ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

གངས་ལྗོངས་ཁྱེའུའི་དྲ་བ་དེ་དངོས་སུ་ཤར་གཏོང་བྱེད་ཐུབ་པ་བྱུང་བ།

[རྩོམ་པ་པོ:མི་གསལ།  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2015/9/13 19:38:23  བཀླགས་ཐེངས:1328][ཡིག་གཟུགས:ཡིག་གཟུགས་མདོག]
གངས་ལྗོངས་ཁྱེའུའི་དྲ་བ་དེ་དངོས་སུ་ཤར་གཏོང་བྱེད་ཐུབ་པ་བྱུང་བ།
 

གངས་ལྗོངས་ཁྱེའུའི་དྲ་བ
གངས་ལྗོངས་ཁྱེའུའི་དྲ་བ་དངོས་སུ་ཤར་གཏོང་བྱས་པ།

     ཉེ་ལམ། ཨ་ཁུ་སྟོན་པ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སིས་གཉེར་བཞིན་པའི་གངས་ལྗོངས་ཁྱེའུའི་དྲ་བ་དངོས་སུ་ཤར་གཏོང་བྱེད་ཐུབ་པ་བྱུང་ཞིང་། དེ་ནི་གངས་ལྗོངས་ཀྱི་བྱིས་སྐྱོང་སློབ་གསོར་དམིགས་ནས་སྒྲུབ་པའི་དྲ་ཚིགས་ཤིག་ཡིན། འདིའི་མིང་གཞན་ལ་གངས་ལྗོངས་ཁྱེའུའི་དགའ་ཚལ་ཟེར་ཞིང་། དྲ་ཚིགས་ཀྱི་ནང་དོན་གཙོ་བོ་ཁག་བཞིས་གྲུབ་པ་སྟེ།
དང་པོ། བྱིས་པའི་དགའ་ཚལ་ཞེས་པའི་ལེ་ཚན་དུ་བྱིས་སྒྲུང་དང་། བྱིས་གླུ། འགུལ་རིས་སོགས་ཡོད་ལ། འདི་དག་ཁྲོད་བྱིས་པར་འཚམས་པའི་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་ཡུལ་སྲོལ་སྣ་ཚོགས་འདུས་ཡོད།
གཉིས་པ། རྒྱུན་ཤེས་ཀྱི་ལེ་ཚན་དུ་ཁྱེའུ་གསོ་སྐྱོང་དང་འབྲེལ་བའི་རྒྱུན་ཤེས་སྣ་ཚོགས་དང་། ཁྱེའུའི་སློབ་གསོའི་ཆེད་རྩོམ་སོགས་འགོད་རྒྱུ།
གསུམ་པ། ཟིན་བྲིས་པའི་ལེ་ཚན་དུ(བྱིས་སྐྱོང་ཁང་གི་དགེ་རྒན)བྱིས་སྐྱོང་ཐད་ཕྱག་ལས་གཉེར་བཞིན་པའི་མི་སྣ་དག་གིས་རྩོམ་ཡིག་སོགས་ཀྱི་ལམ་ནས་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱེད་ཆོག་ལ། གངས་ལྗོངས་ཀྱི་བྱིས་སྐྱོང་ཁང་དག་ལའང་ཕན་ཚུན་ལ་ཉམས་མྱོང་སྤེལ་རེས་བྱེད་སའི་སྟེགས་བུ་རེ་འབུལ་བཞིན་པས་འདིར་ཆེད་དུ་ཕེབས་བསུ་ཞུ་བཞིན་པ་ལགས་སོ།།
བཞི་བ། ཐོན་རྫས་ཞེས་པའི་ལེ་ཚན་དུ་བོད་རང་གི་བྱིས་སྐྱོང་སློབ་གསོར་འབྲེལ་བའི་ཐོན་རྫས་ཁག་སྟེ། རྩེད་ཆས་དང་དཔེ་དེབ། བྱིས་པའི་ཉེར་སྤྱོད་སྣ་ཚོགས་བརྡ་ཁྱབ་བྱེད་བཞིན་ཡོད་ལ། བརྡ་ཁྱབ་གཏོང་རྒྱུའི་ཐོན་རྫས་ཀྱི་ཆ་རྐྱེན་ཨང་དང་པོ་ནི། སྤུས་དག་ཚད་ལྡན་ཡིན་དགོས་པ་དེའོ།།
     དྲ་ཚིགས་འདིར་ལོ་ན་ཆུང་དྲགས་པའི་བྱིས་པ་རྣམས་ཐད་ཀར་འཇུག་མི་ཐུབ་མོད། ཕ་མ་དང་དགེ་རྒན་གྱི་རོགས་རམ་འོག་ནས་ཕུན་སུམ་ཚོགས་པའི་བྱིས་སྒྲུང་དང་། བྱིས་གླུ། འགུལ་རིས་སོགས་ལ་ཅི་དགར་རོལ་ཆོག
     དྲ་ཚིགས་འདིའི་ཕྱི་རྣམ་གྱི་ཐད་ནས་གཙོ་བོ་བྱིས་པའི་བློ་ངོ་དང་གང་འཚམས་ཀྱིས་བཟོས་ཡོད་ལ། wordpress ཡི CMS སྒྲོམ་སྤྱད་ཡོད་པས། རྩིས་འཁོར་དང་། iPad ངོས་སྙོམས་རྩིས་འཁོར། ལག་ཁྱེར་ཁ་པར་སོགས་གང་ནས་གཟིགས་ནའང་དེ་འཚམས་ཀྱིས་སྒྲོམ་ལ་འགྱུར་བ་ཡོད་ཅིང་ཡིག་གཟུགས་ཆེ་ཆུང་རན་པས་ཧ་ཅང་སྟབས་བདེའོ།། སྐུ་ཉིད་གངས་ལྗོངས་ཁྱེའུའི་དྲ་བར་ཕེབས་པར་དགའ་བསུ་ཞུ།
དྲ་གནས། http://www.akutonpa.com/

 

·གསར་འགྱུར་གོང་མ:སྐར་མ་རྀ་ཥིའི་ཁུངས་དང་ཕན་ནུས།
·གསར་འགྱུར་འོག་མ:བདེ་སྐྱིད་ཀྱི་འཇུག་ངོགས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·2015ལོའི་ནོ་པེལ་རྩོམ་རིག་བྱ་དགའ་བལ་ཨུ་རུ་སུའི་རྩོམ་པ་པོར་ཐོབ་པ། 2015/10/18 10:52:58
·འཚོ་གནས་ཐད་ཀྱི་སེམས་ཁྲལ། 2015/6/16 18:11:26
·གཡང་མོ་ལུག་གི་ལོ་སར་བཟང་། 2015/2/26 13:57:29
·ཨི་བྷོ་ལ་ནད་ཡམས་བཅོས་ཐབས་ཀྱི་སྨན་ཞིག་བཟོས་འདུག 2014/8/13 16:36:40
·རྟ་མཆོག་ལ་སྦྱར་བའི་ལོ་གསར་ཤིས་ཚིག 2014/3/4 12:47:19
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS