ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དམངས་སྲོལ
གསར་འགྱུར་ཀློག་པ།

བོད་ཀྱི་རླུང་རྟ་(ཀླུང་རྟ་)འཛུགས་སྲོལ་སྐོར།

[རྩོམ་པ་པོ:གཉལ་ཨ་ཕོ།  ཡོང་ཁུངས:དྲ་ཐོག  དུས་ཚོད:2010/5/5 8:50:07  བཀླགས་ཐེངས:1744][ཡིག་གཟུགས:ཡིག་གཟུགས་མདོག]

བོད་ཀྱི་རླུང་རྟ་(ཀླུང་རྟ་)འཛུགས་སྲོལ་སྐོར།

གཉལ་ཨ་ཕོ།

སྤྱིར་བོད་ཀྱི་ཡུལ་གང་རུང་དུ་རླུང་རྟའི་དར་ལྕོག་འཛུགས་སྲོལ་ཡོད་པ་ནི་ཤིན་ཏུ་ནས་རྒྱ་ཆེ་བ་ཞིག་ཡིན་པ་མ་ཟད་ཡུལ་གང་རུང་ཞིག་ལའང་དར་ལྕོག་ཡོད་པ་མཐོང་ཚེ་བོད་མི་བསྡད་ཡོད་པ་ནི་ཚིག་ཐག་གིས་གཅོད་ནུས་ཀྱི་ཡོད་པས་རླུང་རྟའི་འཛུགས་སྲོལ་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་ཞེས་བརྗོད་ན་མི་འགྲིག་པ་མེད།
ཡིན་ཀྱང་བོད་པ་མང་པོ་ཞིག་གི་བློ་ཡུལ་དུ་རླུང་རྟའི་སྲོལ་དི་ནི་གནའ་སྔ་ཞིག་ནས་ཡོད་པ་ཙམ་ལས་ནང་ཆོས་དང་བོན་ཆོས་གང་གི་སྲོལ་ཡིན་མིན་གྱི་དྲི་བ་ཞིག་ཁོ་ཚོའི་བློ་ཡུལ་དུ་ནམ་ཡང་འཆར་མ་མྱོང་ད་དུང་བོད་མི་འགའ་རེ་བཤད་རྒྱུ་ལ་ནང་པ་ལ་དགའ་བ་དང་བོན་ཆོས་ལ་སྡང་བའི་སེམ་པ་ཞིག་གིས་ཧུར་ཐག་བར་ཐག་གིས་རླུང་རྟ་འཛུགས་ཀྱི་ཡོད་པ་དེར་ངོ་མ་དགོད་བྲོ་བའི་སྣང་བ་ཞིག་རེད་ཨང་།
ཡང་བོད་ཀྱི་རིག་གནས་ལ་རྒྱུས་མངའ་དེ་ཙམ་མེད་པའི་ཤེས་ཡོན་འགའ་རེས་རླུང་རྟའི་སྲོལ་དེ་བོན་ཆོས་ཀྱི་ཆོ་ག་ཡིན་པ་ལ་རང་ཉིད་དད་པ་མེད་ཚུལ་ཡང་གླེང་བཞིན་ཡོད་པས་དེར་འོབ་ཚོད་ཀྱི་བརྗོད་དུ་མི་རུང་བར་གཙོ་བོ་རིག་གནས་དེའི་རྒྱབ་ལྗོངས་དང་ཡག་ཉེས་ལ་མ་ལྟོས་པའི་གྲུབ་འབྲས་ཞིག་གི་ཐོག་ནས་དད་པ་བྱེད་དགོས་པར་སེམས།
འོ་ན་རླུང་རྟའི་འཛུགས་སྲོལ་དེ་གང་ནས་དར་བ་ཡིན་ཞེས་ན་དེ་ནི་མི་རིགས་གཞན་གང་ནས་ཀྱང་དར་བ་མ་ཡིན་པར་ཚིག་ཐག་གིས་གཅོད་ནུས་ཏེ་བོད་ཀྱི་ཡིག་ཆ་འགའི་ནང་
རླུང་རྟའི་སྲོལ་དེ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་བོན་གཤེན་ལྷ་དབོན་གྱིས་སྲོལ་གཏོད་པ་ཡིན་
ཞེས་བཀོད་ཡོད་པར་གཞིགས་ན་རླུང་རྟའི་འཛུགས་སྲོལ་དེ་ནི་ས་སྐྱེས་རྡོ་སྐྱེས་ཞིག་ཡིན་པ་ནི་བསྙོན་དུ་མེད་པ་ཞིག་ཡིན་ རླུང་རྟ་འཛུགས་པ་དེ་ཡང་རི་མཐོ་ས་དང་ལ་མཐོ་ས་བཅས་ལ་རླུང་རྟ་འཛུགས་མཁན་གྱི་ཁམས་ཀྱི་ཁ་དོག་དང་བཅས་པའི་ཐོག་ནས་འཛུགས་ཀྱི་ཡོད།   དེ་བཞིན་བྲག་རི་གཡང་གཟར་གྱི་སྟེང་ལ་རང་ཉིད་ཀྱི་ལོའི་ཁ་གྲངས་དང་ཁམས་གཞིར་བཟུང་གི་ཁ་དོག་བཅས་ཀྱི་ཐོག་ནས་རླུང་སྐྱེལ་དར་ལྕོག་འཛུགས་སྲོལ་ཡོད་པ་ཞིག་ཡིན་རླང་རྟའི་རྒྱུ་ཆ་དེ་ཡང་མི་ཚང་སོ་སོའི་ཆ་རྐྱེན་ལེགས་ཉེས་ལ་གཞིགས་ནས་དར་རས་སྟེང་དར་པར་ཡོད་མེད་གཉིས་དང་ལུག་བལ་ལ་ཚོས་བརྒྱབ་པ་བཅས་ཀྱི་ཐོག་ནས་རླུང་རྟ་འཛུགས་ཀྱི་ཡོད་རླུང་རྟའི་ཁ་གྲངས་དེ་ལོ་གྲངས་དང་མཉམ་པ་ཞིག་ཡིན་ན་རྒྱུ་ཆ་དེ་སྤྱིར་བལ་ཚོས་ཅན་ཞིག་ཡིན་རླུང་རྟའི་སྤྱའི་ཕན་ནུས་ནི་རང་ཉིད་ཀྱི་བྱུང་བའི་ཁམས་ཀྱི་ནུས་ཤུགས་རྒུད་པ་ཡིན་ན་གསོ་ཆེད་དང་ ཉམས་པ་ཡིན་ན་སྐྱེད་པ་ཆད་པ་ཡིན་ན་བསྲིངས་པ་འཁྲུག་པ་ཡིན་ན་སྙོམས་པ་སོགས་ཀྱི་གལ་ཆེའི་ནུས་པ་ཞིག་ཡོད་པར་འདོད་པ་ལས་དེ་ནི་བོད་མའི་མཛེས་ཆོས་དང་བྲེལ་བའི་གནད་དོན་ཞིག་རྩ་བ་ནས་མ་ཡིན།
ལར་གངས་རིའི་ཁྲོད་དུ་རླུང་རྟའི་དར་རས་ལ་མཛེས་རྒྱན་ཁོ་ན་སྤྲད་ཐབས་ལས་དེའི་ཕན་ནུས་དང་ཡིག་པར་བརྐོས་སྟངས་ལ་དོ་སྣང་མ་བྱེད་ནི་ངོ་ཚའི་རྒྱུ་རུ་ཟད་པ་རང་མཐོང་།
རླུང་རྟ་འཛགས་མཁན་གྱི་དགོས་པ་གཞིར་བཟུང་དར་པར་གྱི་རི་མོ་དང་ནང་དོན་ཀྱང་མི་འདྲ་བ་ཡོད་དེ་སྒྲོལ་མའི་ནང་དོན་བྱས་པའི་སྒྲོལ་མའི་གཟུགས་དང་རྒྱལ་མཚན་རྩེ་མོའི་ནང་དོན་བྱས་པའི་སྟག་སེང་ཁྱུང་འབྲུག་གི་རི་མོ་སོགས་བཀོད་པ་མང་དུ་མཐོང་རྒྱུ་ཡོད།གང་ལྟར་ནའང་རླུང་རྟའི་ནུས་པའི་སྐོར་ལ་བཤད་སྲོལ་མང་དུ་ཡོད་ཀྱང་དེ་ནི་དུས་སྐབས་སོ་སོའི་དགོས་བའི་དབང་གིས་སྦྱར་བཞིན་ཡོད་པ་ནི་ད་ལྟའི་སྤྱའི་འགྲོ་སྟངས་དང་མཐུན་པ་ཡིན་པས་གོང་གི་ཕན་ནུས་དེ་རང་དུ་བཞག་ན་འཚམ་པར་མཐོང་ངོ།

གཉིས་པ། རླུང་དང་ཀླུང་གི་འབྲི་སྲོལ་གཉིས་ལས་རང་ཉིད་ཀྱི་འདོད་ཚུལ་བརྗོད་པ།

ཁ་ཅིག་གི་འདོད་ཚུལ་ལྟར་ན་ཀླུང་དེ་ནི་རླུང་དེ་ཡི་བརྡ་རྙིང་གི་འབྲི་སྲོལ་དུ་འདོད་པ་དང་གཞན་ཞིག་ནི་རྒྱ་ཡིག་གི་龙”ཞེས་པའི་སྒྲ་ཟུར་ཆགས་ཡིན་པ་ཡང་འདོད་པ་ཡང་ཡོད་ གང་ལྟར་ནའང་ད་ལྟའི་འགྲོ་སྟངས་ལྟར་ན་དེ་ནི་རྒྱུ་མཚན་ལེགས་པོ་ཞིག་ཏུ་མི་མཐོང་ ཨ་ཅང་ད་ལྟའི་འགྲོ་སྟངས་དཔེར་ན་དར་པར་བརྐོས་ཡོད་པའི་དར་རས་ཤིག་དར་ཤིང་ལ་སྒྲོག་པའི་ཚེ་དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན་ཡིག་མགོ་རླུང་ལ་བསྐུར་ཞེས་པའི་ངག་རྒྱུན་ཞིག་ཤོད་སྲོལ་ཡོད་པ་ལྟར་ན་ཀླུང་མ་ཡིན་པར་རླུང་ཡིན་པ་ནི་རིག་པས་དཔྱད་ན་སྒྲུབས་ཐུབ་པ་ཞིག་ཡིན།མ་ཟད་དམངས་ཁྲོད་དུ་རླུང་རྟའི་ཡི་གེ་རླུང་གིས་ཀློགས་གི་ཡོད་པ་ངོས་འཛིན་བྱས་ཏེ་དར་ཤིང་སྟེང་སྒྲོག་པའི་བརྒྱུད་རིམ་ནང་ཡི་གེའི་མགོ་མཇུག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ་གལ་སྲིད་ཡི་གེའི་མགོ་མཇུག་ལྡོག་པ་ཡིན་ན་རླུང་འཕེལ་ཡོང་རྒྱུ་བཞག་ནས་བར་ཆད་ཡོད་པར་དོག་གི་ཡོད་པས་ཁེ་སྨད་བསམ་གཏན་ལགས་ཀྱིས་རླུང་གི་གཡོ་བའི་ཆ་ནས་རླུང་རྟ་ཞེས་བྲིས་ཡོད་པར་འདོད་པའི་ཚུལ་དེར་ཅི་ནས་ཀྱང་དོན་ངོས་དང་ཐག་ཉེ་བ་ཞིག་ཏུ་མཐོང།དེ་མིན་གྱི་龙”ཞེས་པ་ལས་སྒྲ་ཟུར་ཆགས་པར་འདོད་པ་ནི་ཟེར་སྒྲོས་ཁོ་ནའི་རྗེས་སུ་སོང་བ་ལས་རྒྱུ་མཚན་ཡོད་པ་ཞིག་གཏན་ནས་མ་མཐོང་གང་ཡིན་ཟེར་ན་ས་སྐྱེས་རྡོ་སྐྱེས་ཀྱི་ལུགས་སྲོལ་ཞིག་མི་རིགས་གཞན་ནས་དར་བ་ཡིན་པར་ཟུང་བ་ནི་དགེ་འདུན་ཆོས་འཕེལ་ཀྱང་སྐད་ངན་ཤོར་དགོས་བྱུང་བ་གནད་དེ་ལྟ་བུའི་རིགས་ལ་ཐུགས་པ་ཡིན་པ་གོར་མ་ཆག།དེ་ལྟར་བོད་མིས་གནའ་སྔ་མོ་ཞིག་ནས་ད་ལྟའི་བར་དུ་རླུང་རྟའི་སྲོལ་འདི་ལྟ་བུ་ཡོད་པ་ནི་ང་ཚོས་དངོས་གཙོ་རིགས་ལུགས་ཀྱི་ལྟ་བ་ཞིག་གིས་ཐ་གཅིག་ཏུ་སྲོལ་དེ་ནི་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་བྱུང་བ་དང་བོད་ཀྱི་ཡུལ་ཕྱོགས་འདི་ལ་དར་འདི་ལ་མི་དར་ཞེས་བརྗོད་རྒྱུ་མེད་ལ་ལོ་རྒྱུས་ཀྱི་དུས་སྐབས་གཅིག་ལ་དར་གཅིག་ལ་བར་མཚམས་ཆད་པ་བྱུངསྤྱི་ཚོགས་རིམ་གྲས་དབྱེ་བ་མེད་པར་སྲོལ་འདི་བྱེད་ཆོག་མིན་བཅས་ཀྱི་ཐོག་ནས་དབྱེ་དུ་མི་རུང།
གང་ལྟར་དེ་ནི་ལུས་དང་གྲིབ་མ་བཞིན་བོད་མི་དང་སྲོལ་ལུགས་འདི་གཉིས་དབར་ཁ་བྲལ་དུ་མེད་པ་ཞིག་ཏུ་མཐོང་ངོ།

མཇུག་དུ་ཟུར་གནས་མཁས་པ་དག་གིས་བློ་དྲོང་པོས་རིན་བྲལ་དགོངས་འཆར་ལྷུག་པར་ཡོད་པ་ཞུའོ།

·གསར་འགྱུར་གོང་མ:རྒྱལ་སྤྱིའི་སྒྲ་སྙན་རྟ་མགོ་མའི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ།
·གསར་འགྱུར་འོག་མ:རྡོ་འབུམ་ཟིན་བྲིས་ཤར་གཏོང་བྱས་འདུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ལྷ་སའི་ནང་མ་སྤྲོ་སྐྱིད་ཁང༌། 2011/2/4 18:28:07
·ལྷ་སའི་ཞོ་སྟོན་གྱི་བྱུང་རབས་ངོ་སྤྲོད། 2010/8/8 11:52:35
·འཛམ་གླིང་སྤྱི་བསང་གི་བྱུང་ཚུལ། 2010/6/24 23:28:12
·ཤོ་རྩེད་སྐོར་གླེང་བ། 2010/3/17 22:39:25
·རྩེད་འཇོའི་རོལ་རྩེད་ཀྱི་ཁྱད་ཆོས། 2010/2/25 14:52:16
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 12:23:48 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 16:07:58 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 0:27:26 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS