ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

པཎ་ཆེན་རིན་པོ་ཆེ་དྲན་པ།

[རྩོམ་པ་པོ:འོད་དཀར།  ཡོང་ཁུངས:དྲ་ཐོག  དུས་ཚོད:2010/1/29 12:17:25  བཀླགས་ཐེངས:987][ཡིག་གཟུགས:ཡིག་གཟུགས་མདོག]

པཎ་ཆེན་རིན་པོ་ཆེ་དྲན་པ།

འོད་དཀར།

པཎ་ཆེན་རིན་པོ་ཆེ

བདག་གི་དུས་གསུམ་ན་གསལ་བའི་གངས་རིའི་ཟླ་བ།

བདག་གི་དགུན་གཞུང་ན་འབར་བའི་མེ་འོད་དྲོན་མོ

ཁྱེད་འདི་ལྟར་བཞུད་སོང་བ་བདེན་ཡང

ང་ཚོ དུས་གཏན་དུ་ཁྱེད་ཀྱི་དཔའ་གདེང་གི་རུས་རྐང་ལ་ཅེར་ཡོད།

པཎ་ཆེན་རིན་པོ་ཆེ

གངས་རིའི་དཀྱིལ་དབུས་ནས་བཞུད་སོང་བའི་ཟླ་བ་ཁྱེད

སུ་ཞིག་གི་མིག་ཆུའི་ཚ་དྲོད་ལས་རྙེད་པའི་འོད་ཀྱི་རྡོག་པོ་ཞིག

མི་ལོ་བཅུའི་དུས་རླུང་གི་སྨྱོ་ཧམ་ཁྲོད་ནའང

རིགས་རྒྱུད་ཅིག་གི་ན་ཟུག་རྐྱང་རྐྱང

མེ་རུ་སྒྲོན་པའི་མཐོ་སྒང་གི་སྒོམ་ཆེན་ཁེར་རྐྱང

ཁྱེད་ཡོད་པ་ནས་བཟུང།

ང་ཚོས་འགྱེད་མི་སྲིད་པའི་རིགས་རྒྱུད་ཀྱི་སྒལ་ཚིགས་ཤིག་བཙལ་བར

འདི་ལྟར་སྟ་གོན་བྱེད་བཞིན་ཡོད་ལ

ང་ཚོས་ནུབ་མི་སྲིད་པའི་སྙིང་སྟོབས་ཀྱི་དར་ཆ་ཞིག

འདི་ལྟར་མཐོ་རུ་འཕྱར་བཞིན་ཡོད

པཎ་ཆེན་རིན་པོ་ཆེ

མི་ལོ་དགུའི་དུས་བཀག་གི་བཙོན་ར་ནས

རིགས་རྒྱུད་ཅིག་གི་བདེ་སྡུག་མིག་ཆུར་བརྒྱུས་ཏེ

སྐད་ཤུགས་ཆེན་པོས   ཚིག་འབྲུ་རེ་རེ་ལྷོག་ལྷོག་ཏུ་སྐྱུག་དུས

གཡོན་ལྷུང་གི་ཞྭ་མོ་ནག་པོས

ཁྱེད་ལ་འོ་བརྒྱལ་བྱས་མྱོང་བ་བདེན་ཡང་།

ནང་འགུལ་གྱིས་དུག་མདའ་ནག་པོས

ཁྱེད་ལ་ན་ཟུག་སླང་མྱོང་བ་བདེན་ཡང་།

གཏན་དུ་མ་འཇགས་པའི་ཁྱེད་ཀྱི་སྐད་གཟེངས་མཐོན་པོས།

གྲང་འཁྱག་གི་གངས་རི་འདི་ཉིད་དྲོད་ཀྱིས་འདར་བར་བྱས་ཤིང

མུ་མཐའ་བྲལ་བའི་རྩ་ཐང་ལ་ལྗང་མདོག་གི་རྣམ་ཤེས་གྱོན་དུ་བཅུག

དེ་རིང་ཁྱེད་མེད་པས

དུས་ཀྱི་རྗེས་ཤུལ་ན་འཚོ་བའི་མགོན་མེད་སྐྱབས་མེད་ཀྱི་ང་ཚོ

འཕུར་བསམ་ན་གཤོག་སྣེ་རྡོ་རེད་ལ

འདུག་བསམ་ན་ཡིད་སེམས་ཆུ་རེད

པཎ་ཆེན་རིན་པོ་ཆེ།

བདག་གི་དུས་གསུམ་གྱི་སྟོན་པ་ཡ

ཁྱེད་དང་ང་ཚོར་དབང་བའི་གངས་རིའི་དུས་སྟོན་དེ་གང་དུ་ཡོད་དམ

ཡང་ན   ཁྱེད་དང་ང་ཚོས་འཚོལ་བའི་ཕ་མེས་ཀྱི་བླ་མཁར་དེ་གང་དུ་ཡོད་དམ

དེ་ལྟར  ཁྱེད་ཀྱིས་རིགས་རྒྱུད་ལ་བཞག་པའི་དཔའ་སྤོབས་ལས

དེ་རིང་ང་ཚོ་འདི་ལྟར་སད་ནས་ཡོད

དེ་ལྟར    ཁྱེད་ཀྱིས་བདེན་དོན་ལ་ཕུལ་བའི་མཛད་སྤྱོད་ཀྱིས

དེ་རིང      ང་ཚོ་ཡང་བསྐྱར་ལངས་ནས་བགྲོད་བཞིན་ཡོད

·གསར་འགྱུར་གོང་མ:བོད་ལྗོངས་སུ་བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་གི་དགོང་ཚོཊ་ཐེངས་དང་པོ་གཉེར་བ།
·གསར་འགྱུར་འོག་མ:ངོ་མཚར་གནས་འཕྲིན། ཡ་མཚན་ཡ་མཚན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:33:51 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:52:09 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 11:47:43 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS