ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན།

[རྩོམ་པ་པོ:ནག་ཀྱྰ་བ་ཤ་བོ་ཚེ་རིང་།  ཡོང་ཁུངས:བོད་ཀྱི་དུས་དེབ་བྲ་བ།  དུས་ཚོད:2016/1/4 14:33:07  བཀླགས་ཐེངས:4877][ཡིག་གཟུགས:ཡིག་གཟུགས་མདོག]
 

                                      དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན།

 

                                                             ནག་ཀྱྰ་བ་ཤ་བོ་ཚེ་རིང་། རེབ་གོང་།

   ང་ཚོ་མི་སུ་དང་གང་འདྲ་ཞིག་ཡིན་རུང་།རང་ཉིད་ཀྱི་འཇོན་ཐང་དང་ནུས་པ།བསམ་བློ། ལྟ་རྒྱ་དང་མཐོང་རྒྱ་སོགས་གང་ཅིའི་ཐད་ནས་ཚད་བཀག་ཆེ་བས། མི་བུ་རང་ཉིད་ཀྱིས་གཉེར་བཞིན་པའི་བྱ་བཞག་ཆེ་ཆུང་གང་འདྲ་ཞིག་གི་ཁྲོད།འཐུས་ཤོར་དང་ གོལ་འཛོལ།ནོར་འཁྲུལ་མི་འབྱུང་བའི་ངེས་པ་ཏོག་ཙམ་མེད། རྒྱུ་མཚན་ནི་ང་ཚོ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་ཚད་གཞི་མཐོ་ཤོས་དེར་སླེབས་མེད་པ་རེད།

ཡིན་ན་ཡང་དྲང་བདེན་དང་གནས་ལུགས་ལ་ཁུངས་བཅོལ་ནས་བྱ་བ་སྒྲུབ་རྒྱུ་ནི་ནམ་ཀུན་རང་ཉིད་ཕ་རོལ་བ་ལས་རྒྱལ་བྱེད་ཀྱི་རྒྱུ་འཁྲུལ་མེད་དུ་སྲིད་ལ།དྲང་བདེན་དང་ གནས་ལུགས་ལ་རྡོག་བརྫིས་ཚ་དྲག་བཏང་སྟེ་བྱ་བ་གང་ཞིག་གི་དབུ་བརྩམས་ཁུལ་བགྱིས་ཀྱང་དེ་ནི་ཕམ་ཁ་དང་སྡུག་བསྔལ་གྱི་མཚོ་མོར་འདེད་པའི་རྡུལ་ཕྲན་མཚོན་ཆ་ལྟ་བུ་ཞིག་ཡིན་པར་ཚད་ཐུབ་ཀྱིས་གྲུབ་ཡོད།ཐ་ན་ཆུང་བ་ཁྱིམ་ཚང་དང་བཟའ་མིའི་བར་ནས་ཀྱང་དྲང་བདེན་དང་གནས་ལུགས་ལ་རྒྱབ་རྟེན་བྱས་ནས་འཚོ་བ་དགོས་པ་རེད།གལ་ཏེ་སུ་ ཞིག་གིས་ཆོས་ཉིད་འདི་ལ་རྒྱབ་འགལ་བྱས་ན།དེ་རུ་འཆམ་མཐུན་དང་འཕེལ་རྒྱས་ཟེར་བ་ཞིག་གཏན་ནས་འབྱུང་ཐབས་མེད།

ལྷག་དོན་སློབ་གསོ་ནི་མི་སྒེར་དང་ས་གནས།མི་རིགས་དང་རྒྱལ་ཁབ་རྗེས་ལུས་དང་སྔོན་ཐོན་གྱི་ཚད་འཇལ་བྱེད་ཀྱི་ཁྲུ་ཙེ་ལྟ་བུར་མངོན་སུམ་དུ་གྲུབ་ཡོད་པས།དགོན་སྡེ་དང་ སློབ་གྲྭའི་སློབ་གསོའི་བྱ་བཞག་རླབས་པོ་ཆེ་འདི་ཉིད་དྲང་བདེན་དང་གནས་ལུགས་ལ་ཁུངས་བཅོལ་ནས་ང་ཚོ་མི་བུ་སོ་སོས་རང་ངོས་ནས་དཔྲལ་བའི་མིག་དང་ཁོག་གི་སྙིང་བཞིན་མ་སྲུང་བར་རང་དོན་ཕྲན་ཙམ་དང་ཉི་ཚེ་བ་དག་ཕུགས་སུ་བཅུག་ནས་སློབ་གསོའི་སྡེ་ལ་ནང་འགལ་གྱི་ཕུང་བོ་ཤས་མི་བཟོད་པ་བཟོ་བ་དང་།ལུགས་དང་མི་མཐུན་པའི་ དཀྲོགས་གཏམ་སྣ་དགུ་སྤེལ་བ།དཔྱད་པ་སྔོན་དུ་མ་སོང་བར་གཟུ་ལུམ་གྱི་བསྡོམས་ཚིག་ཅི་དགར་འགོད་པ།ཅི་ཡང་མི་ཤེས་ཀྱང་ཤེས་མདོག་ཚ་བོས་དགེ་བཤེས་དང་རྒན་ལྷག་བསམ་ཅན་དག་ལ་མགོ་ནོན་བྱེད་པ་ལ་སོགས་རང་མཚང་རྗེན་པར་སློག་པའི་ཉེར་བསྡོགས་ཅི་རིགས་བརྩམས་ན་ནི།ང་ཚོའི་མི་རབས་རྗེས་མ་གསོ་སྐྱོང་དང་ཤེས་རིག་རྒྱུན་འཛིན་གྱི་སློབ་གསོའི་མཁའ་རླུང་གཙང་མ་འདི་ལ་ཚད་རིམ་མི་འདྲ་བ་ནས་གཏོར་བཤིག་དང་འབག་བཙོག་རབ་དང་རིམ་པ་བཟོ་ངེས་པས།སློབ་གསོའི་འདུས་སྡེ་དག་ནས་ངེས་པར་དུ་དྲང་བདེན་དང་གནས་ལུགས་ལ་བརྟེན་ནས་བྱ་བ་སྣ་དགུ་གཉེར་རྒྱུ་ནི་དངོས་གནས་གལ་ཆེན་ནང་གི་དོན་ཆེན་རེད།དེ་ལྟར་མ་བྱས་ན།ང་ཚོས་འཇོན་མི་ཞིག་ཡེ་ནས་སྐྱོང་ཐབས་མེད།

མི་རིགས་ཤེས་རིག་དང་སློབ་གསོ་སྐྱ་ཟད་སྔོ་སྡུག་གི་དུས་སྙིགས་ལ་བལྟས་བལྟས་རིག་རིག་ལ་སླེབས་བཞིན་པའི་དུས་རབས་ཀྱི་སྐྱོག་མཚམས་ཆེ་ཤོས་འདི་རུ།ང་ཚོ་སློབ་གསོ་དོ་ དམ་པ་དང་སློབ་གསོའི་ལས་གནས་དང་བོ་རུ་དཔེ་ཁྲིད་མི་སྐྱོང་གི་རླབས་ཆེན་གྱི་བྱ་བ་ཕྲག་ཏུ་བཞེས་མཁན་གྱི་རྒན་རྣམ་པས།རང་ས་རུ་ཅི་ནུས་ཅི་ལྕོགས་སྒོས་སློབ་གསོ་བྱ་བའི་སྲོག་ཤིང་ལ་དྲང་བདེན་དང་གནས་ལུགས་ལ་དཔང་དུ་བཙུགས་ནས་སྒྲུབ་དགོས།སྤྱི་ཚོགས་ཀྱི་འདུས་སྡེ་སོ་སོ་ནས་ཀྱང་འདི་ལྟར་སྒྲུབ་དགོས།

སློབ་གསོ་བྱ་བའི་གནད་ས་ནི་མི་སྐྱོང་རྒྱུ་དེ་ཡིན་ལ།མིའི་སྤུས་ཀ་བཟང་ངན་ནི་ཐད་ཀར་དུ་སློབ་གསོ་ལ་འཕྲད་ཡོད། ས་གནས་དང་མི་རིགས། རྒྱལ་ཁབ་དང་སྤྱི་ཚོགས་ག་འདྲ་ཞིག་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ནི་མི་ནུས་པ་དང་འཇོན་ཐང་ལ་དངོས་སུ་འཕྲད་ཡོད།སློབ་གསོ་ནི་ཡོད་ཚད་ཀྱི་རྩ་ལག་དང་རྨང་རྡོ་ཡིན་པ་ཡང་དེ་འདྲ་རྒྱུ་མཚན་བྱས་ནས་སྒྲུབ་ཚུགས་གནངས་པ་ལགས།

སློབ་གསོའི་ལས་གནས་སུ་དྲང་བདེན་དང་གནས་ལུགས་ལ་བརྟེན་ནས་བྱ་བའི་ཁ་ཕྱོགས་འཚོལ་བ་དང་། བྱ་བའི་གནས་བབ་གླེང་བ།བྱ་བའི་མཇུག་འབྲས་ལ་དཔོག་དགོས་ པ་ལས། དགེ་རྒན་དང་སློབ་མ།ཁྱིམ་བདག ལས་གྲོགས། འགོ་ཁྲིད་ཕན་ཚུན་གྱི་བར་ནས་ཁྱོད་ཆེ་ང་ཆེ་དང་རང་ཆེ་རང་རློམ་གྱི་ལྟ་བ་མཁྲེགས་པོས་དྲང་བདེན་དང་གནས་ལུགས་བོར་ནས་རྫིག་རྫིག་སྟོན་མཁན་དང་ནང་འགལ་བཟོ་མཁན་དག་ནི་མི་རིགས་སློབ་གསོ་ལ་མཚོན་ན་དེ་ནི་འཕེལ་རྒྱས་ཀྱི་འགག་རྡོ་ཆེ་ཤོས་ཡིན་པར་དོན་དངོས་ཀྱིས་ར་ཁ་གསལ་དུ་སྤྲད་འདུག

དྲང་བདེན་དང་གནས་ལུགས་ལ་རྡོག་བརྫིས་ཚ་དྲག་གཏོང་མཁན་མང་བའི་སློབ་གྲྭ་དང་ལས་ཁུངས། ས་གནས་དང་མི་རིགས།རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེ་ལ་མདུན་ལམ་བདེ་བོ་ཟེར་བ་ཞིག་གཏན་ནས་འབྱུང་ཐབས་མེད་ལ།འཕེལ་རྒྱས་ངོས་གཙང་ཟེར་བ་ ཞིག་ཡེ་ནས་གླེང་ཐབས་མེད།འཛམ་གླིང་གི་རླབས་ཆེན་གྱི་མི་བུ་དག་ནི་དྲང་བདེན་དང་གནས་ལུགས་ལ་རང་སྲོག་འབེན་དུ་བཙུགས་ནས་ལས་དོན་གཉེར་མཁན་ཤ་སྟག་ཡིན་པས།ལས་ཁུངས་དང་ས་གནས།མི་རིགས། རྒྱལ་ཁབ།འཛམ་སྒང་གི་ད་གཟོད་ཁོ་རང་ཚོའི་སྙིང་སྟོབས་དང་མཛད་རྗེས་ལ་ཁས་ལེན་ངོས་གཙང་བྱས་པ་ཡིན་པ་ལས།དྲང་བདེན་དང་གནས་ལུགས་རྒྱབ་ཏུ་བོར་ནས་ལས་དོན་རླབས་པོ་ཆེན་ཞིག་ལ་ཡེ་ནས་རེག་ཐབས་མེད་པའི་གནས་ལུགས་ཀྱི་ང་རོ་གཙང་མ་འདི་ང་ཚོ་སུས་ཀྱང་རྟོགས་དགོས་ལ།ད་རུང་ང་ཚོས་མུ་མཐུད་དང་ལེན་ཡག་པོ་བྱ་དགོས་པ་ཞིག་རེད།

ང་ཚོའི་མི་རིགས་ཀྱི་ལས་གནས་སོ་སོ་རུ་དྲང་བདེན་དང་གནས་ལུགས་བརྩི་མཁན་ཆེས་ཉུང་བས། སློབ་གྲྭ་དང་ལས་ཁུངས།ས་གནས་དང་མི་རིགས་རྗེས་ལུས་དང་དབུལ་ ཕོངས། ཉམ་ཐག་གི་གནས་སུ་དེད་པ་དང་།ང་ཚོར་ཆེས་མཁོ་བ་ནི་དྲང་བདེན་དང་གནས་ལུགས་ལ་སྲོག་བསྡོས་ཀྱིས་འབད་མཁན་དག་ཡིན། དེ་ལྟར་བྱས་ན་ནི་ང་ཚོས་བདེ་སྐྱིད་ཀྱི་ཉི་གཞོན་བསུ་བཏུབ་ལ།དེ་ལྟར་བྱས་ན་ནི་ང་ཚོས་འཕེལ་རྒྱས་ཀྱི་མདུན་ལམ་ཡང་མཐོང་ ཐུབ།

དྲང་བདེན་དང་གནས་ལུགས་མ་བརྩིས་པས་ང་ཚོའི་སློབ་མ་དང་དགེ་རྒན།སློབ་གྲྭ སློབ་གསོ་དོ་དམ་པ།ལས་ཁུངས་དང་མགོ་ཁྲིད།དགོན་སྡེ་དང་གྲྭ་བ།བླ་མ་་་་་དངོས་གནས་ནོར་ལུག་གི་འཕེལ་ཁ་དར་བའི་མཐའ་ཡས་པའི་འབྲོག་སྡེ་དང་འབྲུ་དྲུག་གི་མགོ་བོ་ལྡེམ་པའི་སྨིན་ལེགས་ཀྱི་ཞིང་སྡེ།ཀ་ཁའི་དབྱངས་རྟ་སྒྲོག་པའི་ཤེས་རིག་གི་ལྡིང་ག་དང་འཚེ་མེད་ཁ་དབྱངས་སུ་སྒྲོག་པའི་དབེན་གནས་དགོན་པ་དག་ན།ཕྱོགས་རིས་ཀྱི་སོ་བརྡར། ནང་ འགལ་གྱི་མེ་ལྕེ་སྒྲོན།ཕྲག་དོག་གི་རྦབ་རྡོ་སྒྲིལ། བདེ་སྡུག་གི་གོ་ལྡོག་ཏུ་ཁྱེར་བས་ང་ཚོར་རྗེས་ལུས་ཀྱི་དམུ་གབ་ཐེབས།བླུན་རྨོངས་ཀྱི་གནས་སུ་དེད། དབུལ་ཕོངས་ཀྱི་གཡང་དུ་ལྷུང་བ་མ་ཡིན་ནམ།

ང་ཚོར་མཁོ་བ་ནི་དྲང་བདེན་དང་གནས་ལུགས་ལ་བརྩོན་ལེན་བྱེད་པའི་མི་བུ་དག་ཡིན།ལྷག་དོན་མི་རིགས་ཀྱི་རྗེས་རབས་པ་ཁྲི་མ་འབུམ་མང་བོ་སྐྱེད་བསྲིང་བྱེད་པའི་དགོན་སྡེ་དང་སློབ་གསོའི་ལས་གནས་འདི་རུ།ནམ་ཡང་མེད་དུ་མི་རུང་བ་ནི་དྲང་བདེན་ དང་གནས་ལུགས་མིག་འབྲས་བཞིན་སྲུང་བའི་ཤེས་ལྡན་མི་སྣའི་རུ་དཔུང་བཙན་པོ་དེ་ཡིན།

ང་ཚོར་ཆེས་མཁོ་བ་ནི་ལྷག་བསམ་དང་སྤྲོ་སྣང་གིས་ཁེངས་པའི་དྲང་བདེན་དང་གནས་ལུགས་ཀྱི་རྒྱལ་ཁའི་འགྲོ་ལམ་གཙང་མ་དེ་ཡིན།ང་ཚོར་མཁོ་བ་ནི་དངོས་གནས་དྲང་བདེན་དང་གནས་ལུགས་ལ་ནམ་ཡང་མགོ་བོ་མི་སྒུར་བའི་འཇོན་མི་དག་ཡིན་པ་ལས་དྲང་བདེན་དང་གནས་ལུགས་རྒྱབ་ཏུ་བོར་ནས་རང་འདོད་ཁབ་རྩེ་ཙམ་དང་ཁེ་ཕན་ཉི་ཚེ་ཙམ་ལ་ཤ་ཐང་ཐང་དུ་འབད་པའི་ངོ་གདོང་དམར་བོ་དང་རང་མཚང་རྩ་ནས་འབྱིན་པའི་ཁབ་མིག་ལྟ་བུའི་བསམ་བློ་དོག་པོ་དེ་ཁྱོན་ནས་མིན།

ང་ཚོར་མཁོ་བ་ནི།ལྷག་དོན་མཐོ་སྒང་གི་མི་རབས་རྗེས་མ་ཁྲི་སྟོང་མང་བོ་འཚར་ལོངས་འབྱུང་སའི་ཤེས་རིག་གི་ཕ་ས་འདི་ལ་མཁོ་བ་ནི་ཁྱོད་རང་ཡིན།དྲང་བདེན་དང་གནས་ལུགས་ལ་སྲོག་བསྡོས་ཀྱིས་འབད་པའི་ཁྱེད་རང་ཡིན།དྲང་བདེན་དང་གནས་ལུགས་ཀྱི་ལམ་བུ་ནས་ང་ཚོས་ནམ་ཡང་བདེ་སྐྱིད་ཀྱི་དྲོད་ཁོལ་དང་འདུན་མ་ཡི་རྒྱབ་རི་སྨུག་པོ་དེ་ཁྱོན་ནས་བར་བརྒལ་བྱེད་ཐུབ།

དེ་རིང་གི་ཉི་འོད་བཞིན།དྭངས་གཙང་གི་མཁའ་རླུང་བཞིན།ནམ་ཀུན་རྒྱལ་ཁའི་ འབྲས་བུ་རྡོག་པོ་དེར་ལ་མོར་རེག་ཐུབ་པས།ང་ཚོར་མཁོ་བ་ནི་དྲང་བདེན་དང་གནས་ལུགས་ཀྱི་རང་ཞལ་དྲོན་མོ་ཡིན། རང་འདོད་དང་ཁེ་ཕན་ཁོ་ནར་སྲོག་བསྡོས་ཀྱིས་འབད་དེ་ཁྲེལ་དང་ངོ་ཚ་རིང་དུ་བོར་ནས་རོང་འབྲོག་དང་དགོན་སྡེ།སློབ་གྲྭ ལས་ཁུངས། མདོར་ན་ཁ་བའི་ཞབས་རྗེས་འཚོལ་བའི་དག་གཙང་གི་ཞིང་ཁམས་འདི་རུ་ཕྲག་དོག་དང་གཡོ་ཇུས། ངན་སྨྲས།རང་ཆེ་རང་རློམ་གྱིས་དྲང་བདེན་དང་གནས་ལུགས་ལ་རྒྱབ་འགལ་བྱེད་ པ་དག་གཏན་ནས་མིན།

ང་ཚོར་མཁོ་བ་ནི་དྲང་བདེན་དང་གནས་ལུགས་ལ་ནམ་ཀུན་བརྩོན་པའི་མི་བུ་དག་ཡིན། ཤེས་རིག་གི་འདུས་སྡེ་ཁག་ཏུ་ཁྱོད་ཚོར་མཁོ།སྤྱི་ཚོགས་ཀྱི་ཕྱི་ནང་ཀུན་ཏུ་ཁྱོད་ཚོ་ མཁོ། འཚོ་བ་ཡི་དབུགས་རྒྱུན་ཁྲོད་དུ་ཁྱོད་ཚོ་ཇི་འདྲའི་མཁོ་ཨང་།

དྲང་བདེན་དང་གནས་ལུགས་ཀྱི་གདོང་བསུ་བའི་རླབས་ཆེན་གྱི་སྐྱེས་བུ་དག

 

༢༠༡༥ལོའི་ཟླ༡༠ཚེས༣༠ལ་རེབ་གོང་།

·གསར་འགྱུར་གོང་མ:མ་བུའི་ཁ་བརྡ།
·གསར་འགྱུར་འོག་མ:འདི་ཕྱི་གཉིས་ཕུང་གི་ཐ་མག་དང་སྣ་དུད་སྤོངས་བར་བསྐུལ་བ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
·ཨ་མའི་སློབ་གསོའི་ཐད་ཀྱི་བསམ་གཞིགས། 2015/3/31 23:40:47
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:fqtrhbgqfv
SqQR90  <a href="http://zkqnuuvfrnxh.com/">zkqnuuvfrnxh</a>, [url=http://zakvkcykkqxp.com/]zakvkcykkqxp[/url], [link=http://jbyadfgvesqd.com/]jbyadfgvesqd[/link], http://whbvatrrwqgw.com/
发表时间:2016/5/18 1:02:33 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS