་པར་འཚམ་པ།
༢༡.སྐུ་གཙང་བ།
༢༢.སྐུ་འཇམ་པ།
༢༣.སྐུ་རྣམ་པར་དག་པ།
༢༤.མཚན་ཡོངས་སུ་རྫོགས་པ།
༢༥.སྐུ་ཁོ་ལག་ཡངས་ཤིང་བཟང་བ།
༢༦.གོམ་པ་སྙོམས་པ།
༢༧.སྐུ་ཤིན་ཏུ་གཞོན་མདོག་ཅན།
༢༨.སྐུ་ཞུམ་པ་མེད་པ།
༢༩.སྐུ་རྒྱས་པ།
༣༠.སྐུ་ཤིན་ཏུ་གྲིམས་པ།
༣༡.སྐུ་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེད་པ།
༣༢.གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ།
༣༣.དཀུ་ཟླུམ་པ།
༣༤.དཀུ་སྐབས་ཕྱིན་པ།
༣༥.དཀུ་མ་སྙེངས་པ།
༣༦.ཕྱལ་ཕྱལ་ངེ་བ།
༣༧.ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ།
༣༨.ལྟེ་བ་ཟབ་པ།
༣༩.ཀུན་ནས་མཛེས་པ།
༤༠.ཀུན་ཏུ་སྤྱོད་པ་གཙང་བ།
༤༡.སྐུ་ལ་སྨེ་བ་དང་གནག་བག་མེད་པ།
༤༢.ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ།
༤༣.ཕྱག་གི་རི་མོ་མདངས་ཡོད་པ།
༤༤.ཕྱག་གི་རི་མོ་ཟབ་པ།
༤༥.ཕྱག་གི་རི་མོ་རིང་བ།
༤༦.ཞལ་ཧ་ཅང་ཡང་མི་རིང་བ།
༤༧.ཞལ་གཟིགས་ཀྱི་གཟུགས་བརྙན་སྣང་བ།
༤༨.ལྗགས་མཉེན་པ།
༤༩.ལྗགས་སྲབ་པ།
༥༠.ལྗགས་དམར་བ།
༥༡.གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ།
༥༢.གསུང་སྙན་ཅིང་མཉེན་ལ་འཇམ་པ།
༥༣.མཆེ་བ་ཟླུམ་པ།
༥༤.མཆེ་བ་རྣོ་བ།
༥༥.མཆེ་བ་དཀར་བ།
༥༦.མཆེ་བ་མཉམ་པ།
༥༧.མཆེ་བ་བྱིན་གྱིས་ཕྲ་བ།
༥༨.ཤངས་མཐོ་བ།
༥༩.ཤངས་གཙང་བ།
༦༠.སྤྱན་རྣམ་པར་དག་པ།
༦༡.སྤྱན་ཡངས་པ།
༦༢.རྫི་མ་སྡུག་པ།
༦༣.སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མའི་མདངས་ལྟ་བུ།
༦༤.སྨིན་ཚུགས་རིང་བ།
༦༥.སྨིན་མ་འཇམ་པ།
༦༦.སྨིན་མ་སྤུ་མཉམ་པ།
༦༧.སྨིན་མ་སྣུམ་པ།
༦༨.སྙན་ཤལ་སྟུག་ཅིང་རིང་བ།
༦༩.སྙན་མཉམ་པ།
༧༠.སྙན་གྱི་དབང་བོ་མ་ཉམས་པ།
༧༡.དཔྲལ་བ་ལེགས་པར་དབྱེས་པ།
༧༢.དཔྲལ་བ་དབྱེས་ཆེ་བ།
༧༣.དབུ་ཤིན་ཏུ་རྒྱས་པ།
༧༤.དབུ་སྐྲ་བུང་བ་ལྟར་ནག་པ།
༧༥.དབུ་སྐྲ་སྡུག་པ།
༧༦.དབུ་སྐྲ་འཇམ་པ།
༧༧.དབུ་སྐྲ་མ་འཛིངས་པ།
༧༨.དབུ་སྐྲ་མི་གཤོར་བ།
༧༩.དབུ་སྐྲ་དྲི་ཞིམ་པ།
༨༠.ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བས་བརྒྱན་པ་སྡོང་རིས་འཁྱིལ་བ་དང་བཅས་བརྒྱད་ཅུའོ། །
·གསར་འགྱུར་གོང་མ:བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད།
·གསར་འགྱུར་འོག་མ:འདི་ཟླའི་ཟླ་སྨད་དུ་དྲོད་ཚད་འཕར་ཆག་ཆེ་བས་རང་ལྗོངས་སུ་ཤུགས་རྐྱེན་ཐེབས་རྒྱུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:53:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:03:13 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:39:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS