ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

བོད་ལུཊ་སྨན་རྫས་འགའི་ངོས་འཛིན་སྐོར་ལ་དཔྱད་པ།

[རྩོམ་པ་པོ:པད་མ་ཚེ་རིང་དང་འཇམ་དབྱངས་རྒྱ་མཚོ།  ཡོང་ཁུངས:ཀྲུང་གོའི་བོད་རིག་པའི་དྲ་བ།  དུས་ཚོད:2010/10/25 12:17:56  བཀླགས་ཐེངས:1365][ཡིག་གཟུགས:ཡིག་གཟུགས་མདོག]

      བོད་ལུགས་སྨན་རྫས་འགའ་ཞིག་གི་ངོས་འཛིན་སྐོར་ལ་དཔྱད་པ།

                             པད་མ་ཚེ་རིང་དང་འཇམ་དབྱངས་རྒྱ་མཚོ།

           བོད་ལུགས་གསོ་བ་རིག་པ་ལས་སྨན་རྫས་རིག་པ་ནི་མེས་རྒྱལ་གྱི་གསོ་བ་རིག་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་རིགས་མི་དམངས་ཀྱིས་ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་ནད་རིམས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཐོབ་པའི་སྙིང་ནོར་ཡིན་ལ། འདི་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་། གཞུང་ལུགས་ཀྱི་ནང་དོན་ཟབ་པ་དང་། ཁྱད་པར་གྱི་ཆོས་ཉིད་ལྡན་འདུག་གོ ། ཡིན་ནའང་འདས་པའི་ལོ་རྒྱུས་ཐོག་གངས་ལྗོངས་འདིའི་ཡུལ་གྲུ་རྒྱ་ཁྱོན་ཆེ་ཞིང་། སྡོད་གནས་ཐར་ཐོར་ཡིན་པས་ཕན་ཚུན་ཁ་ཐག་རིང་ལ། འགྲིམ་འགྲུལ་སྟབས་བདེ་མེད་པ། ཆ་འཕྲིན་འགག་པོ་ཡིན་པ་སོགས་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་ཡུལ་དང་ས་གནས་སོ་སོས་སྨན་རྫས་ཀྱི་ངོས་འཛིན་དང་བཀོལ་ཚུལ་སོགས་རྙོག་འཛིང་མང་བས། དངོས་པོ་གཅིག་ཀྱང་དངོས་མིང་ཐ་དད་པ་དང་། དངོས་པོ་མི་འདྲ་ནའང་དངོས་མིང་གཅིག་ཏུ་འདོགས་པ་སོགས་སྣང་ཚུལ་བྱུང་དང་འབྱུང་བཞིན་པས། སྨན་རྫས་ཀྱི་འཁོར་རྒྱུག་དང་བཀོལ་སྤྱོད་ཕྱོགས་ལ་འགལ་རྐྱེན་སློང་བཞིན་མཆིས། བོད་སྨན་གྱི་སྨན་རྫས་དངོས་མིང་ལ་གཅིག་གྱུར་གྱི་ཚད་གཞི་བཟོ་སྐྲུན་བྱ་རྒྱུ་ནི་བྱ་བ་དོན་སྙིང་ལྡན་པ་ཞིག་ཏུ་བསམས་ནས་འདི་རུ་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ལོ༢༠༠༠ལོའི་བོད་སྨན་སྨན་རྫས་ཀྱི་དངོས་མིང་གཅིག་གྱུར་ཚད་གཞིའི་གཞུང་ལུགས་གྲོས་ཞིབ་བྱེད་པར་བཏོན་པའི་སྨན་སྣ༡༦༠ལས་རེབ་འདིར་སྨན་སྣ༡༣ལ་དེང་རབས་ཚན་རིག་གི་དབྱེ་བ་དང་བོད་ཀྱི་སྨན་དཔེ་ཁུངས་མ་རྣམས་ཀྱི་བཞེད་ཚུལ། རྒྱ་སྐད་ཀྱི་ཐ་སྙད་དང་རྒྱལ་སྤྱིའི་ཐ་སྙད་བཅས་རྦུར་ནས་ཆེད་རྩོམ་འདི་སྤེལ་བ་ཡིན་ལ་སྐྱོན་དང་ནོར་འཁྲུལ་ནི་གཡོལ་ཐབས་དང་བྲལ་བ་ཞིག་ཡིན་སྟབས། མཁྱེན་དཔྱོད་ཡངས་པའི་ཤེས་ལྡན་དག་གིས་འཕྱ་སྨོད་མི་གནང་བར་དགོངས་འཆར་རིན་པོ་ཆེ་ལྟ་བུ་གནང་རྒྱུའི་རེ་འདུན་ཞུ་བ་ལགས།

དར་ཡ་ཀན།
    དར་ཡ་ཀན་ཞེས་པ་ཞང་ཞུང་གི་སྐད་དེ་བདུད་རྩིའམ་ཐེངས་ཆོག་ལ་འཇུག་ཅིང་། དེར་གནད་དམིགས་རེར་ཟབ་པའི་སྨན་གྱི་ཆེ་བ་བརྗོད་པའི་མིང་ཡིན་ལ། དམིགས་པ་གནད་ཀྱི་དར་ཡ་ཀན་དང་བབ་པ་སྐབས་ཀྱི་དར་ཡ་ཀན། རིགས་གཉིས་སུ་བཀར་ནས་བསྡོམས་པའི་སྨན་སྣ་ཉི་ཤུ་རྩ་ལྔར་བཤད་པ་ལས། ང་ཚོས་དུས་རྒྱུན་དུ་དར་ཡ་ཀན་ཞེས་འབོད་པའི་སྨན་ལྡུམ་ནི་འཁྲུངས་དཔེ་ལས་གསལ་བའི་བྱང་ཁོག་ཆུ་སེར་སྐེམ་པ་ལ་ཆུ་ཀླུང་སྐྱེ་བའི་དར་ཡ་ཀན་ཞེས་པ་དེང་རབས་སྐྱེ་དངོས་རིན་པས་སྐྱེ་དངོས་དབྱེ་བ་ལས་ཧྲི་ཙི་དཔའ་ཁོ (十字花科) སྟེ་རྒྱ་གྲམ་མེ་ཏོག་གི་སྡེ་ཁོངས་སུ་གཏོགས་པའི་སྔོ་ལྡུམ་ལ་རྒྱ་སྐད་དུ་ཏུའུ་ཞིན་ཚའེ (独行菜) ཟེར་བ་རྒྱལ་སྤྱིའི་ཐ་སྙད་དུ་ lepidiumapetalunlwilld ཞེས་བྲིས་ཡོད་པ། ཤེལ་ཕྲེང་དུ་མིང་གི་རྣམ་གྲངས་ལ་ཁྲག་ཁྲོག་པ། ཁྲག་ཀྲོད་པ། ཁང་ཕུག་པ། ཁང་ཐོག་སྐྱེས། ཁུ་ཐོག་སྐྱེས་བཅས་ཟེར་བའི་སྔོ་སྨན་འདི་ཡིན། གཞན་ད་དུང་དར་ཡ་ཀན་གྱི་མིང་ཐོགས་པའི་སྨན་རྫས་ནི། ༡ ཚེར་སྔོན་པ་ལ་རིག་གཉན་མགུལ་སྐྱེས་དར་ཡ་ཀན། ༢ ཤང་དྲིལ་དམར་པོ་ལ་ཀླུ་ཤོད་སྐྱེས་པའི་དར་ཡ་ཀན། ༣ ཆུ་ལྡུམ་པ་ལ་ཆུ་མིག་ནང་སྐྱེས་དར་ཡ་ཀན། ༤ ཁྲག་ཁྲོག་པ་ལ་ཆུ་ཀླུ་སྐྱེས་པའི་དར་ཡ་ཀན། ༥ ཧ་ལོ་ལ་བརྒྱ་བྱིན་ལྷ་སྲུང་དར་ཡ་ཀན། ༦ སྒ་ཏིག་པ་ལ་དམུ་རྫིང་སེལ་བའི་དར་ཡ་ཀན། ༧ ཀླུ་བདུད་ལ་ཀླུ་རྣམས་འདུལ་བའི་དར་ཡ་ཀན། ༨ ཡུ་གུ་ཤིང་ལ་རྨ་རྣམས་འདྲུབ་པའི་དར་ཡ་ཀན། ༩ གང་གཱ་ཆུང་ལ་ལ་ལས་འོང་བའི་དར་ཡ་ཀན། ༡༠ སྲད་སྨུག་ལ་སྨུག་པོ་དར་ཡ་ཀན། ༡༡ བྱ་རྒོད་སུག་པ་ལ་ལྷོག་པ་འདུལ་བའི་དར་ཡ་ཀན། ༡༢ ལྕི་འབྲུམ་ལ་ངང་བ་ཆིག་རྒྱུད་དར་ཡ་ཀན།༡༣ སྤང་ཚན་སྤུ་རུ་ལ་རྣག་རྣམས་འདུལ་བའི་དར་ཡ་ཀན། ༡༤ དབྱི་མོང་ལ་གྲང་སྐྲན་འདུལ་བའི་དར་ཡ་ཀན། ༡༥ སྤང་རྒྱན་དཀར་པོ་ལ་གློ་ནད་སེལ་བའི་དར་ཀན། ༡༦ བྱ་རྐང་བ་ལ་སྔོན་པོ་དར་ཡ་ཀན། ༡༧ ཁུར་མང་ལ་བདུད་རྩི་དར་ཡ་ཀན། ༡༨ བྱ་རོག་ནོར་བུ་ལ་འཆི་མེད་དར་ཡ་ཀན། ༡༩ སྟག་ཤ་ལ་ཤ་རྒྱལ་དར་ཡ་ཀན། ༢༠ རྨ་བྱའི་ཤ་ལ་དུག་འཇོམས་དར་ཡ་ཀན་ནམ་ཤ་དར་ཡ་ཀན། ༢༡དངུལ་ཆུ་ལ་ཐིག་ལེ་དར་ཡ་ཀན། ༢༢ གླ་རྩི་ལ་རྩི་དར་ཡ་ཀན། ༢༣ བྱ་སྒོད་མཁྲིས་པ་ལ་གནམ་དར་ཡ་ཀན། ༢༤ ཅོང་ཞི་ལ་རྡོ་དར་ཡ་ཀན། ༢༥ བྲག་ཞུན་ལ་ཁྲག་དར་ཡ་ཀན་བཅས་སོ། །

རེ་སྐོན་པ།
    རེ་སྐོན་པ་ནི་དེང་རབས་ཀྱི་སྐྱེ་དངོས་དབྱེ་བ་ལས། ཡིང་སུའུ་ཁོ (罂粟科)སྟེ་རྒྱ་མེན་གྱི་སྡེ་ཁོངས་སུ་གཏོགས་པའི་སྐྱེ་དངོས་མིང་གི་རྣམ་གྲངས་ལ་རེ་སྐོན་རྩི་དམར། རྩི་དམར་རྐང་གཅིག ཕུག་རོན་རྐང་། ཟླ་བའི་དུག་རྩི་དམར་ཟིལ་བ་ཅན་སོགས་ཟེར་བ། རྒྱ་སྐད་དུ་ནེ་པ་ལའི་ཙི་ཅིན(尼泊尔紫堇 )ཞེས་འབོད་པ། རྒྱལ་སྤྱིའི་ཐ་སྙད་དུ Corydalls hendersonii HemsL ཞེས་བྲིས་ཡོད་པ། ལག་ལེན་དུ་རྩི་དམར་རྩི་སྐྱ་ཞེས་རིགས་གཉིས་སུ་བཀར་ཡང་སྐྱེ་སའི་དབང་གིས་མདོག་ལ་ཁྱད་པར་ཅུང་ཙམ་ཞིག་མཆིས་ཤིང་ངོ་བོ་གཅིག་ཡིན་པའི་སྐྱེ་དངོས་དེ་ལ་ཟེར་རོ། །ཤེལ་ཕྲེང་ལས་ཀྱང་། རྩི་དམར་རྐང་གཅིག་གཡའ་སྤང་སྐྱེས། །ལོ་མ་སྔོ་སེབ་ས་ལ་བགྲད། །མེ་ཏོག་དཀར་སེར་ཆུང་ལ་མཛེས། །རྩ་བ་རྐང་གཅིག་རབ་ཏུ་དམར། །ཞེས་པ་དེ་དངོས་རེད། ང་ཚོས་ཀྱང་དེ་ལ་ངོས་འཛིན་བྱེད་པ་ལས་གཞན་མེད་དོ། །

གང་གཱ་ཆུང་།
    གང་གཱ་ཆུང་ནི་དེང་རབས་སྐྱེ་དངོས་རིག་པས་སྐྱེ་དངོས་དབྱེ་བ་ལས་ལུང་ཏན་ཁོ(龙胆科)སྟེ་སྤང་རྒྱན་མེ་ཏོག་གི་སྡེ་ཁོངས་སུ་གཏོགས་པའི་སྔོ་ལྡུམ་གང་གཱ་ཆུང་ངམ་མིང་གཞན་ལ་གངས་ལས་སྐྱེས་པའི་ཨ་བྷི་ཥྲ། ལ་ལས་འོང་བའི་དར་ཡ་ཀན། དཀར་པོ་ཆིག་ཐུབ་སོགས་ཟེར་ཞིང་རྒྱ་སྐད་དུ་ཝུའུ་ནུའུ་ལུང་ཏན(乌奴龙胆)ཞེས་འབོད་པའི་མེ་ཏོག རྒྱལ་སྤྱིའི་ཐ་སྙད་དུ Gentiana urnula H.sm ཞེས་བྲིས་ཡོད་པའི་སྐྱེ་དངོས། ཤེལ་ཕྲེང་དུ། མཐོ་བའི་གཡའ་ཞིབ་རྫ་ལ་སྐྱེ། ། ལོ་མ་ཐིས་ཚེ་བརྩེགས་པ་ཡི། །ཟུར་བཞི་ལོགས་བརྒྱད་མཆོད་རྟེན་བརྩེགས། །དེ་སྟེང་མེ་ཏོག་དཀར་པོ་ལ། །སྔོ་དང་དམར་བའི་མདངས་འོད་ཆགས། །དྲིལ་བུ་གྱེན་དུ་ཁ་བཟེད་འདྲ། །རྩ་བ་རྒྱུས་པ་འཛིངས་པ་འདྲ། །ཞེས་པར་མིང་དོན་མཚུངས་སོ། །སྨན་པ་ལ་ལས་ཟིན་ཏིག་དཀར་པོ་གང་གཱ་ཆུང་བྱེད་པ་ནི་ཁུངས་ལུང་མེད་པས་མི་འཐད་དོ། །

བོང་ང་དཀར་པོ།
    བོང་དཀར་ནི་རྟོགས་བརྗོད་ལས། གངས་འདབས་བསིལ་ལྗོངས་འཛིན་མའི་བོང་དཀར་ང་། །དུང་རྩ་གླང་ཆེན་གཞོན་ནུའི་མཆེ་བ་ལ། །གཡུ་ལོའི་མེ་ཏོག་ནོར་བ་བཻཌཱརྱ། །དུག་དང་མཁྲིས་ཚད་སེལ་བའི་གཙོ་མོ་ལགས། །ཞེས་པ་ལྟར་དེང་རབས་སྐྱེ་དངོས་རིག་པས་སྐྱེ་དངོས་དབྱེ་བ་ལས། མའོ་ཀིན་ཁོ(毛茛科)སྟེ་སྔོ་སྲུབ་ཀྱི་སྡེ་ཁོངས་སུ་གཏོགས་པའི་སྐྱེ་དངོས་ཤིག་ཡིན་པར་བཤད། མིང་གི་རྣམ་གྲངས་ལ་ཨ་ཏཱི་བི་ཥྲ་དང་། ཤིན་ཏུ་དུག་མེད། གངས་ཀྱི་ཞུན་ཆུང་། སྤྲེལ་སྨན་བཅད་འབྱོར། ཨ་རྫ་ཤ་སོགས་ཟེར་ལ་ངོས་འཛིན་རིགས་གཉིས་ཡོད་པ་མཐོང་མྱོང་བས། གཅིག་གི་མིང་ལ་རྒྱ་སྐད་དུ་པན་ཞིན་ཝུའུ་ཐོའུ乌头)ཟེར་བ་དང་། རྒྱལ་སྤྱིའི་ཐ་སྙད་དུ Aconitum navicular stapf ཞེས་པ་དང་། གཞན་ཞིག་གི་མིང་ལ་ཐང་ཀུའུ་ཐེ་ཝུའུ་ཐོའུ(唐古特乌头)ཟེར་བ་རྒྱལ་སྤྱིའི་ཐ་སྙད་དུ Aconitum tanguticum ( Maxim ) stapf ཞེས་བྲིས་ཡོད་པ་དེ་གཉིས་པོ་རེད། རང་རེའི་སྨན་ཁང་གིས་རྗེས་མ་དེ་ལ་ངོས་འཛིན་བྱེད་དོ། །
མཛོ་མོ་ཤིང་།
    མཛོ་མོ་ཤིང་ནི་དེང་རབས་སྐྱེ་དངོས་རིག་པས་སྐྱེ་དངོས་དབྱེ་བ་ལས། ཏོའུ་ཁོ (豆科) སྟེ་གང་བུ་ཅན་ནམ་སྲན་མའི་རིགས་ཀྱི་སྡེ་ཁོངས་སུ་གཏོགས་པའི་ཤིང་ཕྲན་ཚེར་མ་ཅན་མིང་གི་རྣམ་གྲངས་ལ་མཛོ་མོ་ཤིང་དང་། མཛོ་ཤིང་། མཛོ་ཚེར། བོད་ཀྱི་ཙན་དན། ཁྱི་རྔ་སྤྱང་ཚེར། ཨ་ལ་ཁ་སུག་ཡུ་མོའི་ཚེར་མ་སོགས་སུ་འབོད་པ་དང་། རིགས་གཉིས་སུ་དབྱེ་བའི་གཅིག་ནི་བཻ་སྔོན་དུ་བཤད་པའི་ཤིང་ཚེར་མ་ཅན་གྲ་མ་ལས་ཆེ་བ་སྤུ་དཀར་པོས་ཁྱབ་པ་མེ་ཏོག་སེར་པོ་ཅན་ཤིང་གི་སྙིང་བོ་ཙན་དན་དམར་པོ་ལྟ་བུའོ་ཞེས་པ་རྒྱ་སྐད་ཀྱིས་མིང་ལ་ཅི་ཨེར (锦鸡儿)ཟེར་ཞིང་། རྒྱལ་སྤྱིའི་ཐ་སྙད་དུ Caraganatibetica ( Maxim ) Kom ཞེས་བྲིས་འདུག་པ་དེ་དང་། གཞན་ཞིག་ནི་ཤེལ་ཕྲེང་དུ་ལོ་མ་ཞིབ་ཅིང་སྡོང་བོ་ཐམས་ཅད་ཚེར་མས་ཁྱབ་པས་ཝའི་རྔ་སྤུ་གཟེངས་པ་ལྟ་བུ་ལས་ལོ་མ་ཆེར་མི་མངོན་པ། མེ་ཏོག་དཀར་ལ་དམར་མདངས་ཆགས་པ་སྲན་མའི་མེ་ཏོག་གི་དབྱིབས་ཅན། རྩ་བ་དང་པགས་པ་རྒྱུས་པ་ལྟ་བུས་ཐག་པ་རུང་བ་དེའི་ཤིང་སྙིང་ཙན་དན་དམར་པོའོ་ཞེས་བསྟན་པས་ཚེར་ཤིང་ཡུལ་སྐད་དུ་ཁོལ་མོའི་གཡོག་ཚེར་རམ་ཡུ་མོའི་ཚེར་མ་ཞེས་བྲིས་ཡོད་པ་དེ་གཉིས་ཡིན་ལ་ང་ཚོས་རྒྱུན་བཀོལ་གྱི་མཛོ་མོ་ཤིང་ནི་གོང་གི་རིགས་དང་པོའོ། །

མཆིན་པ་ཞོ་ཤ།
    མཆིན་པ་ཞོ་ཤ་ནི་དེང་རབས་སྐྱེ་དངོས་རིག་པས་སྐྱེ་དངོས་དབྱེ་བ་ལས། ཏོའུ་ཁོ (豆科) སྟེ་སྲན་མའི་སྡེ་ཁོངས་སུ་གཏོགས་པའི་ཤིང་སྡོང་ཆེན་པོ་ཞིག་གི་འབྲས་བུར་བཤད། མིང་ལ་མཁལ་མ་ཞོ་ཤ བ་མཁལ་སྨུག་པོ། སུག་པ་ཕ་མ། ཤ་ལུ་ཀ གླང་མིག་སོགས་ཟེར་ལ། རྒྱ་སྐད་ཀྱིས་ཁོ་ཐེང་ཙི(磕藤子)ཞེས་འབོད་པ། རྒྱལ་སྤྱིའི་ཐ་སྙད་དུ Entada phaseolids ( L ) Merr ཞེས་བྲིས་ཡོད་པའི་འབྲས་བུ་མཆིན་པའི་མདོག་ཅན་ལེབ་མོ་གླང་མིག་དང་འདྲ་བ་དེ་ཡིན། ཤེལ་ཕྲེང་དུ། བ་མཁལ་སྨུག་པོ་ཞེས་བྱ་བ། །ལྷ་རོང་ཚ་བའི་ཡུལ་དུ་སྐྱེ། །ཤིང་སྡོང་མཆོག་ཏུ་ཆེ་བ་ལ། །གང་བུ་འདོམ་ཕྱེད་ཙམ་ནང་ནས། །འབྲས་བུ་དམར་པོ་གླང་མིག་འདྲ། །མཆིན་པའི་མདོག་ཅན་ལེབ་མོའོ། །ཞེས་པས་གསལ་ལོ། །རང་རེའི་སྨན་ཁང་གི་ངོས་འཛིན་ཡང་འདི་གཅིག་པོ་ལས་མེད།

ཆུ་མ་རྩི།
   ཆུ་མ་རྩི་ལ་ངོས་འཛིན་རིགས་བཞི་ཡོད་པ་མཐོང་མྱོང་། གཅིག་ནི་དེང་རབས་སྐྱེ་དངོས་རིག་པས་སྐྱེ་དངོས་དབྱེ་བ་ལས་ལིའོ་ཁོ (蓼科)སྟེ་ཆུ་རྩའི་སྡེ་ཁོངས་སུ་གཏོགས་པའི་སྐྱེ་དངོས་ཤིག   རྒྱ་སྐད་ཀྱིས་མིང་ལ་ཞི་པོ་ལིའཆ་ཡ་ལིའོ (西伯利亚蓼)ཞེས་པ། དབུས་ཆབ་མདོ་སྨན་རྩིས་ཁང་གིས་བསྒྲིགས་པའིའཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོངདུ་ཙི་ཙི་ས་འཛིན་ལ་ངོས་འཛིན་བྱས་ཡོད་པ། མགོ་ལོག་ས་ཁུལ་གྱི་དམངས་ཁྲོད་དུ་ཨ་ལོ་རྒྱུ་ལོ་ཞེས་འབོད་པ། རྒྱལ་སྤྱིའི་ཐ་སྙད་དུ་Polygonumsibiricm Laxm ཞེས་བྲིས་ཡོད་པའི་ལྡུམ་བུ་ཞིག་རེད། གཉིས་ནི་སྐྱེ་དངོས་སྡེ་ཁོངས་གོང་དང་མཚུངས་པའི་སྐྱེ་དངོས་ཤིག་སྟེ་མིང་ལ་སྐྱུ་རུ་མུ་རུ་དང་། ཡུལ་སྐད་དུ་སྐྱུ་རུ་ལེབ་མོ་ཞེས་འབོད་པ། རྒྱ་སྐད་དུ་ཞའོ་ཏེ་ཧོང་ངམ་ཨའེ་ཏེ་ཧོང (小大黄,矮大黄)ཟེར་བ།རྒྱལ་སྤྱིའི་ཐ་སྙད་དུ Rhoum pumilum Maxim ཞེས་བྲིས་ཡོད་པ། ཤེལ་ཕྲེང་དུ་རྒོད་གཡུང་གཉིས་སུ་བཀར་བའི་རྒོད་པོ་དེ་རེད། གསུམ་ནི་སྐྱེ་དངོས་ཀྱི་ཁོངས་གཏོགས་གོང་དང་མཚུངས་པ། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་དུ་ཆུ་མ་རྩི་གཡུང་ལྡུམ་དུ་ངོས་འཛིན་བྱས་པ་ལས་མིང་གཞན་པ་མ་མཐོང་། རྒྱ་སྐད་དུ་ཡིང་མའོ་ལིའོ (硬毛蓼) ཞེས་འབོད་པ། རྒྱལ་སྤྱིའི་ཐ་སྙད་དུ Polygonum hookoirirnoisn ཞེས་བྲིས་ཡོད་པའི་སྐྱེ་དངོས་དེ་རེད། བཞི་ནི་སྐྱེ་དངོས་ཀྱི་ཁོངས་གཏོགས་གོང་དང་མཚུངས་པའི་སྐྱེ་དངོས་ཤོ་མང་བའི་རིགས་ཆུང་བ་ཞིག་སྟེ་མིང་ལ་མཁའ་འགྲོ་ལ་ཕུག་ཟེར་བ་ཡུལ་སྐད་དུ་ཆུ་ལྕུམ་ཆུང་བ་ཞེས་འབོད་པ། རྒྱལ་སྤྱིའི་ཐ་སྙད་དུ་ Rheum sp ཞེས་བྲིས་ཡོད་པའི་སྐྱེ་དངོས་ཤིག་བཅས་སོ། །རང་རེའི་བོད་སྨན་ཁང་གིས་ཁམ་གཙང་འབྲུག་རྒྱལ་མཆོག་དང་དགེ་རྒན་མཐུ་ལྡན་ལགས་ཀྱི་ཕྱག་ལེན་ལྟར་དུ། གོང་གསལ་གྱི་རིགས་གཉིས་པ་སྟེ་སྐྱུ་རུ་མུ་རུ་ཞེས་པ་སྡེབ་ཁར་འཕངས་པས་ནུས་པ་བཟང་བོར་ཐོན་འདུག

གླ་སྒང་བ།
   གླ་སྒང་བ་ལ་རིགས་གཉིས་ཡོད། གཅིག་ནི་འཁྲུངས་དཔེར། མོན་ལུག་གླ་སྒང་ཞེས་བྱ་བ། །སྤང་ཤུལ་མཐུག་པོའི་ས་ལས་སྐྱེ། །ལོ་མ་ཕྲ་ལ་རབ་ཏུ་ཆུང་། །རྩ་བ་ཕྲ་ལ་མང་བ་སྟེ། །ཞེས་པ། དེང་རབས་སྐྱེ་དངོས་དབྱེ་བ་ལས་ལིའོ་ཁོ ( 蓼科) སྟེ་ཆུ་རྩའི་རིགས་ཀྱི་སྡེ་ཁོངས་སུ་གཏོགས་པའི་སྔོ་ལྡུམ་མེ་ཏོག་དཀར་པོ་ལུག་རིལ་ཙམ་འཆར་བ་མིང་གི་རྣམ་གྲངས་ལ་མོན་ལུག མོན་ཆུ་རབ་པ། ལང་གུ་ར། རུས་མདུད་མུ་བྷི་ཟེར་བ། ཡུལ་སྐད་དུ་མོན་བུ་དཀར་རས་ཞེས་འབོད་པ། རྒྱ་སྐད་དུ་ཐོའུ་ཧྭ་ལིའོ (头花蓼) ཟེར་བ། རྒྱལ་སྤྱིའི་ཐ་སྙང་དུ Polygonum sphae-rostachyum Meissn ཞེས་བྲིས་ཡོད་པའི་མེ་ཏོག་དེ་ཡིན་ལ། གཞན་ཞིག་ནི་གླ་སྐང་རྒོད་གཡུང་གཉིས་ལས་གཡུང་བ་སྟེ། ཤེལ་ཕྲེང་དུ་འདི་ལ་རིགས་གཉིས། སྔ་མ་རྒོད་དང་། གཡུང་བ་ནི་ས་འབོལ་སར་སྐྱེ་བའི་ལོ་མ་ཕྱོགས་ཙམ་ལོ་བཙན་པ་དང་འདྲ་ལ་རྐང་དམར་བ། མེ་ཏོག་རྒྱ་དཀར་སྤེན་མའི་མེ་ཏོག་ཆེ་ཤོས་ཙམ་འཆར་བ་རྩ་བ་མོན་བུ་འདྲ་ལ་ཕྱི་ནག་ནང་དམར་རོ་བསྐ་བའོ་འེས་པ་སྟེ། དེང་རབས་ཀྱི་སྐྱེ་དངོས་དབྱེ་བ་ལས་མའོ་ཉིའུ་ཨེར་མིའོ་ཁོ (牦牛儿苗科) ཞེས་པ་ག་དུར་དམན་པའི་སྡེ་ཁོངས་སུ་གཏོགས་པའི་མེ་ཏོག་སྟེ་གླ་སྐང་མེ་ཏོག་ཟེར། རྒྱ་སྐད་དུ་ཀན་ཆིང་ལའོ་ཀོན་ཚའོ (甘青老鹳草) ཞེས་འབོད་པ། རྒྱལ་སྤྱིའི་ཐ་སྙད་དུ Geraniumpyl ZoWianum Maxim ཞེས་བྲིས་ཡོད་པའི་མེ་ཏོག་དེའི་རྩ་བ་ཡིན་ལ། ང་ཚོས་ཀྱང་དེ་ལྟར་བྱེད་དོ། །

ཤིང་ཚ།
   ཤིང་ཚ་ནི་དེང་རབས་སྐྱེ་དངོས་རིག་པས་སྐྱེ་དངོས་དབྱེ་བ་ལས་ཀྲང་ཁོ (樟科)སྟེ། ག་བུར་རིགས་ཀྱི་སྡེ་ཁོངས་སུ་གཏོགས་པའི་ཤིང་སྡོང་ཀ嗐་ཞེས་འབོད་པའི་ཤུན་པ་ཡིན་པར་བཤད། རྒྱ་སྐད་དུ་རོའུ་ཀུའེ ( 肉桂) ཞེས་ཟེར་བ་དང་། རྒྱལ་སྤྱིའི་ཐ་སྙད་དུ་ CinnamOmum cassiaprel ཞེས་བྲིས་ཡོད་པ། ཤིང་སྡོང་གི་ཆེ་ཆུང་དང་ཤུན་པའི་མཐུག་སྲབ་ལྟར་དུ་རིམ་བཞིན་ཆེས་སྲབ་མོ་ལ་རོའུ་ཀེའུ་དང་། དེའི་མཐུག་པོ་ལ་ཀོན་ཀུའེ ( 官桂 ) ། དེའི་མཐུག་པོ་ལ་ཆི་པེན་ཀུའེ ( 企边桂 ) ཤིང་རྒན་གྱི་ཤུན་པགས་ཧ་ཅང་མཐུག་པོ་དེ་ལ་པན་ཀུའེ ( 板桂 )བཅས་ཟེར་ནའང་མ་གཞིའི་འབྱུང་ཁུངས་སྐྱེ་དངོས་གཅིག་ལས་ཐ་དད་དུ་མེད་དེ། ནུས་པ་ཤིང་གསར་སྐྱེས་ཀྱི་ཤུན་ལྤགས་སྲབ་མོ་དེ་བཟང་བ་རེད།

ཚར་བོང་།
   ཚར་བོང་ནི་འཁྲུངས་དཔེ་ལས། མཁན་རིགས་ཚར་བོང་ཞེས་བྱ་བ། །སྡོང་བོ་རེ་ལ་ཡལ་ག་མང་། །ཐོག་བུ་མི་རྒན་མགོ་བོ་འདྲ། །རོ་ནི་ཁ་ཚ་དྲི་མ་དུག ། ཅེས་པ་ལྟར། དེང་རབས་སྐྱེ་དངོས་རིག་པས་སྐྱེ་དངོས་དབྱེ་བ་ལས་ཀྱང་ཅུས་ཁོ་དང་ཧའོ་ཧྲའུ ( 菊科,篙属 ) སྟེ་དྲང་སྲོང་མེ་ཏོག་གི་སྡེ། མཁན་པའི་ཁོངས་གཏོགས་ཡིན་པ་གཏན་ཕབ་བྱས་ཡོད། ཤེལ་ཕྲེང་དུ། ཚར་བོང་རིགས་གསུམ་སྟེ། དཀར་པོ་དྲི་ངད་ཆེ་བ་དང་སྨུག་པོ་དྲི་ངད་ཆུང་ལ་ཐོག་བུ་མཁན་འབྲུམ་འདྲ་བ་དང་། ནག་པོ་ཤིང་མ་ལྡུམ་ཡོག་མོ་འདྲ་བའོ། །ཞེས་རིགས་དཀར་སྨུག་ནག་གསུམ་དུ་དབྱེ་ཡོད་པ་ལ་མདོ་དབུས་ཁམས་གསུམ་དུ་ངོས་འཛིན་འདྲ་མིན་དུ་མ་རེ་ཡོད་པ་མཐོང་མྱོང་ནའང་རང་རེའི་སྨན་ཁང་སི་ངོས་འཛིན་རིགས་གཉིས་ཡོད་པ་ནི། གཅིག་ཚར་བོང་དཀར་པོ་སྟེ། རྒྱ་སྐད་ཀྱིས་ཧྲ་ཧའོ (沙篙) ཞེས་འབོད་པ། རྒྱལ་སྤྱིའི་ཐ་སྙད་དུ Artemisiadesertorumspreng ཞེས་པ་དེ་དང་།གཞན་གཅིག་ནི་ཚར་བོང་སྨུག་པོ་སྟེ། རྒྱ་སྐད་དུ་ཧྲན་ཧྭ་ཧའོ ( 山花篙 )ཟེར་བ། རྒྱལ་སྤྱིའི་ཐ་སྙད་དུ ArtemisiaparuitloraRcxlo ཞེས་བྲིས་ཡོད་པའི་སྐྱེ་དངོས་དེ་གཉིས་པོ་ཡིན།

སྨུག་པོ་སྦལ་རྒྱབ།
   སྨུག་པོ་སྦལ་རྒྱབ་ནི་རྒྱུ་ལྕགས་རྡོའི་རིགས་ཀྱི་གཏེར་རྡོ་སྨུག་པོ་སྣུམ་ཞིང་འཇམ་ལ་ལྕི་བ་སྦལ་བའི་རྒྱབ་ཀྱི་འབྲམ་པ་དངའདྲ་བའི་འབྲུམ་པ་འཇམ་པོས་ཁེབས་པ། བཅག་ན་རྒྱ་ཚྭ་བཅག་པ་འདྲ་བའི་སུལ་རིས་ཡོད་པ་ཞིག་ཡིན་པར། སྟེང་དུ་འབྲུམཔ་འཇམ་པོ་ཡོད་མེད་ཀྱིས་ཡོད་པ་ལ་ཕོ་སྦལ་དང་མེད་པ་ལ་མོ་སྦལ་ཞེས་མིང་བཏགས་པ་ལ། ཤེལ་ཕྲེང་ལས། ཕོ་སྦལ་ནི། རྡོ་སྨུག་པོ་སྲ་ལ་མཁྲེགས་པ། རྒྱ་སྐྱེགས་ཀྱི་དབྱིབས་ལྟར་ལེབ་མོ་ལ་ཕྱི་ལ་འབྲུམ་པ་འོད་དུ་འཚེར་བ་སྦལ་བའི་རྒྱབ་ལྟར་ཡོད་པ། རྡོ་ལ་རི་མོ་བྲིས་ན་ཁམ་སེར་དོད་པ་བཅག་ན་རྡོ་ཡི་སྣ་སུལ་རྒྱ་ཚྭ་བཅག་པ་ལྟར་ལ་འཇམ་ཤིག་གེ་བ། བརྡུངས་ཚེ་དྲི་ཞིམ་པའོ། །མོ་སྦལ་ནི་སྔ་མ་ལྟ་བུ་ལ་འབྲམ་པ་མེད་པ་དང་། སྨུག་པོ་སླེ་སོལ་བཅག་འདྲའི་གསེང་དུ་དམར་སྨུག་འཇམ་འབོལ་ཚོན་དམར་སྨུག་རྦུར་ཉམས་ཤིག་བཅས་མོ་རིགས་གཉིས་ཞེས་བསྟན་པས་གསལ་ལོ།། མིང་གི་རྣམ་གྲངས་ལ་ཏྲི་ཡ་སྨུག་འཚེར་དང་། དྲི་མ་སྨུག་པོ། རྡོ་ཀ་བུར་དྲི་ལྡན་སོགས་ཟེརལ། གྲོ་སྐད་དུ་ཏའེ་ཀྲེ་ཧྲི ( 黛赭石 ) ཞེས་བྲིས་ཡོད་པ་དང་། བྱེ་བྲག་ཏུ་དབྱེ་ན་ཕོ་སྦལ་ལ་ཏིང་ཐོའུ་ཀྲེ་ཧྲི ( 钉头赭石 ) དང་མོ་སྦལ་རིགས་དང་པོ་ལ་ཧེན་ཀྲོང་ཁྲི་ཐིའེ་ཁོང ( 肾状赤铁矿 )མོ་སྦལ་རིགས་གཉིས་པ་ལ་ཐུའུ་བྲེང་ཀྲེ་ཧྲི ( 土状赭石 )བཅས་དབྱེ་བ་དང། སོ་སོའི་རྫས་འགྱུར་གྱི་གྲུབ་ཆ་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་པར་བཤད་ལ་རང་རེའི་སྨན་ཁང་གིས་རྒྱུན་བཀོལ་གྱི་སྦལ་རྒྱབ་སྨུག་པོ་ནི་ཕོ་སྦལ་ཏེ་རྒྱ་སྐད་ཀྱིས་ཏིང་ཐོའུ་ཀྲེ་ཧྲི་ཟེར་བ་འདི་ཡིན།
དཀར་པོ་སྦལ་རྒྱབ།
   དཀར་པོ་སྦལ་རྒྱབ་ནི་ངོ་བོ་ཅོང་ཞིའི་རིགས་འདྲ་བ་ལ་དེ་ལས་ཅུང་ཟད་མཁྲེགས་པ་མདོག་དཀར་པོ་སྟེང་དུ་འབྲུམ་པ་ཆགས་ལུགས་ནི་སྨུག་པོ་སྦལ་རྒྱབ་དང་མཚུངས་པ་རྔམས་སྨུག་པོ་སྦལ་རྒྱབ་ལས་མཐུག་ལ་རྡོ་ལ་རི་མོ་བྲིས་ན་དཀར་པོ་ཅུང་ཙམ་དོད་པ། ཕྱེ་མར་བཏུལ་ན་དཀར་པོ་ཡིན་པ། དེང་རབས་གཏེར་དངོས་རིག་པས་བརྟགས་ན་རྒྱུ་ནི་ཐན་སོན་ཡན( 碳酸盐) ཞེས་པའི་གཏེར་རྡོ་རྒྱ་སྐད་ཀྱིས་ཐུང་ཀྲོང་ཀུའེ་མེ་ཧྲི ( 痛状硅镁石 )ཟེར་བ་བོད་སྐད་དུ་སྦལ་རྒྱབ་དཀར་པོ་དང་། སྤལ་རྒྱབ། དཀར་པོ་སྦལ་རྒྱབ་སོགས་ཟེར་བ་དེ་ཡིན། འདི་ལའང་འབྲུམ་པ་ཡོད་མེད་དང་མཁྲེགས་སོབ་ཀྱི་ཁྱད་པར་གྱིས་ཕོ་མོ་དང་མཆོག་དམནགྱིདབྱེ་་བའང་ཕྱེས་སོ།།

གངས་ཐིགས།
   གངས་ཐིགས་ལ་བཞེད་ཚུལ་འདྲ་མིན་འགའ་རེ་མཆིས་ནའང་། ང་ཚོས་ངོས་འཛིན་ནི་རྨ་ཆེན་གངས་རིའི་གངས་འདབས་ཀྱི་ཆུ་མིག་དག་ལས་འབྱུང་བའི་རྡོ་རིལ་མོ་སྲན་མའི་དབྱིབས་ཅན་མདོག་དཀར་སྐྱའམ་དམར་མདངས་ཅུང་ཙམ་ཡོད་པ་ཆེ་ཆུང་ངེས་མེད་ངོ་བོ་མཁྲེགས་ཉམས་ཅན་མེར་བསྲེགས་ནས་ཆུར་རྦུངས་ན་ཞུ་སྟེ་ཞོ་ལྟར་འགྱུར་བ། དེང་རབས་གཏེར་དངོས་རིག་པས་དབྱེ་ཞིབ་བྱས་པ་ལས་དེའི་གྲུབ་ཆ་གཙོ་བོ་ནི་ཐན་སོན་ཀའེ CcO3ཡིན། རྒྱ་སྐད་ཀྱིས་མིང་ལ་ཆོན་ཧྭའམ་ཞུའེ་ལེ་ཙི ( 泉华,雪粒子 )ཞེས་འབོད་པ་དེ་དང་། གཞན་གངས་འདབས་རྫ་བྲག་ཆེན་པོའི་པར་དག་ནས་ཐོན་པའི་ས་མིན་རྡོ་མིན་དབྱིབས་དང་ཆེ་ཆུང་ལ་ངེས་པ་མེད་པ། ཁ་དོག་དཀར་པོ་དང་སྔོ་སྐྱ་སྤེལ་མར་ཆགས་པ། རྫས་འགྱུར་གྱི་གྲུབ་ཆ་གཙོ་བོ་ལུའུ་སོན་ཀའེ CaSo4 ལ་ཧྥུན་ཧྭ་དང་ཡིང་ཧྲི་ཀའོ ( 风化,硬石膏 ) ཞེས་འབོད་པ་དེ་ཡིན། འདི་ལ་ཡང་བཻ་སྔོན་དུ། དེའང་རིགས་ཀྱིས་དབྱེ་ན་མོ་ཅོང་གི་རིགས་དཀར་ཞིང་སོབ་པ་མཉེན་ལ་འབོལ་བ་ཞིག་དང་། རིལ་མོ་སྲན་མ་ཙམ་མཁྲེགས་ལ་དཀར་བ་བྱུང་བའོ། །ཞེས་གསུངས་པ་དང་མཐུན་པར་སྙམ་མོ།།

·གསར་འགྱུར་གོང་མ:དེ་རིང་ཁྲིན་ཏུར་་གཟའ་ཉི་མའི་ཁ་བརྡ་ཞིག་ཚོགས་འདུག །
·གསར་འགྱུར་འོག་མ:སློབ་ཆུང་དགེ་རྒན་དུ་འགྱུར་བར་ཚད་ཅི་འདྲ་ཞིག་དགོས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 16:28:45 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:04:01 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:40:06 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS