ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ས་འགུལ་རྗེས་ཀྱི་དྲན་འཆར་ཐན་ཐུན།

[རྩོམ་པ་པོ:དགེ་བུ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2010/4/25 11:12:53  བཀླགས་ཐེངས:1144][ཡིག་གཟུགས:ཡིག་གཟུགས་མདོག]
ས་འགུལ་རྗེས་ཀྱི་དྲན་འཆར་བན་བུན།
དགེ་བུ།

ད་ཐེངས་ས་འགུལ་རྗེས་ཀྱི་དྲན་འཆར་བན་བུན་ཞིག་དཔྱད་གཞིའི་ས་བོན་དུ་འབུལ་ན།
སྒ་སྟོད་ཇོ་བོ།  ཇོ་བོ་སྒྱོགས་ཆེན་གདོང་རྭ།  རྒྱ་ནག་མ་ཎི།  སྐྱེ་རྒུ་དོན་འགྲུབ་གླིང་པ། ་་་ ་་་  བོད་ཀྱི་ས་ཆ་གཙང་དང་ཤོས་སྐྱིད་ཤོས།  ཡུལ་ལྗོངས་མཛེས་ཤོས་སུ་བརྩི་བ།  ཀུན་གྱིས་ཡིད་སྨོན་འཆོར་སའི་གནས་མཆོག་དེར།  ཉེ་ལམ་སྙིང་རྗེ་མེད་པའི་ས་ཡོམ་རྔམ་པོ་ཆེ་༧.༡བརྒྱབ་སྟེ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་སྟོང་ཕྲག་མང་པོ་ལྔ་ལམ་དུ་བརྫངས་ཡོད་པ་ཚང་མས་མཐོང་གསལ་ལྟར་ལགས། དུས་རྒྱུན་ང་ཚོས་བོད་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས།  ང་ཚོ་བླ་མ་དཀོན་མཆོག་གསུམ་ལ་དད་པ་བྱེད་མཁན་དག་ལ་ནད་ཡམས་དང་ས་ཡོམ་སོགས་འབྱུང་མི་ཐུབ་པར་འདོད་པའི་རང་མཐོང་ཨུ་ཚུགས་ཀྱི་ང་རྒྱལ་བླུན་དད་ཀྱི་འདུ་ཤེས་འཛིན་ཏེ་བག་ཡངས་སྣང་མེད་བྱེད་པའི་སྣང་ཚུལ་གང་སར་མཐོང་ཆོས་སུ་ཡོད་པ་ཡིན།
ང་ཚོ་བོད་གངས་ཅན་མ་དགོས་ཡང་ཅན་དང་། གནས་རི་གནས་མཚོ་ཡང་མཚོ་བརྒྱ་སྟོང་ག་ཚོད་ཀྱིས་བསྐོར་ན་ཡང་གནོད་འཚེ་དེ་དང་འདི་མི་ཡོང་ཞེས་སུས་ཀྱང་ཁ་མཚོན་གཅོད་པར་ནུས་སམ། འཇིག་རྟེན་སུ་གཅིག་ལ་མེད་པའི་ང་ཚོ་བོད་གངས་ཅན་གཅིག་པུ་ལ་རང་བྱུང་གི་བཀོད་ཁྱབ་དང་ལས་རྒྱུ་འབྲས་ཀྱིས་དམིགས་བསལ་གཏོང་རྒྱུ་ཞིག་ཡོད་པ་ལྟ་བུར་འདོད་པ་ནི་གནས་ལུགས་དང་བྲལ་བའི་གཏམ་དུ་ཟད།  དེ་འདྲ་ཡིན་དུས་ད་ནས་བཟུང་ང་ཚོ་རང་སྣང་གི་བླུན་དད་དབང་དུ་མགོ་མི་ཡུར་བར་འཛམ་གླིང་ཁྱོན་ཡོངས་ཀྱི་གནམ་གཤིས་འཕོ་འགྱུར་འགྲོ་བའི་གནས་བབ་དང་། ལྷག་དོན་ད་ཐེངས་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་འདིའི་ཐོག་ནས་ཉམས་མྱོང་བསླབ་བྱ་ཟབ་མོ་ལེན་ནས། སླད་མ་འོངས་པར་ང་ཚོའི་བསམ་བློའི་ལྟ་ཚུལ་དང་འཚོ་བ་སྐྱེལ་སྟངས།  ཨར་ལས་ཁང་པ་འཛུགས་སྐྲུན་སོགས་ཕྱོགས་ཡོངས་ཀྱི་ལས་སྒོའི་ཐད་སྔར་མ་འགྲིག་མ་འདངས་པ་དག་ཡོ་བསྲང་བྱེད་པ་དང་།  བྱ་ཐབས་ལེགས་པ་གསར་འཚོལ། གནོད་འཚེ་སྔོན་འགོག་གི་ཉེན་ཚོར་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུས་མཚོན་བསམ་སྤྱོད་གཉིས་ཐད་ནས་དོན་མཐུན་གྱི་འགྱུར་ལྡོག་ཤུགས་ཆེན་པོ་ཞིག་མ་བཏང་རང་བཏང་གི་གནས་སུ་འཁེལ་ཡོད་པ་དང་། རང་བྱུང་ཁམས་ཀྱི་ཆོས་ཉིད་དང་། ཚན་རིག་གི་ཐབས་བཀོད། དམ་ཆོས་མི་ཆོས་ཀྱི་ཡང་དག་པའི་ཚུལ་ལུགས་བཅས་དང་བསྟུན་ནས་དོན་དམ་པའི་མིའི་འཚོ་བ་མཚན་ཉིད་པ་ཞིག་སྐྱེལ་ཐབས་ལ་ཕྱོགས་དགོས་པའི་སྐབས་དང་དུས་ལ་བབ་ནས་ཡོད་དོ།
དེས་ན་ང་ཚོས་ད་རེས་ས་ཡོམ་ཁྲོད་ནས་མ་འགྱེལ་ཀེ་རེར་འགྱིང་བའི་ཁང་ཕྲན་ཁང་བརྩེགས་དག་གི་ལྟོས་བཅས་ཀྱི་ཚད་ལྡན་སྔོན་ཐོན་གྱི་འཛུགས་སྐྲུན་བྱེད་སྟངས་ཐད་མིག་དཔེ་ཡག་པོ་བལྟ་རྒྱུ་དང་། བཟློག་མེད་ཡོངས་ཁྱབ་ཀྱི་རང་བྱུང་གནོད་གེགས་ལས་གཞན་པའི་ད་ཐེངས་མི་མང་པོ་དེ་འདྲ་ཤི་རྨས་གྱུར་པའི་རྒྱུ་རྐྱེན་གཙོ་བོ་གཞན་གཅིག་དེ་གང་ཞིག་ཡིན་པའི་སྐོར་ལ་ཞིབ་འདངས་རེ་བརྒྱབ་སྟེ། རྗེས་ཕྱོགས་ཚང་མས་སྡོད་ཁང་ལས་པ་དང་།  ལྷག་དོན་གནོད་འཚེ་ཕོག་ཁུལ་གྱི་ཁྱིམ་གཞིས་གསར་སྐྲུན་བྱེད་སྐབས་དེ་ལུགས་ཀྱིས་ཡིད་འཇོག་གནང་ནས་སྲོལ་རྒྱུན་གྱི་ལེགས་ཆ་དང་ཉམས་མྱོང་བསྡུ་ལེན་སོགས་ཐབས་ཤེས་གང་དྲག་གིས་ངེས་པར་དུ་དེང་རབས་ཀྱི་ཚད་གཞི་དང་མཐུན་པ་ཞིག་ཡོང་ཐུབ་ཐབས་བྱེད་དེ། དཀའ་ལས་དཀོན་ཚགས་བྱས་པའི་རང་གི་ཕ་ཁྱིམ་གྲུ་བཞི་དེ་རང་སྲོག་འཕྲོག་པའི་གཤེད་མར་མི་འགྱུར་བའི་ཐབས་བཀོད་ལ་སྒོ་ཀུན་ནས་བསམ་དཔྱད་དང་འབད་ཐབས་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཆེ།
ཁ་སྔོན་ས་འགུལ་བྱུང་ནས་བཟུང་ཉིན་འདི་དག་གི་རིང་ཁོ་བོ་ད་ཐེངས་རྐྱེན་ལམ་དུ་ཤོར་བའི་ཡུལ་མི་སྤུན་ཟླ་ཚོའི་ངང་ཚུལ་བསམ་བཞིན་སྐྱོ་གདུང་གིས་མནར་བ་ཕུད་པའི་བློ་མི་བདེ་ཀམ་ཀམ་གྱི་དངངས་སྐྲག་ཅིག་སྐྱེ་ཡོང་བ་ནི། མ་གཞི་བཀྲ་མི་ཤིས་པའི་ལྟས་ངན་བཤད་པ་མིན་ཏེ། གལ་ཏེ་ང་ཚོར་ད་དུང་དེ་དང་དེ་འདྲ་བའི་རྐྱེན་ཆག་ངན་པ་ཞིག་ཡང་བསྐྱར་བྱུང་བའི་དབང་དུ་བཏང་ན། རང་རེ་ཕལ་མོ་ཆེའི་གཟིམ་ཤག་ལ་ད་ཕན་རབ་གནས་སྤུས་ཚད་ལྡན་པ་བློ་བདེ་པོ་དེ་འདྲ་རང་ཞིག་བྱུང་ཡོད་ཚོད་མ་མཐོང་བས། དེ་ལྟ་བུའི་བརྡབ་གསིག་དང་མནར་གཅོད་ནི་ཇི་ལྟར་བཟོད་ཐུབ་ཨང་སྙམ་པ་ཞིག་ངང་ཤུགས་སུ་སྐྱེ་འོང་།
དེས་ན་ཉེ་ལམ་འབྲེལ་ཡོད་ཀྲུང་གོ་ས་འགུལ་སྔོན་བརྡ་གཏོང་བའི་སྡེ་ཁག་གི་ཀྲུའུ་རིན་ལིག་ཅེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།  ཆེད་མཁས་པའི་ཚོད་དཔག་བྱས་ན། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་རྫོང་ལ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་རྒྱུགས་རྗེས། ཀྲུང་གོའི་སྐམ་ས་ཆེན་པོར་ས་འགུལ་འབྱུང་ཉེན་ཆེ་བའི་དུས་སྐབས་ཤིག་ལ་ཞུགས་རྒྱུ་རེད།  ཉེ་བའི་དུས་སྐབས་ཞིག་རིང་དུ། ཀྲུང་གོའི་སྐམ་ས་ཆེན་པོར་སྔར་བཞིན་ཚད་རིམ་དྲུག་གི་ས་འགུལ་འབྱུང་སྲིད་པ་དང་།  ཐེངས་འདིར་མཚོ་སྔོན་ཡུལ་ཤུལ་ལ་བྱུང་བའི་ས་འགུལ་གྱི་གས་སྲུབ་ས་རྒྱུད་དེ་ནི་དཀར་མཛེས་དང་།  ཡུལ་ཤུལ་སོགས་ས་ཆའི་གས་སྲུབས་ས་རྒྱུད་ཡིན་ཞིང་།  དེ་ནི་བ་ཡན་ཧ་རི་ས་རྒྱུད་ཀྱི་ལྷོ་ཕྱོགས་ས་མཚམས་ལ་གཏོགས།  བིན་ཁྲོན་ས་འགུལ་དེའང་བ་ཡན་ཧ་རི་ས་རྒྱུད་ཀྱིས་ཤར་ལྷོའི་མཐའ་མཚམས་ལ་གཏོགས་ ཚུལ་གསུང་ཡོད་པ་དང་།
བོད་ཀྱི་གནམ་རིག་སྐར་རྩིས་ལོ་ཐོའི་ནང་དུའང་།   དྲང་སྲོང་ཉི་བུ་ལོ་ཧྲིལ་ཁྱིམ་གཅིག་ཏུ།  གནས་པས་དགུང་འདིར་ལྷོ་ཡི་ཕྱོགས་དག་ཏུ།  རླུང་འཚུབ་ས་གཞི་གཡོ་བའི་ཉེན་ཁ་མངོན།  ལྷག་པར་ནག་ཟླའི་བོད་ཟླ་༣པ་ཚེས་ཤར་ནས་བཟུང་སྟེ།   ས་ཟླའི་ (བོད་ཟླ་༤པ་) ཉེར་གཉིས་བར་དུ་ཕྱིར་ལྡོག་པས།   ཆར་སྤྲིན་འདུ་ཞིང་ས་གཡོའི་ཉེན་ཡང་ཆེ། ཞེས་འཁོད་པར་གཞིགས་ན་བོད་ཟླ་བཞི་པ་ལྔ་པའི་ནང་ས་ཡོམ་ལ་གཟབ་དགོས་པའི་གནད་བཟོ་ཡོད།    དུས་རྒྱུན་བོད་ཀྱི་གཏམ་དཔེར་ཡང་ཆུ་མ་ཡོང་གོང་ནས་རགས་དང་།  རྐྱེན་མ་ཡོང་གོང་ནས་བཟློག་པ་ཟེར་སྲོལ་ཡོད་པ་བཞིན་ང་ཚོ་ཕྱོགས་ཡར་མར་གྱི་རིགས་ཁག་སྤུན་ཟླ་ཚང་མས་ཉེན་ཟོན་དོ་སྣང་གནང་རྒྱུ་དགོས་པ་ཆེ་བར་སྣང་། གལ་ཏེ་ས་ཡོམ་མ་བྱུང་ནའང་ཉེན་ཟོན་བྱས་པར་ཉམས་མྱོང་སྦྱོང་བརྡར་ཐེབས་རྒྱུར་ཕན་པ་ཡོད་པ་ལས་དེར་གྱོང་གུན་དང་འགལ་བ་གང་ཡང་ཡོད་པ་མ་རེད།   འོན་ཀྱང་ང་ཚོར་དུས་རྒྱུན་རྒྱུན་འཇགས་སུ་ཡོད་པའི་དགོས་མེད་ཀྱི་རྣམ་རྟོག་དང་དོགས་འདྲོགས་དེ་འདྲ་མི་ལངས་བར་འབྲེལ་ཡོད་ཚན་རིག་ཤེས་བྱ་དང་ས་ཡོམ་ཐད་ཀྱི་བརྡ་འཕྲིན་ལ་ཡིད་ཆེས་བྱ་རྒྱུ་ནི་གལ་ཆེའོ།
དེའང་ཉེ་ལམ་དྲ་ཐོག་སོགས་སུ་ཀུན་གྱིས་ཐབས་འཚོལ་བྱེད་སླ་ལ་སྟབས་བདེ་བའི་ས་ཡོམ་གྱི་ཉེན་བརྡ་སྔོན་དཔག་བྱེད་སྟངས་ཤིག་འདུག་པ་འདིར་ཡང་བསྐྱར་དྲངས་ན།

ས་ཡོམ་གནོད་འཚེ་ལས་ཐར་ཐབས་སྟབས་བདེ་ཞིག

ཁྱེད་ཀྱིས་རྡོ་ཁབ་ལེན་ནམ་ལྕགས་ཁབ་ལེན་ཞིག་ཁང་པའི་ནང་གི་བར་སྣང་མཐོ་ས་ལ་སྐུད་པས་བཏགས་ཏེ། དེའི་འོག་ཐད་ཀའི་ས་ངོས་ལ་རྫ་གཡམ་མམ་ལྕགས་སྣོད་ལྟ་བུ་ཞིག་བཞག་པ་དང་། རྡོ་ཁབ་ལེབ་དེའི་ཐོག་ལ་ལྕགས་དུམ་བུ་ཆེ་ཙམ་ཞིག་ལྷུང་ཆོག་ཆོག་ཏུ་འབྱར་བཅུག་ནས་བཞག་དགོས།  ས་ཡོམ་ཡོང་ཁར་སའི་གོ་ལའི་ཁབ་ལེན་རྭ་བའི་སྡུད་ཤུགས་ལ་འགྱུར་ལྡོག་ཤུགས་ཆེན་ཐེབས་ནས་རྡོ་ཁབ་ལེན་དེའི་ལྕགས་ལེན་པའི་ནུས་པ་ཉམས་ཏེ།  ལྕགས་དུམ་བུ་དེ་ས་ཐོག་གི་ལྕགས་སྣོད་ཐོག་ལྷུང་བའི་ཏང་སྒྲ་གྲགས་པ་དང་ས་ཡོམ་ཡོང་རྒྱུའི་སྔོན་བརྡ་ཡིན་པས།  ས་ཡོམ་གྱིས་དངོས་སུ་ཁང་པ་མ་འགུལ་སྔོན་གྱི་དུས་ཚོད་སྐར་མ་ཁ་ཤས་སམ་དབུགས་ཆ་ཁ་ཤས་ཞིབ་ཕྲ་ཚོད་མི་ཐིགདེའི་ནང་ལམ་སང་སྒོ་ཕྱི་རོལ་དུ་བྲོས་བཞིན་དུ་མི་གཞན་ལ་འབོད་ཐབས་བྱས་ན་རང་གཞན་མང་པོ་སྲོག་ཉེན་ལས་བསྐྱབ་ཐུབ་ཀྱི་ཡོད་ཚུལ་བཤད་འདུག་པས་ཚང་མས་དཔྱད་གཞིར་གནང་འཚལ།

འདིར་ཞར་བཀོད་དུ།

༈ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།  ། དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། །
བར་ཆད་ཀུན་སེལ་བདུད་འདུལ་དྲག་པོའི་རྩལ།  ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། ། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
༈ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས། །   སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ། །
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། ། ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོ་བཅས། །
འབྱུང་བ་རང་སར་ཞི་བ་ཐེ་ཚོམ་མེད། ། ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
ཞེས་པ་ཚིག་རིས་དང་མཐུན་པར་ཡིད་ལ་དྲན་ཏེ་དུས་རྒྱུན་ལན་མང་དུ་བརྗོད་ན་གེགས་བར་སྤྱི་དང་རང་གི་སེམས་ཁམས་ལའང་ཕན་པར་ངེས་སོ། །

·གསར་འགྱུར་གོང་མ:ཡུལ་ཤུལ་་ས་ཡོམ་ཁུལ་ནས་ནོར་ལུག་ཁྲི་བཞི་ལྷག་ཤི་བ།
·གསར་འགྱུར་འོག་མ:སེར་ཤུལ་ཁྲི་པས་ས་ཡོམ་གོད་ཆག་ཁུལ་ལ་སྒོར་ས་ཡ་༡༠ཞལ་འདེབས་ཕུལ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:19:21 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:48:21 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:32:06 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 61 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS