ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

མྱི་ཆེན་ནས་རེ་སྐུལ་འདི་ལྟར་ཞུ་གིན་ཡོད།

[རྩོམ་པ་པོ:མྱི་ཆེན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2010/4/24 12:58:19  བཀླགས་ཐེངས:1289][ཡིག་གཟུགས:ཡིག་གཟུགས་མདོག]
མྱི་ཆེན་ནས་རེ་སྐུལ་འདི་ལྟར་ཞུ་གིན་ཡོད།

ང་ཚོ་ཚང་མ་གོད་ཆག་གནམ་ལྷུང་གི་སྡུག་བསྔལ་འདིའི་འོག་ནས་ད་བར་དུ་ཉིན་བཅུ་ཏག་ཏག་འགོར་སོང་།
དང་བོ།
ད་ནི་ང་ཚོས་ཕྱོགས་ཡོངས་ལ་འདང་རྒྱག་དགོས་པ་རེད་མོད། ཁྱད་པར་དུ་ཕྱོགས་གང་མང་ན་སེམས་འཚབ་བླ་ལྷག་ཏུ་བྱེད་ཀྱིན་ཡོད་པ་ནང་བཞིན་གནོད་ཐེབས་ས་ཁུལ་གྱི་དྭ་ཕྲུག་མང་བོར་འདང་མི་རྒྱག་རང་རྒྱག་ཏུ་ཆགས་ཡོད་པས་གྲོགས་པོ་དང་གྲོགས་མོ་བྱམས་བརྩེ་ཅན་དང་རུས་ཞེན་ཅན་དག་གིས་ས་འགུལ་ཁྲོད་ཕ་མེད་མ་མེད་དུ་གྱུར་བའི་བྱིས་པ་འདི་དག་ལ་སློབ་གསོ་སྤྲོད་སྟངས་ཐད་ནས་དགོངས་བཞེས་རེ་གནང་དགོས་ཚོད་འདུག རང་གི་དྲན་ཚུལ་ཁ་ཤས་གསལ་བོར་ཞུས་ན། ང་ཚོའི་བྱིས་པ་འདི་དག་གློ་བུར་དུ་རྒྱ་ནང་གི་མིང་གྲགས་ཅན་གྱི་སློབ་ཁུལ་དུ་བསྐྱལ་ཏེ་སློབ་གསོ་མྱོང་དུ་བཅུག་ན་མཇུག་འབྲས་ནི་སུས་ཀྱང་དཔོག་དཀའ་བ་ཞིག་ཡིན་པའི་ཁར་གནས་སྐབས་རིང་ལུས་སེམས་བསྣད་པར་བྱས་པའི་གངས་བུ་འདི་དག་ལ་ཁོར་ཡུག་གི་རི་ཆུ་ལུང་གསུམ་དང་བཟའ་བཅའ་བཏུང་གསུམ། སློབ་གསོའི་བྱེད་ཐབས་སོགས་གང་ཅིའི་ཐད་ནས་བློར་མི་ཤོང་བའི་དཀའ་ངལ་དང་གནོན་ཤུགས་སྣ་ཚོགས་ལ་འཕྲད་པར་གདོན་མི་ཟ་བས་ན། རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བའི་དཔེ་ལྟར་ཡུལ་ཤུལ་ས་གནས་རང་དང་གཞན་མཚོ་སྔོན་ནང་ཁོངས་སུ་སློབ་གསོའི་གོ་སྐབས་རེག་པའི་ཕྱོགས་ལ་ང་ཚོས་ངེས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་དགོས་འདུག དེ་ཕྱིར་ང་ཚོའི་ནང་ཁུལ་ནའང་ཁེ་ལས་པ་དང་ཐེབས་རྩ་ཚོགས་པ་བྱམས་བརྩེ་ཅན་གང་མང་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པས་དེ་དག་ཚང་མ་རུབ་བསྡུས་སྒོས་འདིའི་ཕྱོགས་ཀྱི་སློབ་གྲྭ་གསར་བ་རྒྱག་པ་དང་ལག་ཐབས་གསར་བ་བཀོད་དེ་ང་ཚོ་སྒང་བ་བོད་པ་ཚང་དང་ཁྱད་པར་དུ་སྒ་སྐྱེ་དགུ་ཚང་གི་མ་འོངས་པའི་བུ་རབས་ཚ་བརྒྱུད་ཀྱི་བླ་སྲོག་ཉག་གཅིག་ཏུ་གྱུར་བའི་བྱིས་པ་འདི་དག་སྐྱེད་སྲིང་གནང་རྒྱུའི་ཐད་ལ་ངེས་པར་བསམ་གཞིགས་གལ་ཆེན་གནང་དགོས་རྒྱུ་འདུག ང་ཚོའི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུའང་ད་བར་དུ་བོད་རིགས་སློབ་འབྲིང་ཕར་ཟད་བོད་རིགས་སློབ་ཆུང་ཞིག་ཀྱང་མཐོང་རྒྱུ་དང་ཐོས་རྒྱུ་མེད་པ་མིན་ནམ། ད་ནི་གོ་སྐབས་འདི་དམ་བཟུང་སྒོས་གོང་རིམ་ལ་ཡར་ཞུ་བརྒྱུད་དེ་སློབ་གྲྭ་ཆུང་འབྲིང་ཞིག་བསྒྲུབ་རྒྱུ་བྱས་ནའང་མི་འགྲིག་པ་ཞིག་ཡིན་སྲིད་རྒྱུ་མ་རེད་བསམ་གི
གཉིས་པ།
རྒྱ་ནང་དང་བོད་ནང་གང་ཐད་ནས་རོགས་སྐྱོར་གྱི་དངུལ་དང་དངོས་རྫས་གནམ་ས་གཉིས་ཀའི་ལམ་ན་གནོད་ཐེབས་ས་ཁུལ་ལ་གང་འདོད་འདོད་ཅིག་བསྐྱལ་ཏེ་འོང་གིན་ཡོད་པའི་གསར་འགྱུར་བརྙན་ལམ་དང་དྲ་ལམ་ཉིས་ཆ་ན་སྒྲོག་གིན་ཡོད་པ་ནང་བཞིན་རེད། འོན་ཀྱང་བསམ་དགོས་པ་ཞིག་ནི། རང་རེ་ལ་དབང་བའི་བོད་ཁུལ་གྱི་རྒུད་སྐྱོབ་དངུལ་གྲངས་ཀྱང་བློར་ཤོང་བ་དཀའ་བའི་ཚད་ཅིག་ཞིང་ཆེན་གྱི་དམངས་སྲིད་སྡེ་ཁག་དང་རྒྱ་གྲམ་དམར་བོའི་སྨན་ཁང་དུ་སྐྱེལ་གྱིན་འདུག་པས་ན། འདིའི་ཕྱོགས་ནས་རེ་བའམ་ལྟ་ཚུལ་ཞིག་ཞུ་རྒྱུ་ཡོད་པ་ནི། དངུལ་སྒོར་འབོར་ཆེན་ནི་གོང་རིམ་ནའང་སྟེར་གྱིན་ཡོད་པའི་གསར་འགྱུར་མང་བོ་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པས་རང་ལ་དབང་བའི་བོད་ཁུལ་གྱི་དགོན་གྲོང་དག་ནས་ཕུལ་བའི་དངུལ་སྒོར་དག་ནི་རང་རང་ས་ནས་རྩ་འཛུགས་མི་སྣ་རེ་འགས་དབུ་བསྐུལ་ཏེ་ཟས་གོས་སོགས་ཀྱི་དངོས་ཟོག་ལ་བརྗེས་ཏེ་གནོད་ཐེབས་ས་ཁུལ་ལ་གོ་རིམ་ཡོད་པའི་སྒོ་ནས་ག་ལེར་བསྐྱལ་ན་བསམ་གྱིན་ཡོད། རྒྱུ་མཚན་ནི་ཡུལ་ཤུལ་གནོད་ཐེབས་ས་ཁུལ་འདིར་དཀའ་ངལ་ཆེ་ཤོས་དེ་རྗེས་སུ་འབྱུང་བར་འགྱུར་ངེས་པས་ང་ཚོས་ཁ་ཡོད་ལག་ཡོད་ཀྱི་རོགས་འདེགས་ཤིག་ཅིས་ཀྱང་མཁོ་ངེས་སུ་མཐོང་། གཞན་གནོད་ཐེབས་ས་ཁུལ་རང་ན་དངོས་སུ་བཟའ་ཆས་དང་གྱོན་གོས་རིགས་ཐེབས་སྙོམས་པོར་འགྱེད་ཀྱིན་ཡོད་པའི་དགོན་གྲོང་གི་དང་བླངས་ལས་མི་གང་མང་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པས་དགའ་འོས་ཤིང་བཀུར་འོས་པའི་གནས་སུ་ཆེའོ། །
མཇུག་མཐར་ཞུ་རྒྱུ་ཞིག་ཡོད་པ་ནི། ད་བར་དུ་དད་པ་དང་དམ་ཚིག་དྲི་མེད་ཤེལ་གོང་བཞིན་གཙང་བའི་ཞིང་འབྲོག་མང་ཚོགས་ཀྱིས་ཕག་གསོ་གསོ་བྱས་པའི་སྤྲུལ་སྐུ་ཚོས་ནི་ཅི་ཡང་མ་འཇོན་པའི་སྣང་བ་ཞིག་རྒྱུན་ཏུ་འབྱུང་གིན་འདུག འོན་ཀྱང་ཁ་ཤས་ཤིག་ནི་ཡོད་དུ་སྲིད་ཀྱང་དེས་ནི་བོད་ཁམས་སུ་ཡོད་པའི་སྤྲུལ་སྐུའི་བརྒྱ་ཆའི་གཅིག་ཀྱང་ཟིན་མི་འདུག གསར་ལམ་ཁག་དང་མི་མང་གི་ཁ་ན་ད་ཐེངས་བླ་མ་དང་དགེ་འདུན་པ་ཚང་མས་རོགས་འདེགས་རླབས་ཆེན་གནང་སོང་ཟེར་བ་འདི་དག་གི་ནང་དོན་ནི་བོད་ཁམས་ཀྱི་སྤྱི་ཚོགས་གསར་བའི་ཁུར་བོར་གྲགས་པའི་གྲྭ་བཙུན་དགེ་བཤེས་དང་མཁན་པོ་དག་ལས་སྤྲུལ་སྐུ་ཚོར་གོ་རྒྱུ་མིན་པ་འདྲའོ། །
ཞེས་པ་འདི་ཡང་མྱི་ཆེན་གྱིས་རེབ་གོང་སྟོད་ནས་མགྱོགས་འཕྲིན་བྱས་པའོ།།

·གསར་འགྱུར་གོང་མ:ལྷ་ལྡན་ཕྱོཊ་ནས་སྤུན་ཟླ་ཡུལ་ཤུལ་བར་བཅངས་པའི་《སེམས་འཕྲིན་》
·གསར་འགྱུར་འོག་མ:ལྷ་ས་དགེ་འོས་སློབ་གྲའི་སློབ་མས་སྤུན་ཟླར་ཕུལ་བའི་སེམས་འཕྲིན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 21:11:56 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 2:43:40 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 13:12:17 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS