ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

མི་གཤིས་འཕེལ་ཚུལ་གྱི་དུས་རིམ།

[རྩོམ་པ་པོ:ས་འཛིན་དཀར་པོ།  ཡོང་ཁུངས:གངས་ལྗོངས་གླེང་སྟེགས།  དུས་ཚོད:2010/6/30 20:13:10  བཀླགས་ཐེངས:1269][ཡིག་གཟུགས:ཡིག་གཟུགས་མདོག]

མི་གཤིས་འཕེལ་ཚུལ་གྱི་དུས་རིམ།

དུས་ལ་དཔྱིད་དབྱར་སྟོན་དགུན་དང༌། རྩི་ཤིང་ལ་སྐྱེ་རྒྱས་སྨིན་སྐམ། མི་ལ་སྐྱེ་རྒ་ན་འཆི་སོགས་རང་བྱུང་གི་ཆོས་ཉིད་མང་པོ་ཞིག་གིས་མི་རྣམས་ལ་ཞིབ་འཇུག་གི་སྤྲོ་སྣང་བར་མེད་དུ་སྩོལ་བཞིན་ཡོད། ཡིན་ནའང༌། ནུབ་ཕྱོགས་སེམས་རིག་གླིང་དུ་སྙན་གྲགས་ཆེ་ཞིང་རྣམ་འབྱེད་སེམས་ཁམས་རིག་པའི་(FUN JING SHE LEE SHION)སྲོལ་འབྱེད་པ་པོ་རཱོང་ཀེའི་ཞལ་ནས། “མི་ཚེ་འཕེལ་འགྲིབ་ཀྱི་དུས་རིམ་སོ་སོའི་གནད་དོན་ལ་ཞིབ་དཔྱོད་བྱེད་རྒྱུ་དེ་ནི་དངོས་གནས་ཤུགས་ཆེན་པོ་རྒྱག་དགོས་པའི་བགྱི་བ་ཞིག་སྟེ། རྒྱུ་མཚན་ནི་ང་ཚོས་ངེས་པར་དུ་མི་རྣམས་སྐྱེས་པ་ནས་ཤི་བའི་བར་གྱི་བསམ་པའི་འཚོ་བའི་བརྙན་རིས་ཡོད་ཚད་མཐའ་གསལ་མཐིལ་མཐོང་བྱེད་ནུས་དགོས་པས་སོ་”ཞེས་གསུངས་པ་བཞིན། ལུས་སེམས་སམ་མི་གཤིས་ཀྱི་འཕེལ་ཚུལ་ལ་དབྱེ་ཞིབ་དང་དུས་རིམ་ཕྱེ་རྒྱུ་བཅས་ནི་ལས་སླ་པོའི་བགྱི་བ་ཞིག་མ་ཡིན་པས། མི་གཤིས་རིགས་པའི་གཞུང་ལུགས་རྣམས་སུ་བཞེད་ཚུལ་མི་མཐུན་ཞིང་ཁྱད་པར་ཆེ་བའི་རྣམ་བཤད་གང་མང་མཛད་ཡོད། དེ་ཡང་ནུབ་ཕྱོགས་འཇིག་རྟེན་གྱི་ཤེས་རིག་གླིང་གཡོ་འགུལ་ཐེབས་སུ་འཇུག་མཁན་དང༌། ཡིད་ཀྱི་རྣམ་འབྱེད་རིག་པའི་(JING SHEN FUN JING)སྲོལ་བཏོད་པ་པོ། ཨའོ་ཏི་ལི་རྒྱལ་ཁབ་ཀྱི་སེམས་ཁམས་རིག་པ་བ་གྲགས་ཅན་ཧུ་ལོ་དབྱི་ཏེ་(SIGMUND. FREUD, ༡༩༥༦-༡༩༣༩)མཆོག་གིས་མི་རྣམས་ཀྱི་བློ་ངོར་འཕྲོད་དཀའ་བའི་མི་གཤིས་འཕེལ་ཚུལ་གྱི་དུས་རིམ་ཁྱད་མཚར་པོ་ཞིག་ཕྱེ་ཞིང་དེ་ཉིད་སེམས་ཁམས་ནད་རིགས་ཐད་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་གནང་བ་དང༌། དུས་ཕྱིས་ཀྱི་མི་གཤིས་རིག་པ་སྨྲ་བ་ཚོའི་ཁྲོད་ནས་ཀྱང་ཁོང་གི་གཞུང་ལུགས་ལ་ཁུངས་གཏུགས་ནས་རང་གི་ལྟ་བ་མཚོན་ཐབས་བྱེད་མཁན་མང་པོ་བྱུང་འདུག གངས་ཅན་གསོ་བ་རིག་པར་མཚོན་ན་མི་ལོ་ཆིག་སྟོང་ལྷག་གི་སྔོན་ནས་མི་གཤིས་འཕེལ་ཚུལ་ལ་དུས་རིམ་དབྱེ་སྟེ་ནད་ཐོག་ལག་ལེན་དང་འབྲེལ་བ་དམ་ཟབ་ཡོད་པར་བསྟན།
ལུས་སེམས་འཕེལ་ཚུལ་གྱི་གོ་རིམ་ལ་དུས་རབས་ཀྱི་ཁྱད་པར་དང་དཔལ་འབྱོར་རིག་གནས། སྤྱི་ཚོགས་སློབ་གསོ། ས་ཁམས་འཁོར་ཡུག་སོགས་ཕྱོགས་མང་པོའི་ཤུགས་རྐྱེན་ངེས་ཅན་ཐེབས་ངེས་པ་དང་བོད་ལུགས་གསོ་བ་རིག་པས་དུས་སྐབས་དང་སྤྱི་ཚོགས། འཁོར་ཡུག་སོགས་ཅི་འདྲ་ཞིག་གི་ནང་དུའང་སླུ་མེད་བེད་སྤྱོད་ཆོག་པའི་དུས་རིམ་ཕྱེ་ཡོད་པ་སྟ། རྒྱུད་ལས།
“ན་ཚོད་དབྱེ་བ་བཅུ་དྲུག་བར་བྱིས་པ། །
དེ་ལས་ལུས་ཟུངས་དབང་པོ་གཟི་མདངས་སྟོབས། །
འཕེལ་འགྱུར་བདུན་ཅུའི་བར་དུ་དར་མ་སྟེ། །
དེ་ལས་ཟད་པ་ཕན་ཆད་རྒན་པོ་ཡིན། །”ཞེས་གསུངས་པ་དེའི་ཚིག་ངོས་རྐྱང་པ་ནས་བལྟས་ཚེ། མི་གང་སྐྱེས་པ་ནས་ལོ་བཅུ་དྲུག་བར་དུ་ནི་བྱིས་པ་དང༌། བཅུ་དྲུག་ནས་བདུན་ཅུའི་བར་དུ་དར་མ། བདུན་ཅུ་ནས་ཤི་བའི་བར་ལ་རྒན་པོ་ཡིན་ཞེས་པ་ལགས་མོད། དོན་གྱི་སྟེང་ནས་བསམས་ན། སྐྱེས་པ་ནས་ལང་ཚོ་མ་རྫོགས་ཀྱི་བར་དུ་བྱིས་པ་དང༌། ལུས་ཟུངས་དང༌། དབང་པོ། གཟི་མདངས་སོགས་སྟོབས་རྣམས་འཕེལ་ཞིང་སྨིན་ནས་འབྱུང་སྟོབས་བྲི་བའི་འགོ་མ་བརྩམ་པའི་ཚུན་བར་དུ་དར་མ། དེ་ལས་འདས་ནས་ལུས་ཟུངས་སོགས་སྟོབས་ཟད་པར་འགྱུར་བའི་འགོ་ཚུགས་པའི་ཕན་ཆད་ནི་རྒན་པོ་ཞེས་པ་ཡིན་སྟབས། འཁོར་ཡུག་དང་དུས་སྐབས་ཅི་འདྲ་ཞིག་ལ་སླེབས་ནའང་སླུ་མེད་ཡིན་པའི་རྒྱུ་མཚན་དེར་ཐུག་པ་ལགས།
གལ་སྲིད་དེ་ལྟར་མ་ཡིན་པར་ཚིག་འབྲུ་གཙོ་བོར་བཟུང་ནས་ལོ་བདུན་ཅུའི་བར་དུ་དར་མར་བཞག་ན། དུས་རབས་ཀྱི་གདོང་ནས་ལངས་ཐབས་བྲལ་འདུག དེ་བས་(མེས་ཞལ་)དུའང༌། ། “འདི་ནི་ཚེ་ལོ་བརྒྱ་པའི་དུས་ལ་དགོངས་པ་ཡིན་ཡང༌། དོན་ལ་ལང་ཚོ་མ་རྫོགས་པར་བྱིས་པ་དང༌། སྟོབས་མདངས་བྲི་བའི་འགོ་མ་བརྩམ་ཚུན་དར་མ། དེ་ནས་རྒན་པོ་ཞེས་བརྗོད་ན་དུས་ཀུན་ལ་སྦྱར་དུ་རུང་ངོ༌། །”ཞེས་གསུངས་སོ། །རྟེན་གྱི་དབང་གིས་ཕོ་མོ་གཉིས་ཀྱི་ལུས་ཁམས་འཕེལ་ཚུལ་ལ་ཁྱད་པར་ཅུང་ཟད་ཡོད་དེ། རྒྱུད་ལས།

“བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། །
ཟླ་མཚན་དམར་པོ་བཅུ་གཉིས་ལོན་ནས་འཛག །”
ཅེས་པ་དེ་རྣམས་ཁམས་སམ་ལང་ཚོ་སྨིན་དུས་དང་ལུས་སྟོབས་བྲི་འགོ་བརྩམ་དུས་བཅས་ལ་དགོངས་པའོ། །
ལུས་སྟོབས་འཕེལ་ཚུལ་གྱི་དུས་སྐབས་གསུམ་(བྱིས་པ། དར་མ། རྒས་པ།)བསྟན་པ་དེ་བསམ་པའི་ཁྱད་རྟགས་སམ་མི་གཤིས་འཕེལ་ཚུལ་གྱི་དུས་རིམ་ལ་འགྲེལ་བ་ཅི་ཡོད་ཅེ་ན། སེམས་ཁམས་འཕེལ་རྒྱས་འགྲོ་བའང་ལུས་ཁམས་དང་མཚུངས་པར་གོ་རིམ་ངེས་པ་ཅན་ཡིན་ཞིང་དེ་ཉིད་སྤྱིར་བཏང་ལུས་པོ་འཚར་ལོངས་ཀྱི་རྨང་གཞིའི་སྟེང་ནས་གསར་བརྗེའམ་འགྱུར་ལྡོག་བྱེད་བཞིན་ཡོད་པས་སོ། །མི་གཤིས་འཕེལ་འགྲིབ་འགྲོ་བ་དེ་མི་ཚེ་གང་པོའི་ཁྲོད་གཅིག་རྗེས་གཉིས་མཐུད་ཀྱི་བརྒྱུད་རིམ་འབྲེལ་ཆགས་པ་ཞིག་ཡིན་ནའང༌། །འབྲེལ་ཆགས་པའི་བརྒྱུད་རིམ་ནང་རྣམ་པ་དང་ཁ་ཕྱོགས་ཀྱི་འགྱུར་མཚམས་སོགས་ཡོད་པས་མི་གཤིས་ལ་དུས་རིམ་ཕྱེ་དགོས་བྱུང་བ་རེད།
དེ་ཡང་དང་པོ་བྱིས་པའི་དུས་རིམ་ལ་མཚོན་ན། ཚེ་སྲོག་གི་ཐོག་མའི་ལོ་ཟླའི་ནང་སེམས་ཁམས་ཀྱི་བརྡ་མཚོན་སྐད་ཆ་དང་ཁེར་རྐྱང་གི་མི་གཤིས་ཤིག་གྲུབ་ཐུབ་མེད་པས་སྐབས་འདིའི་བུ་ཕྲུག་གི་བསམ་པས་ཕ་མའི་སེམས་ཁམས་ཉིད་མངོན་བཞིན་ཡོད་ལ། གལ་ཏེ་བྱིས་པར་སེམས་ཁམས་གསོ་ཐབས་ཤིག་སྤྱོད་དགོས་པའི་དབང་དུ་བཏང་ནའང་ཕྱོགས་མང་པོ་ཞིག་ནས་ཕ་མའི་སེམས་ཁམས་ལ་དབྱེ་ཞིབ་བྱེད་དགོས་པར་སྣང༌། འོན་ཀྱང་བྱིས་པའི་དུས་མཇུག་ལ་སླེབས་སྐབས་དེ་ལྟ་བུའི་རྣམ་པ་ལས་ཡོངས་བརྒལ་ཡོད། གང་ལྟར་བྱིས་པའི་དུས་སྐབས་སུ་རང་རྐྱ་འཕེར་བའི་མི་གཤིས་ཤིག་ཏུ་གྲུབ་ཐུབ་མེད་ནའང་དར་མའི་མི་གཤིས་ཀྱི་ཁྱད་ཆོས་ལ་དོན་སྙིང་དང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པ་སྨོས་མེད་རེད། ཧུ་ལོ་དབྱི་ཏི་ནས་བྱིས་པ་ལོ་ལྔ་ལོན་དུས་སུ་མི་གཤིས་ཉིད་གཞི་རྩའི་ཐད་གྲུབ་ཅིང་གཏན་འཁེལ་བར་གསུངས་གནང་བ་དང༌། དེ་བཞིན་སེམས་ཁམས་རིག་པ་བ་མི་ཉུང་བ་ཞིག་གིས་ཀྱང་བྱིས་པའི་དུས་རིམ་གྱི་སེམས་ཁམས་ཐད་དོ་སྣང་ཆེན་པོ་གནང་ཡོད། གཉིས་པ་དར་མའི་དུས་སྐབས་སུ་ལང་ཚོ་དང་ཟུངས་སྟོབས་སོགས་སྨིན་ཞིང་མི་གཤིས་ཀྱང་རང་ཚུགས་ངེས་ཅན་དུ་འགྱུར་ངེས་ཡིན། རཱོང་ཀེ་ནས་མི་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ཡོངས་སུ་འགྲུབ་པ་ལ་དར་མའི་དུས་རིམ་གྱི་ལོ་བཞི་བཅུའི་ཡས་མས་སུ་སླེབས་དགོས་པར་བསྟན་འདུག གསུམ་པ་རྒན་པོའི་དུས་རིམ་ནི་ལུས་ཟུངས་དབང་པོ་སོགས་སྐྱེ་ལུགས་ཀྱི་འབྱུང་སྟོབས་ཉམས་ཏེ་སེམས་ཤུག་ཆེ་ཆུང་དང་གཤིས་ཀར་ཡང་འགྱུར་ལྡོག་ཡོད་ལ། རྣམ་པ་ཁ་ཤས་ཀྱི་སྟེང་ནས་བལྟས་ན་རྒན་པོའི་སེམས་ཁམས་དེ་བྱིས་པ་དང་མཚུངས་པའི་ཆ་ཅུང་ཟད་མང༌། སྤྱིར་བཏང་རྒས་པའི་དུས་ལ་སླེབས་ཚེ་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་སྐྱོ་སེམས་སོགས་འབྱུང་སླ་བ་དང༌། རང་རེའི་བོད་ཀྱི་རྒས་མི་ཚོར་མཚོན་ན་སངས་རྒྱས་ཆོས་ལུགས་ཀྱིས་སེམས་ཁམས་འཕྲོད་བསྟེན་ནམ་ཡིད་ཀྱི་བདུད་རྩི་སྨྲ་མི་ཤེས་པ་སྦྱིན་བཞིན་ཡོད་ཅིང༌། དེའི་རྒྱུ་མཚན་སྐོར་ནུབ་ཕྱོགས་ཀྱི་སེམས་རིག་སྨྲ་བ་ལ་ལས་དཔྱད་གཏམ་ཡང་སྤེལ་འདུག
བོད་ལུགས་གསོ་རིག་གིས་ལུས་སེམས་འཕེལ་ཚུལ་ལ་བྱིས་པ་དང༌། དར་མ། རྒས་པ་སྟེ་དུས་རིམ་གསུམ་དུ་ཕྱེ་བ་དེ་ཉེས་གསུམ་དང་སྦྱར་ནས་བསྟན་པ་སྟེ། རྒྱུད་ལས།

“རྒས་པ་རླུང་མི་དར་མར་མཁྲིས་པའི་མི། །

བྱིས་པ་བད་ཀན་མི་ཡིས་ན་སོས་ཉན། །”ཞེས་རྒས་པ་ནི་འབྱུང་བའི་སྟོབས་རིམ་གྱིས་ཉམས་ཏེ་ཡང་ཞིང་གཡོ་བའི་ངོ་བོ་དང་འདོད་ཆགས་ཆེ་བ་སོགས་རླུང་གི་རང་བཞིན་གྱི་མི་དང༌། དར་མ་ནི་འབྱུང་བའི་སྟོབས་ཐམས་ཅད་འཕེལ་ཏེ་རྣོ་ཞིང་ཚ་བའི་ངོ་བོ་དང་ཞེ་སྡང་ངམ་ཁྲོ་བ་ཤས་ཆེར་འབྱུང་བ་སོགས་མཁྲིས་པའི་རང་བཞིན་གྱི་མི་དང༌། བྱིས་པ་ནི་མའི་ནུ་ཞོ་འཐུང་བ་དང་གཉིད་མཐུག་པས་ལྕི་ཞིང་རྟུལ་བའི་ངོ་བོ་དང་གཏི་མུག་ཆེ་བ་སོགས་བད་ཀན་རང་བཞིན་གྱི་མི་ཡིན་པར་བསྟན་ཞིང༌། ཉེས་པ་གསུམ་པོའི་ནད་རྣམས་རང་རང་གི་དུས་སྐབས་སུ་བྱུང་ན་ན་སོའི་དབང་གིས་གཉན་པར་གསུངས་པ་སྟེ། ནད་ཐོག་ལག་ལེན་ཁྲོད་བེད་སྤྱོད་དངོས་མའི་རིན་ཐང་ལྡན་པའོ། །དེ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ལ། བོད་ལུགས་གསོ་རིག་གིས་ལུས་སེམས་འཕེལ་ཚུལ་གྱི་དུས་རིམ་ཕྱེ་བ་དེ་འབྱུང་ལྔ་རིག་པ་ལས་འཕྲོས་པའི་རྣམ་བཤད་ཅིག་དང་ལག་ལེན་དངོས་ལས་ར་འཕྲོད་བྱུང་བའི་ལུས་སེམས་འཕེལ་ཚུལ་གྱི་མྱོང་བསྡོམས་ཤིག་ཡིན་པ་དེ་རེད། གཞན། རྒྱུད་ལས་བྱིས་པ་དང༌། དར་མ། རྒས་པ་བཅས་དུས་རིམ་གསུམ་མ་གཏོགས་དངོས་སུ་མ་ཕྱེ་ཡང༌། རྐྱང་པ་ལྡན་འདུས་ཀྱི་རང་བཞིན་བདུན་དང་སྦྱར་ནས་མི་ཚེའི་དུ་རིམ་ལ་གནས་སྐབས་བདུན་དུ་ཕྱེ་ནའང་རྒྱུད་ཀྱི་དགོངས་པ་དང་མི་འགལ་བར་སྙམ།
བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་ཞེས་པའི་ནང་ནས་ས་འཛིན་དཀར་པོས་བཏུས།
·གསར་འགྱུར་གོང་མ:འཛམ་གླིང་རྐང་རྩེད་སྤོ་ལོའི་གནས་ཚུལ་འདི་ན་ཡོད།
·གསར་འགྱུར་འོག་མ:ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྙན་ངག་གྱེར་འདོན་འགྲན་ཚོགས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དམངས་གཙོ། 2013/9/28 11:58:50
·འཇིག་རྟེན་གྱི་ཁམས་ལས་འཕྲོས་པའི་གཏམ།༡ 2011/4/10 21:36:20
·འཇིག་རྟེན་ཁམས་ལས་འཕྲོས་པའི་གཏམ།༢ 2011/4/6 13:04:10
·བླ་གཟའ་སྲོག་གཟའི་སྐོར། 2010/12/23 14:56:51
·སྤྱི་ལོ་དང་རབ་བྱུང་ལོ་ཁམས་རྩི་ཚུལ། 2010/12/20 18:27:33
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 17:36:19 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:28:05 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 9:40:39 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS