ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

རྐང་རྩེད་སྤོ་ལོའི་ངོ་མཚར་གོ་ལར་ཁྱབ་བཞིན་པ།

[རྩོམ་པ་པོ:ཁྱུང་པོ་ཚེ་རིང་དཔལ་རྒྱལ།  ཡོང་ཁུངས:གངས་ལྗོངས་གླེང་སྟེགས།  དུས་ཚོད:2010/6/26 17:38:14  བཀླགས་ཐེངས:1521][ཡིག་གཟུགས:ཡིག་གཟུགས་མདོག]
༄༅།། རྐང་རྩེད་སྤོ་ལོའི་ངོ་མཚར་གོ་ལར་ཁྱབ་བཞིན་པ།
ཁྱུང་པོ་ཚེ་རིང་དཔལ་རྒྱལ།

དྲ་གྲོགས་ཀུན་གྱིས་མཁྱེན་གསལ་ལྟར་ཁ་སང་དེ་རིང་ནི་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པའི་སྒང་རེད།    རྐང་རྩེད་སྤོ་ལོ་ནི་ཀུན་གྱིས་ལུས་རྩལ་གྱི་རྒྱལ་པོ་ལྟར་དུ་བརྩི་བཞིན་ཡོད།   དེས་རྒྱལ་ཁབ་གང་རུང་ཞིག་གི་ལ་རྒྱ་དང༌།  གཟི་བརྗིད།  སྙན་གྲགས་སོགས་མང་པོ་ཞིག་བརྩོན་ལེན་བྱེད་ཐུབ་ཀྱིན་ཡོད་པས།  དེང་སང་འཛམ་གླིང་ཐོག་གི་རྒྱལ་ཁབ་ཚང་མས་དེར་མཐོང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད།    འུ་ཅག་བོད་ལ་ཡང་རྟ་ཐོག་སྤོ་ལོའི་རྩེད་འགྲན་ལྟ་བུ་སྔར་བོད་བཙན་པོའི་རྒྱལ་རབས་སྐབས་དར་ཡོད་པར་མཁས་དབང་མང་པོས་ཁས་བླངས་ཡོད། མ་ཟད། རྐང་རྩེད་སྤོ་ལོ་ཡང་ལོ་ངོ་བརྒྱ་ཙམ་གྱི་གོང་ནས་རྒྱལ་རྩེ་དང་ལྷ་ས་སོགས་སུ་དར་ཁྱབ་ཆེན་པོ་བྱུང་ཚུལ་ཡུལ་དེ་དག་གི་རྒན་རབས་མྱོང་བ་ཅན་གྱིས་ངག་ལས་ཐོས་པ་མང༌།  འོན་ཀྱང༌། དེང་སང་ནི་ལྟད་མོ་བལྟ་རྒྱུར་དགའ་བ་མ་གཏོགས་དེ་དག་གི་ལོ་རྒྱུས་རྩད་འཚོལ་བྱེད་མཁན་ཤིན་ཏུ་ཉུང༌།  དེའི་རྒྱུ་རྐྱེན་གང་མང་ཞིག་ཡོད་ངེས་པས་གུས་པས་འདི་རེད་ཅེས་ཚིག་ཅིག་གིས་ཁ་ཚོན་གཅོད་ག་ལ་ཐུབ།
འཛམ་གླིང་རྐང་རྩེད་སྤོ་པོའི་འགྲན་ཚོགས་ནི་སྤྱི་ལོ་༡༩༠༤ལོའི་ཟླ་བ་༥པར་ཧྥ་རན་སིའི་མི་བུ་ལོའོ་སྦོར་ཐི་Robert Guérin FRA)གཙོ་འཛིན་པ་དང་པོ་དེ་གནང་སྟེ་འགོ་ཚུགས་པ་ཞིག་རེད་འདུག འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ལོ་ངོ་བཞི་རེའི་མཚམས་སུ་ཐེངས་རེ་སྤེལ་གྱིན་ཡོད། འགྲན་བསྡུར་དེའི་ནང་དུའང་ཚད་གཞི་ངེས་ཅན་ཞིག་མ་ལོན་ཚེ་རྒྱལ་ཁབ་ཞིག་ཡིན་ཀྱང་ཞུགས་ཆོག་གི་མེད།  ད་ལོའི་འགྲན་བསྡུར་སྤེལ་ཡུལ་ནི་ལྷོ་ཨ་ཧྥེ་རི་ཁ་ཡིན། ཁ་སང་ཟླ་འདིའི་སྤྱི་ཚེས་༡༡ནས་བཟུང་སྟེ།  ཚོགས་ཆུང་ཁག་ཞིབ་ཕྲའི་འགྲན་བསྡུར་བྱས་ཡོད། ཚོགས་ཆུང་ཁག་འགྲན་བསྡུར་བྱས་པའི་བརྒྱུད་རིམ་ཁྲོད།  རྩེད་འགྲན་གྱི་སྦྱིན་བདག་ལྷོ་ཨ་ཧྥེ་རི་ཁ་ལ་སོགས་རྒྱལ་ཁབ་ཁག་ཅིག་འགྲན་བསྡུར་ལས་ཕམ་སྟེ་ཕྱིར་འབུད་བྱས་པ་རེད།    གཞན་ཡང་ལོ་ངོ་བཅུ་ཕྲག་དུ་མའི་རིང་འགྲན་ཚོགས་ནང་ཞུགས་མ་ཐུབ་པའི་བྱང་ཁོ་རེ་ཡའི་རུ་ཁག་ད་ལོ་སྟེ་སྤྱི་ལོ་༢༠༡༠ལོའི་འགྲན་ཚོགས་ནང་ཞུགས་ཐུབ་པ་བྱུང་བ་རེད།  དེར་བརྟེན།  རྒྱལ་ཁབ་དེའི་རུ་མིར་སེམས་འགུལ་ཐེབས་ཏེ་འགྲན་བསྡུར་བྱེད་ཁར་རྒྱལ་དར་བསྒྲེང་སྐབས་དགའ་བའི་མིག་ཆུ་ཆར་བཞིན་བབས།  འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོང་ཚོས་ཕོའོ་ཐོ་ཡའི་རུ་ཁག་སོགས་རྒྱལ་ཁབ་གསུམ་གྱི་རུ་མིར་འགྲན་ཡང་མཐའ་མར་རྒྱལ་མ་ཐུབ་པར་ཐེངས་གསུམ་ཕམ་པ་ལྟ་བུས་མཚོན་པའི་རྐང་རྩེད་སྤོ་ལོའི་ལྟད་མོར་ཉེ་ཆར་འཛམ་བུ་གླིང་པའི་སྐྱེ་བོ་ཚོས་རོལ་མྱོང་བྱ་བཞིན་ཡོད།
ད་དུང་ཡང་སྤྱི་ཟླ་༧པའི་ཚེས་༡༡གི་བར་དུ་རྒྱལ་ཁབ་བཅུ་དྲུག་གི་རུ་མིའི་འགྲན་བསྡུར་ཆེན་མོ་དང༌།  ཧྲག་འགྲན་བརྒྱད་དང་།  མཐའ་མཇུག་གི་འཛམ་གླིང་བུམ་པའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་སོགས་ལྟད་མོ་གཅིག་ལས་གཅིག་ཆེ་བ་ཡོད་པས་ཚང་མས་དགྱེས་གཟིགས་གནང་དང་ཁྱེད་ལ་སྤྲོ་སྣང་འཕར་མ་ཞིག་དང༌། མཐོང་རྒྱ་གསར་པ་ཞིག ཕུགས་བསམ་དྲོན་མོ་ཞིག་བཅས་སྐྱེ་རུ་འཇུག་ངེས་ཡིན་ནོ། །
ལྷ་ལྡན་ཞིང་དུ་ཁྱུང་པོ་ཚེ་རིང་དཔལ་རྒྱལ་ཞེས་པའི་ཁམས་ཕྲུག་ཅིག་གིས་རྐང་རྩེད་སྤོ་ལོའི་གྲགས་ཅན་རུ་ཁག་སྦར་རྫིར་དང་ཕོའོ་ཐོ་ཡ་གཉིས་ཀྱི་འགྲན་བསྡུར་ལ་བལྟས་རྗེས་ཤར་མར་བྲིས་པའོ།།

·གསར་འགྱུར་གོང་མ:ཨེ་མ་ཧོས་དགེ་བསྐུལ་འདི་འདྲ་གནང་འདུག
·གསར་འགྱུར་འོག་མ:ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྙན་ངག་གྱེར་འདོན་འགྲན་ཚོགས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·སྐབས་དང་པོའི་བཀྲ་ཤིས་བུམ་པའི་ཐའེ་ཅི་འགྲན་ཚོཊ། 2011/8/8 19:03:49
·སློབ་གསོ་པུས་ཆུང་འབྲིང་སློབ་མར་ཉིན་རེར་ལུས་རྩལ་སྤེལ་རྒྱུའི། 2011/8/6 11:48:26
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:52:31 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:33:52 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:22:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS