ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

སྤྱི་ལོ་དང་རབ་བྱུང་ལོ་ཁམས་རྩི་ཚུལ།

[རྩོམ་པ་པོ:རྩེ་སྐར།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2010/12/20 18:27:33  བཀླགས་ཐེངས:2279][ཡིག་གཟུགས:ཡིག་གཟུགས་མདོག]
སྤྱི་ལོ་དང་རབ་བྱུང་ལོ་ཁམས་རྩི་ཚུལ་ངོ་སྤྲོད་ཉུང་བསྡུས།
 
མཚོ་སྔོན་པོའི་རྩེ་སྐར་གྱི་ཟིན་བྲིས་ལས་དྲངས།
 
            སྤྱིར་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ལོ་རྒྱུས་ཀྱི་བརྒྱུད་རིམ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་གི་ཡོད་པ་དེ་བཞིན་གང་སྐབས་བབ་ཀྱི་དུས་ཐོག་དེ་ནས་འདས་སོང་གི་ལོ་རྒྱུས་ལ་ཕྱི་མིག་བལྟ་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བྱ་གཞག་ལས་ལམ་དང་འཚམ་པ་ཞིག་ཡིན་པས། དེར་འོལ་ཚོད་ཀྱིས་གཏད་སོ་དང་ཁ་ཕྱོགས་ཅི་ཡང་མེད་པར་འདས་སོང་གི་གླེང་བྱ་ལ་འཁྱོག་བཤད་བྱེད་པ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཡིན། དེའི་ཕྱིར་ལོ་རྒྱུས་ཀྱི་གཏན་ཚིགས་ངེས་ཤེས་དང་ཐག་ཆོད་བྱེད་སླད་སྔ་ཕྱིའི་དུས་སྐབས་ཀྱི་ལོ་ཚིགས་སོགས་ལ་མི་རྨོངས་པ་བྱེད་རྒྱུ་ནི་རྩ་བའི་རྩ་གནད་གལ་ཆེན་ཞིག་ཡིན། དགོས་པ་འདི་གཙོ་གནད་དུ་བཟུང་ནས་རང་རེའི་རྩིས་གཞུང་རྒྱ་མཚོ་ལྟ་བུ་ལས་སྤྱི་ལོ་དང་རབ་བྱུང་ལོ་ཁམས་སོགས་རྩི་ཚུལ་མཁས་པའི་གསུངས་རྒྱུན་དྲི་མ་མེད་པའི་ལུགས་ལྟར་ངོ་སྤྲོད་མདོར་བསྡུས་ཙམ་བརྗོད་ན།
 
སྤྱི་ལོ་རྩི་ཚུལ།
        ཕྱི་ལོའམ་སྤྱི་ལོ་ཞེས་པ་འཛམ་གླིང་སྤྱི་མཐུན་ཐུན་མོང་དུ་གྲགས་པའི་ལོ་རྩི་ཚུལ་ཞིག་སྟེ། དེ་ནི་ཁ་ཆེའི་ཆོས་ལུགས་དང༌། སངས་རྒྱས་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་ཡོད་པ་ལས། ཡེ་ཤུའི་ཆོས་ལུགས་ཀྱི་མངའ་བདག་སྟོན་པ་ཡེ་ཤུ་མ་ཤི་ཀ་འཁྲུངས་ལོ་སྟེ། སྤྱི་ལོའི་སྔོན་གྱི་ལོ་གྲངས་བདུན་ཅུ་དོན་བདུན་ལ་རིགས་ལྡན་གསུམ་པ་བཟང་པོ་ཁྲིར་བྱོན། འདིའི་ཁྲི་ལོ་བདུན་ཅུ་དོན་བརྒྱད་པར་སྤྱི་ལོ་ཞེས་པ་འགོ་ཚུགས་པ་ཡིན།
 
ལོ་རབས་དང་དུས་རབས་རྩི་ཚུལ།
        ལོ་རབས་དང་དུས་རབས་ཀྱི་འགོ་ཡང་སྤྱི་ལོ་ཚུགས་པའི་ལོ་དེ་ནས་རྩི་བ་དང༌། དེ་ལ་བགྲང་བྱ་བཅུ་ཕྲག་གཅིག་ལ་ལོ་རབས་གཅིག་ཏུ་བརྗོད་པ་དང༌། བགྲང་བྱ་བརྒྱ་ལ་དུས་རབས་གཅིག་ཏུ་རྩི་བ་ཡིན། དཔེར་ན། སྤྱི་ལོ་འགོ་ཚུགས་པ་ནས་ད་ལྟ་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་ཡན་ལ་ལོ་གྲངས་ཉིས་སྟོང་བཅུ་འདས་པ་དང༌། དུས་རབས་ཉེར་གཅིག་པའི་བགྲང་བྱ་བཅུ་པ་ཡིན།
 
རབ་བྱུང་རྩི་ཚུལ།
        རབ་བྱུང་དང་པོ་ནི་མེ་ཡོས་སྤྱི་ལོ་ ༡༠༢༧ ལོར་འགོ་ཚུགས་པ་དང༌། ལོ་འདིར་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་རྩ་རྒྱུད་རྒྱ་གར་ནས་བོད་དུ་གདན་དྲངས་ཤིང་བསྒྱུར་བ་དང༌། རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲི་ལོར་བྱོན་པ་ཡིན། རབ་བྱུང་གཅིག་ལོ་རྒན་དྲུག་ཅུ་ཡིན་ལ། དེ་ཡང་མེ། ས། ལྕགས། ཆུ། ཤིང་བཅས་ཁམས་ལྔ་ལོ་རྟགས་བཅུ་གཉིས་ལ་རེ་རེ་བཞིན་ཕོ་མོ་རེ་སྦྱར་དགོས་པ། དཔེར་ན། མེ་མོ་ཡོས། ས་ཕོ་འབྲུག ས་མོ་སྦྲུལ། ལྕགས་ཕོ་རྟ། ལྕགས་མོ་ལུག ཆུ་ཕོ་སྤྲེལ། ཆུ་མོ་བྱ། ཤིང་ཕོ་ཁྱི། ཤིང་མོ་ཕག མེ་ཕོ་བྱི། མེ་མོ་གླང༌། ས་ཕོ་སྟག་ཅེས་ལོ་རྟགས་བསྐོར་ཐེངས་ལྔ་དང་ཁམས་སྐོར་ཐེངས་བཅུ་གཉིས་འཁོར་དགོས།
 
སྤྱི་ལོ་ནས་རབ་བྱུང་རྩི་ཚུལ།
        བསྟན་རྩིས་ཀུན་བཏུས་ནོར་བུ་ལས། སྤྱི་ལོའི་སྟེང་ནས་དུས་མིག་ཕྱོགས། འཕྲི་སྟེ་ལྷག་མ་མཁའ་རོས་བགོ། ལྷག་མར་ལུས་ཚེ་ཐོབ་ནོར་སྟེང༌། གཟུགས་བསྣན་རབ་བྱུང་བགྲང་བྱ་བཅས། གསལ་བར་འཆར་ཞེས་གསུངས་པ་ལྟར་སྤྱི་ལོ་ནས་རབ་བྱུང་རྩི་ན་སྐབས་ཐོག་གི་སྤྱི་ལོའི་སྟེང་ནས་གཅིག་ཀླད་གོར་གཉིས་དྲུག་འཕྲི་སྦྱངས་བྱས་ཤིང༌། ལྷག་མའི་གྲངས་ཀ་དེ་དྲུག་ཅུ་ཐམ་པས་བགོ་དགོས་པ་དང་། ལྷག་གྲངས་ཡོད་ཚེ། ཐོབ་ཆའི་སྟེང་གཅིག་བསྣན་པ་དེ་རབ་བྱུང་ཡིན་པ་དང༌། ལྷག་གྲངས་ག་ཚོད་ཡོད་པ་དེས་བགྲང་བྱ་མཚོན་པ་ཡིན། དཔེར་ན། ད་ལྟའི་སྤྱི་ལོ་ ༢༠༡༠ ནས་རབ་བྱུང་མ་ཚུགས་གོང་གི་ལོ་གྲངས་ ༡༠༢༦ འཕྲི་བའི་ལྷག་གྲངས་ ༩༨༤ ལ་རབ་བྱུང་གཅིག་སྟེ་ལོ་རྒན་ ༦༠ བགོས་པའི་ཐོབ་ནོར་  ༡༦ དང་ལྷག་གྲངས་ ༢༤ ཡིན་པས། ཐོབ་ནོར་ ༡༦ སྟེང་  ༡ བསྣན་པས་རབ་བྱུང་ ༡༧ པའི་བགྲང་བྱ་ཉེར་བཞི་པ་ཡིན། འདིར་དྲུག་ཅུས་བགོས་ཐོབ་ལ་ལྷག་གྲངས་ཡོད་ཚེ་ཐོབ་ཆའི་སྟེང་གཅིག་སྣོན་པ་ནི། དཔེར་ན་ད་ལྟའི་ལོ་སྟེ་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་མཚོན་ན་རབ་བྱུང་བཅུ་དྲུག་པ་ཡོངས་སུ་རྫོགས་ནས་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བཞིར་སླེབས་པ་དང༌། རབ་བྱུང་བཅུ་བདུན་པ་ཧྲིལ་པོའི་མཇུག་མེ་སྟག་གི་བར་ད་དུང་ལོ་གྲངས་སུམ་ཅུ་སོ་དྲུག་འགོར་དགོས་ནའང༌། རབ་བྱུང་བཅུ་བདུན་པ་ཟུག་ཡོད་པས་ཐོབ་གྲངས་ ༡༦ སྟེང་ལྷག་གྲངས་ཡོད་སྟབས་ཀྱིས་ ༡ བསྣན་པས་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བཞི་པ་ཞེས་བརྗོད་འབྲི་བྱེད་དགོས་པའི་རྒྱུ་མཚན་གྱིས་ཡིན་ནོ།།
 
                                                                རབ་བྱུང་ནས་སྤྱི་ལོ་རྩི་ཚུལ།
        བསྟན་རྩིས་ཀུན་འདུས་ནོར་བུ་ལས། རབ་བྱུང་ནི། སྟེང་ནས་གཟུགས་འཕྲི་མཁའ་རོས་བསྒྱུར། བགྲང་བྱ་བསྣན་ལ་སླར་ཡང་དེར། དུས་མིག་ཕྱོགས་བསྣན་སྤྱི་ལོ་འཆར་ཞེས་གསུངས་པ་ལྟར་སྐབས་ཐོག་རབ་བྱུང་གི་གྲངས་ཀ་ལས་གཅིག་འཕྲི་སྦྱངས་བྱས་པ་དང༌། འཕྲི་ལྷག་དེར་དྲུག་ཅུས་བསྒྱུར། དེའི་ཁར་སྐབས་ཐོག་བགྲང་བྱ་དང་ལོ་གྲངས་གཅིག་ཀླད་གོར་གཉིས་དྲུག་བསྣན་ན་སྤྱི་ལོ་འཆར་ཡོད། དཔེར་ན། ད་ལྟའི་རབ་བྱུང་ ༡༧ ནས་  ༡ འཕྲི་སྦྱངས་བྱས་པས་ ༡༦ ལ་རབ་བྱུང་གཅིག་སྟེ་ལོ་རྒན་ ༦༠ བསྒྱུར།  དེའི་སྟེང་སྐབས་ཐོག་བགྲང་བྱ་ ༢༤ དང་རབ་བྱུང་མ་ཚུགས་གོང་གི་ལོ་གྲངས་ ༡༠༢༦ བསྣན་ན་སྐབས་ཐོག་གི་སྤྱི་ལོ་ ༢༠༡༠  འཆར་བ་ཡིན།
 
ཞར་བྱུང་ལོ་རྟགས་དང་འབྱུང་བ་རྩི་ཚུལ།
        སཾ་བོད་སྐད་གཉིས་ཤན་སྦྱར་ལས། གཅིག་ཐིག་ལྕགས་ལ་གཉིས་གསུམ་ཆུ། བཞི་ལྔ་ཤིང་ལ་དྲུག་བདུན་མེ། བརྒྱད་དགུ་ས་ཡི་ཁམས་སུ་ངེས། ཆ་རྣམས་ཕོ་དང་ཡ་རྣམས་མོ། ཞེས་གསུང་པ་ལྟར་སྤྱི་ལོ་གང་ཡིན་གྱི་མཇུག་གི་གྲངས་གཅིག་དང་ཀླད་གོར་གང་ཡིན་ན་འབྱུང་ཁམས་ལྕགས་དང༌། གཉིས་དང་གསུམ་གང་ཡིན་འབྱུང་ཁམས་ཆུ། བཞི་དང་ལྔ་གང་ཡིན་འབྱུང་ཁམས་ཤིང༌། དྲུག་དང་བདུན་གང་ཡིན་འབྱུང་ཁམས་མེ། བརྒྱད་དང་དགུ་གང་ཡིན་འབྱུང་ཁམས་ས་ཡིན་པ་དང༌། གྲངས་དེ་དག་ལས་ཆ་རྣམས་དབང་ཐང་ཕོ་དང༌། ཡ་རྣམས་དབང་ཐང་མོ་ཡིན་པའི་ཚུལ་གྱིས་རྩིས་ཏེ་ལོ་རྟགས་དང་འབྱུང་བ་རྩི་དགོས།
        དེ་ཡང་ལོ་རྟགས་རྩི་ན་མི་དེ་སྐྱེས་དུས་ཀྱི་སྤྱི་ལོ་དེ་དྲུག་ཅུས་བགོས་པ་དང༌། དེས་བགོ་མ་ཐུབ་པའི་ལྷག་གྲངས་དེ་བཅུ་གཉིས་ཀྱི་བགོས་པའི་ལྷག་གྲངས་གང་བྱུང་བ། ལོ་རྟགས་བྱ་ནས་མགོ་བཙུགས་ཏེ་རྩིས་ན་མི་དེའི་ལོ་རྟགས་ལ་འཁེལ་ཐུབ། གལ་སྲིད་ཐོབ་བྱ་ལྷག་གྲངས་མེད་ཚེ་བཅུ་གཉིས་ལྟར་རྩིས་ཆོག དཔེར་ན། སྤྱི་ལོ་ ༢༠༠༡ ལོར་སྐྱེས་པའི་མི་ཞིག་གི་ལོ་རྟགས་འབྱུང་ཁམས་རྩི་ན། སྤྱི་ལོ་ ༢༠༠༡ དེ་ལོ་གྲངས་ ༦༠ བགོས་པ་དང༌། བགོ་མི་ཐུབ་པའི་ལྷག་གྲངས་ ༢༡ དེ་ ༡༢ ཀྱིས་བགོས་པའི་ལྷག་གྲངས་ ༩ ཡིན་པས། དེ་བྱ་ལོ་ནས་མགོ་བཙུགས་ཏེ་རྩིས་ན་ལོ་རྟགས་སྦྲུལ་ལ་འཁེལ་ཡོད།
        སྤྱི་ལོ་ ༢༠༠༡ ལོའི་མཇུག་གྲངས་གཅིག་ཡིན་པས་འབྱུང་བ་ལྕགས་དང་ཡ་ཡིན་པས་དབང་ཐང་མོ་ཡིན། དེའི་ཕྱིར་ལོ་དེར་སྐྱེས་པའི་མི་ཞིག་ཡིན་ཕྱིན་ལྕགས་མོ་སྦྲུལ་ཞིག་ཡིན། གཞན་ལོ་རྟགས་དང་འབྱུང་ཁམས་ལག་སྟེང་ནས་འདེད་ཚུལ་སྟབས་བདེ་ཞིག་ཀྱང་ཡོད་པས་གཞན་དུ་ཤེས་པར་བྱ་རྒྱུ་དང༌། དེ་མིན་མ་བུ་དགྲ་གྲོགས་ཀྱི་རྩི་ཚུལ་སོགས་ནག་རྩིས་སྐབས་ཤེས་རྟོགས་བྱ་དགོས་པའི་གནད་ཅིག་ཡིན་པས་སྐབས་འདིར་བརྗོད་པར་མི་སྤྲོའོ།།
 
 
རྩོམ་ཡིག་འདི་གཤམ་གྱི་ཟིན་བདག་གིས་ལེགས་འདེམས་བྱས་ཟིན།

 

 

Re:སྤྱི་ལོ་དང་རབ་བྱུང་ལོ་ཁམས་རྩི་ཚུལ་ངོ་སྤྲོད་ཉུང་བསྡུས།
[ 2010-12-17 9:38:58 | By: duodanduojie ]
 
duodanduojieཁྱེད་ཀྱིས༼ སྤྱི་ལོ་འགོ་ཚུགས་པ་ནས་ད་ལྟ་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་ཡན་ལ་ལོ་གྲངས་ཉིས་སྟོང་བཅུ་འདས་པ་དང༌། དུས་རབས་ཉེར་གཅིག་པའི་བགྲང་བྱ་བཅུ་པ་ཡིན། ༽ཞེས་པ་དེ་ནོར་འདུག
རྒྱུ་མཚན། ལོ་རབས་ལ་བགྲང་བྱ་བཅུ་བ་ཞེས་རྩི་གིན་མེད། དུས་རབསབཅུ་བ་ཞེས་བརྗོད་དགོས། ལོ་རབས་ནི་བཅུ་ཚན་བཅུ་ཚན་གྱིས་བགྲང་དགོས། རབས་བྱུང་ལ་བགྲང་བྱ་ཞེས་བརྗོད་དགོས། དཔེར་ན། ད་ལོ་རབས་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་བཞི་བ་ཡིན།
 
 
Re:སྤྱི་ལོ་དང་རབ་བྱུང་ལོ་ཁམས་རྩི་ཚུལ་ངོ་སྤྲོད་ཉུང་བསྡུས།
[ 2010-12-17 15:49:26 | By: tsekar ]
 
tsekarསྐུ་ཉིད་ཀྱིས་ཁོ་བོར་ལྷག་བསམ་དག་པས་དཔྱད་ལན་གནང་བར་ཐུགས་རྗེ་ཤུན་ཏུ་ཆེ། འདི་ནི་ཕན་ཚུན་བསམ་བློ་བརྗེ་རེས་ཀྱིས་རིག་གནས་ཀྱི་ཕྱོགས་ལ་རིག་པ་རྩལ་འདོན་གྱི་ལམ་ལུགས་ཡང་དག་ཅིག་ཡིན་པས་རྗེས་སུ་ཡི་རང་ཡོད།
ཁོ་བོས་དུས་རབས་ཉེར་གཅིག་པའི་བགྲང་བྱ་བཅུ་པ་ཞེས་བརྗོད་པ་ནོར་ཡོད་པའི་དབང་དུ་བཏང་ནའང༌། དེ་ལྟར་དུ་བརྗོད་དོན་ལའང་ཁོ་བོར་བསམ་ཕྱོགས་ཀྱི་རྒྱུ་མཚན་ཅུང་ཟད་ཅིག་ཡོད། དེ་ནི་བགྲང་བྱ་བཅུ་ཕྲག་གཅིག་ལོ་རབས་གཅིག་ཏུ་རྩི་ཚུལ་དང༌། བགྲང་བྱ་བཅུ་ཕྲག་བཅུ་སྟེ་བགྲང་བྱ་བརྒྱ་ནི་དུས་རབས་གཅིག་ཏུ་རྩི་ཚུལ་ལྟར་རྩིས་ན་སྤྱི་ལོ་ཉིས་སྟོང་བཅུ་ལོ་ལ་དུས་རབས་ཉེར་གཅིག་པའི་བགྲང་བྱ་བཅུ་པ་ཞེས་བརྗོད་ནའང་མི་ཆོག་པ་ཆེར་མེད་པར་སྙམ་པ་ཡིན། དཔེར་ན། སྤྱི་ལོ་ཉིས་སྟོང་དགུ་ལོ་ལྟ་བུར་མཚོན་ན་དུས་རབས་ཉེར་གཅིག་པའི་བགྲང་བྱ་དགུ་པ་ཞེས་བརྗོད་དགོས་སམ། ཡང་ན་དུས་རབས་ཉེར་གཅིག་པའི་ལོ་རབས་དགུ་པ་ཞེས་བརྗོད་དགོས། འདི་ཡང་གནད་དོན་ཞིག་ཡིན།
གཞན་ཉིད་ཀྱིས་རབ་བྱུང་ལ་བགྲང་བྱ་ཞེས་བརྗོད་དགོས་ཟེར་བ་འདི་ཡང་འགྲིག་ཨེ་ཡོད་སྙམ། བསྟན་རྩིས་ཀུན་བཏུས་ནོར་བུ་ལས། ༼སྤྱི་ལོའི་སྟེང་ནས་དུས་མིག་ཕྱོགས། འཕྲི་སྟེ་ལྷག་མ་མཁའ་རོས་བགོ། ལྷག་མར་ལུས་ཚེ་ཐོབ་ནོར་སྟེང༌། གཟུགས་བསྣན་རབ་བྱུང་བགྲང་བྱ་བཅས། གསལ་པོར་འཆར་རོ་༽ཞེས་གསུངས་པའི་བརྗོད་དོན་ལས་གསལ་པོར་རྟོགས་ཐུབ། ཡང་ཉིད་ཀྱིས་ད་ལོ་རབས་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་བཞི་བ་ཡིན་ཟེར་བ་དེ་རྒྱུ་མཚན་གང་ལ་བརྟེན་ནས་གསུངས་པ་ཡིན། ལུགས་གཞན་ཞིག་གི་ཁུངས་ལུང་ཡོད་ན་མ་ཤེས་མོད། འོན་ཀྱང་འདི་ཡང་། བསྟན་རྩིས་ཀུན་བཏུས་ནོར་བུ་ལས། ༼སྤྱི་ལོའི་སྟེང་ནས་དུས་མིག་ཕྱོགས། འཕྲི་སྟེ་ལྷག་མ་མཁའ་རོས་བགོ། ལྷག་མར་ལུས་ཚེ་ཐོབ་ནོར་སྟེང༌། གཟུགས་བསྣན་རབ་བྱུང་བགྲང་བྱ་བཅས། གསལ་པོར་འཆར་རོ་༽ཞེས་གསུངས་དོན་དང་བསྟུན་ན་སྐུ་ཉིད་ཀྱིས་བརྗོད་པ་ཅུང་འགྲིག་མེད་པར་སྣང༌། ད་ལོ་ནི་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བཞི་པ་ཡིན་ཚུལ། ཁོ་བོས་གོང་གསལ་༼སྤྱི་ལོ་ནས་རབ་བྱུང་རྩི་ཚུལ་༽གྱི་ཚན་པའི་སྐབས་གསལ་བོར་བརྗོད་ཡོད་པས་བསྐྱར་དུ་ཞིབ་གསལ་གྱིས་གཟིགས་རྒྱུ་མཁྱེན། ཁ་དྲོ། བཀྲ་ཤིས།

 
 
Re:སྤྱི་ལོ་དང་རབ་བྱུང་ལོ་ཁམས་རྩི་ཚུལ་ངོ་སྤྲོད་ཉུང་བསྡུས།
[ 2010-12-17 16:37:56 | By: duodanduojie ]
 
duodanduojie༼དཔེར་ན། སྤྱི་ལོ་ཉིས་སྟོང་དགུ་ལོ་ལྟ་བུར་མཚོན་ན་དུས་རབས་ཉེར་གཅིག་པའི་བགྲང་བྱ་དགུ་པ་ཞེས་བརྗོད་དགོས་སམ། ཡང་ན་དུས་རབས་ཉེར་གཅིག་པའི་ལོ་རབས་དགུ་པ་ཞེས་བརྗོད་དགོས། འདི་ཡང་གནད་དོན་ཞིག་ཡིན།༽ ལན། དེ་གཉིས་གང་ཡིན་ཡང་བརྗོད་རྒྱུ་མིན། སྤྱི་ལོ ༼༢༠༠༩༽་བུ་ལ་མཚོན་ན་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་བ་ཞེས་བརྗོད་རྒྱུ་ཡིན། རྒྱུ་མཚན། ལོ་རབས་ནི་བཅུ་ཚན་བཅུ་ཚན་གྱིས་འགྲོ་དགོས་ཞེས་གོང་ནས་ཀྱང་བཤད་ཟིན། འདི་བོད་ཀྱི་སྐར་རྩིས་ཀྱི་གཞུང་ཀུན་ཀྱིས་བཤད་སྟངས་ཡིན། དཔེར་ན། སྤྱོ་ལོ་༼༢༠༡༡༽འདི་ལྟ་བུ་ལ་མཚོན་ན་དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུ་བ་ཞེས་བརྗོད་དགོས། ད་ཁྱོད་ཀྱིས་ཤེས་སོང་ངམ། དེ་མིན་ངས་ད་ལོ་རབས་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་བཞི་བ་ཡིན། ཞེས་པ་དེ་ངོ་མ་ནོར་འདུག ཉམས་པར་མ་བཞག་ད་ལོ་ནི་རབས་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བཞི་བ་རེད་འདུག བཀའ་དྲིན་ཆེ་མཛུབ་སྟོན་གནང་ནོ། ངོ་མ་ཡིན།

·གསར་འགྱུར་གོང་མ:ཡུལ་མི་རྣམས་ལ་གཏམ་དུ་བྱ་བ།
·གསར་འགྱུར་འོག་མ:སློབ་ཆེན་པའི་རྩོམ་རིག་དུས་དེབ་འདབ་ལྡན་གྱི་རྩོམ་བརྡ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དམངས་གཙོ། 2013/9/28 11:58:50
·འཇིག་རྟེན་གྱི་ཁམས་ལས་འཕྲོས་པའི་གཏམ།༡ 2011/4/10 21:36:20
·འཇིག་རྟེན་ཁམས་ལས་འཕྲོས་པའི་གཏམ།༢ 2011/4/6 13:04:10
·བླ་གཟའ་སྲོག་གཟའི་སྐོར། 2010/12/23 14:56:51
·བོད་ཀྱི་ལོ་ཐོའི་རྒྱུན་ཤེས་ཐོར་བུ། 2010/12/15 11:15:49
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 7:40:24 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:28:32 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:32:49 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS