ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

འཕཊ་པ་བཀྲིས་བརྒྱད་པའི་ཚིཊ་བཅད།

[རྩོམ་པ་པོ:འཇུ་མི་ཕམ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/1/6 23:04:11  བཀླགས་ཐེངས:4626][ཡིག་གཟུགས:ཡིག་གཟུགས་མདོག]

  ༄༅༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །

བཀྲ་ཤིས་བརྒྱད་པའི་ཞལ་ཐང་འདི་ཀ་ཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོས་གསར་བསྐྲུན་མཛད་པའོ།།
 

 

ལས་གང་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་འགྲུབ་པ་བདེ་བ་

ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །

ཨོཾ།   སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །

བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །

སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །

ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །

སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་འགྲུབ་དགོངས། །

བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །

ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །

ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །

སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །

ཡིད་ཚིམས་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །

མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །

བདེ་བ་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །

འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །

སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །

ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །

ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །

ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །

ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །

ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །

བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །

རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །

འདོད་འབྱུང་བུམ་བཟང་ཡིད་འོང་ཀྰ་མ་ལ། །

སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །

མི་ནུབ་རྒྱ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །

རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །

ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །

སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །

བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །

ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །

མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུངས། །

འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །

རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །

ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །

པི་ཝང་རལ་གྲི་མཆོད་རྟེན་རྒྱ་མཚན་འཛིན། །

ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །

འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །

བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །

བགེགས་དང་ཉེ་བ་འཚེ་བ་ཀུན་ཞི་ནས། །

འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །

 

        ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོར་མཐོང་། ། གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། ། རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། ། སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པ་རྒྱལ་བ་མཆོག་གིས་གསུངས། རབ་ཚེས་མེ་སྤྲེལ་ཟླ་བ་ཚེས་གསུམ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པ་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོའོ།། །།

འདི་ཉིད་དཔལ་དགྱེས་པ་རྡོ་རྗེས་མཁོ་འདོན་གནང་བའོ། 

·གསར་འགྱུར་གོང་མ:བོད་ཀྱི་བཙན་པོའི་ཆབ་སྲིད་ལམ་ལུགས་ཞིབ་མཇུགཅེས་པ་པར་སྐྲུན་བྱས་ཟིན།
·གསར་འགྱུར་འོག་མ:དགེ་རྒན་གྱི་བསླབ་བྱ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·འཕགས་པ་བཀྲ་ཤིས་བརྩེགས་པའི་མདོ་བཞུགས་སོ། ། 2015/2/19 9:21:50
·དྲ་ཚིཊ་ལེགས་གྲུབ་བྱུང་བར་བཀྲིས་བདེ་ལེཊ་ཞུ། 2009/11/12 9:53:10
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:lbpcaklfez
M864mi  <a href="http://tjdwknuwemwj.com/">tjdwknuwemwj</a>, [url=http://lkysprmmwwuz.com/]lkysprmmwwuz[/url], [link=http://qwfiyaepfyxl.com/]qwfiyaepfyxl[/link], http://ktjphanygrbl.com/
发表时间:2019/7/10 21:22:42 [来自: 5.188.211.35]

 评论者:pwitysrr
UNUG9Y  <a href="http://eggtaqhkkmhw.com/">eggtaqhkkmhw</a>, [url=http://etqrritdchuw.com/]etqrritdchuw[/url], [link=http://tuheczqsjqrf.com/]tuheczqsjqrf[/link], http://brqybsgdykrr.com/
发表时间:2019/7/10 19:47:02 [来自: 5.188.211.35]

 评论者:Judson
I`m unemployed http://femjoy.in.net/ femjoy.com  "We know for sure she was at least run over one time, but at the time she was under foam, so nobody could have seen her," San Francisco Police Chief Greg Suhr told the San Francisco Chronicle.
发表时间:2019/7/8 0:10:50 [来自: 104.238.97.230]

འབྲེལ་ཡོད་དཔྱད་བརྗོད 212 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS