ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

དག་ཡིག་གསར་བསྒྲིགས་དག་བཅོས་མའི་གསལ་བཤད།

[རྩོམ་པ་པོ:མ་ངེས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2015/7/22 12:35:17  བཀླགས་ཐེངས:917][ཡིག་གཟུགས:ཡིག་གཟུགས་མདོག]
 དག་ཡིག་གསར་བསྒྲིགས་དག་བཅོས་མའི་གསལ་བཤད།
 
  བོད་ཀྱི་བརྡ་དག་སྨྲ་བ་ཡོངས་ཀྱི་སྤྱི་ནོར་དུ་གྱུར་པའི་མིང་མཛོད་ཆེན་མོ། ༼དག་ཡིག་གསར་བསྒྲིགས།༽ཞེས་པའི་བོད་ཀྱི་བརྡ་དག་གི་གླེགས་བམ་ཆེན་མོ་འདི་ནི་མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་བརྡ་དག་གཞུང་ལུགས་སྨྲ་བའི་མཁས་དབང་ཆེན་མོ། མཁས་དབང་ཤེ་བཞིན་བསམ་གཏན་རྒྱ་མཚོ་ལགས་ཀྱིས་གཙོ་བསྒྲིགས་དང་གསར་བརྩམས་མཛད་པ་ཡིན་ཞིང་། ཁོང་གི་གསར་རྩོམ་མཛད་པའི་དུས་རིམ་ཁྲོད་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྔོན་རབས་ཀྱི་ལས་བྱེད་བློ་མཐུན་ཀྲིན་ཧྲོ་ཀུང་དང་། བཀྲ་ཤིས་རབ་བརྟན། གྲགས་པ། འགྱུར་མེད་སོགས་ཀྱིས་ཀྱང་དམ་པ་གང་ལ་དག་ཡིག་འདིའི་བསྒྲིགས་སྟངས་དང་དཔེ་སྐྲུན་བྱ་བའི་ཐད་རོགས་རམ་དང་རྒྱབ་སྐྱོར་ཡང་གང་འཚམས་རེ་བྱེད་མྱོང་བ་ཞིག་ཡིན་ཚོད་འདུག
ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྔ་རབས་ཀྱི་ལས་བྱེད་རྒན་པ་བློ་མཐུན་འགྱུར་མེད་ལགས་ཀྱིས་ལོ་ངོ་འགར་སེམས་ཤུགས་ཕུལ་ནས་༼དག་ཡིག་གསར་སྒྲིག༽ཁྲོད་ཀྱི(རིག་གསར)སྐབས་ཀྱི་ཐ་སྙད་ངན་པ། འདི་ནི་ཆོས་ལུགས་རྨོངས་དད་ཀྱི་ལག་ཆ་ཞིག་ཡིན་ཞེས་པ་དང་། རྨོངས་དད་ཀྱི་བཤད་ཚུལ་ལ་ཞེས་པ་སོགས་དང་། གཞན་ཡང་ཡིག་རིགས་གཞན་པའི་ཁྲོད་ཀྱི་བརྡ་རྟགས་སྣ་ཚོགས་(“”。、)ལ་བཟོ་བཅོས་དང་ཞུ་དག་མཛད་ཅིང་ཡང་དག་པར་བཅོས་ཏེ་ད་ལྟ་དངོས་སུ་པར་སྐྲུན་དང་འགྲེམ་སྤེལ་བྱས་ཡོད་པ་ལགས། ད་དུང་ཉེ་བར་མཁོ་བའི་ཐ་སྙད་ཀྱང་མང་ཙམ་ཞིག་གསར་དུ་བསྣན་པར་བཤད་ཡོད།
༼དག་ཡིག་གསར་བསྒྲིགས།༽ནི་བོད་ཡིག་གི་དཔེ་དེབ་སྣ་ཚོགས་ལས་དཔར་གྲངས་ཆེས་མང་ཤོས་དེ་ཆགས་ཡོད་པ་དང་། སྤྱི་ལོ 1979ལོར་དཔར་དུ་བསྐྲུན་པ་ནས་ད་ལོ་སྟེ་སྤྱི་ལོ 2015ལོའི་བར་དེབ་ཆེ་ཆུང་གཉིས་ཀ་བསྡོམས་པས་པར་གྲངས་འབུམ་ལྔ་དང་ཁྲི་དྲུག་སྟོང་བདུན་(567000)དང་། དཔར་ཐེངས་ཡང་སུམ་ཅུ་སོ་གསུམ་(33)ལ་སླེབས་ཡོད། (འདིར་པར་སློག་དང་བསྐྱར་སློག་བརྒྱབ་པ་དག་བརྩིས་མེད་ལ། ད་ལྟའི་ཆ་འཕྲིན་གྱི་དུས་རབས་འདིར་༼དག་ཡིག་གསར་བསྒྲིགས།༽འདི་ལ་གློག་རྡུལ་གྱི་པར་གཞི་ཡང་མང་དུ་ཡོད་ཅིང་། བོད་ཡིག་ཡོད་པའི་རྩིས་འཕྲུལ་དང་ཁ་པར་དག་ལས་《དག་ཡིག་གསར་བསྒྲིགས།》འདི་ཉིད་གང་འདོད་ལྟར་བཀླགས་ཆོག་པ་ལགས།)
སྤྱི་ལོ 2015ལོའི་ཟླ 4 པའི་ཚེས་ 11ཉིན༼དག་ཡིག་གསར་བསྒྲིགས།༽(དག་བཅོས་མ)ཞེས་པ་དངོས་སུ་དཔར་དུ་བསྐྲུན་ཅིང་དེའི་པར་གཞི་གསར་བའི་དེབ་ཆེ་ཆུང་གཉིས་ཀ་བསྡོམས་པས་དཔར་གྲངས་ཁྲི་བཞི་ཙམ་(40000)འགྲེམ་སྤེལ་བྱས་ཡོད་འདུག
ད་ལྟ་བོད་ཀྱི་ཤེས་ལྡན་པ་འགའ་རེས་༼དག་ཡིག་གསར་བསྒྲིགས།༽ནི་སུས་བསྒྲིགས་པ་ཡིན་ནམ། དེའི་རྩོམ་པ་པོ་སུ་རེད་ཅེས་དྲི་བ་འདོན་བཞིན་འདུག སྤྱིར་ན་ཉེ་རབས་ཀྱི་དཔེ་དེབ་ཅིག་ལ་རྩོམ་པ་པོ་སུ་ཡིན་མི་གསལ་བའི་དོགས་གཞི་མེད་ན་ཡང་། ༼དག་ཡིག་གསར་བསྒྲིགས།༽འདི་ལ་ནི་སྡེ་ཁག་ཅིག་དང་མི་སྒེར་རེ་འགའ་ཡིས་རང་རྩོམ་དུ་བསྒྱུར་པའི་ཧམ་སེམས་ཀྱི་རྣམ་པ་ཅུང་ཟད་འབུར་དུ་མངོན་པར་འདོད་དེ།
དཔེར་ན།༼དག་ཡིག་གསར་བསྒྲིགས།༽ཀྱི་མཇུག་རྩོམ་དུ། བོད་ཀྱི་བརྡ་དང་ཡི་གེའི་གཙང་པོའི་རྒྱུན། །བདག་ལྟའི་བློ་ཡི་བུམ་པར་ཤོང་ནུས་མིན། །ཡུན་རིང་བསོགས་པའི་ཡིག་འབྲུ་ཐིགས་པའི་ཕྲེང་། །གཞོན་ནུའི་ཡོན་ཏན་མྱུ་གུ་རྒྱས་ཕྱིར་སྦྲེང་། །མར་ལེ་རིང་ལུགས་སྦྱངས་པའི་རྟོགས་པ་དམན།།ལག་ལེན་རྣམ་གསུམ་སྤྱད་པའི་ཉམས་མྱོང་ཞན། །མ་རྟོག་འཁྲུལ་བའི་སྙོགས་མ་ཅི་མཆིས་པ། །གཟུར་གནས་ཀེ་ཏ་ཀ་ཡིས་དྭངས་པར་མཛོད། ། བསམ་གཏན་ནས།
ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་གཉིས་ཡོད་པ་དང་འདི་ལས་དག་ཡིག་འདིའི་རྩོམ་པ་པོ་ནི་བསམ་གཏན་ཁོ་རང་ཉིད་ཡིན་པ་གསལ་བོར་བསྟན་ཡོད་ཅིང་རྟོགས་ཡང་ཐུབ་པའོ། །
ཡང་དཔེ་སྐྲུན་ཁང་འདིས་བར་སྐབས་ཤིག་ནས་དག་ཡིག་འདིའི་མཇུག་རྩོམ་ཤོ་ལོ་ཀ་གཉིས་ཀ་ཡང་མེད་པར་བཟོས་ཏེ་པར་ཐེངས་ཕྱི་མ་དག་ལ་མཇུག་རྩོམ་མེད་པར་བྱས་པ་དང་། པར་ཐེངས་རེ་རེར་རྩོམ་པ་པོ་སུ་ཡིན་གྱི་མིང་ཟུར་ཙམ་ཡང་མ་གླེང་བ་འདིས་ཀྱང་ཁོ་ཚོའི་བསམ་ཚུལ་དག་གསལ་བར་མཚོན་པའོ།།
ཕྲན་གྱི་རེ་བ་ནི་རྗེས་མར་ཡང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དག་ཡིག་གསར་བསྒྲིགས་འདིའི་པར་གཞི་གསར་རྙིང་གཉིས་ཀ་རེས་མོས་ཀྱི་པར་དུ་བསྐྲུན་རྒྱུ་དང་། དེ་དུས་པར་གཞི་རྙིང་པ་ལ་ཤེས་བཞིན་བསམ་གཏན་རྒྱ་མཚོས་བརྩམས་ཞེས་དགོད་པ་དང་། པར་གཞི་གསར་པའམ་དག་བཅོས་མ་ལ་ཤེས་བཞིན་བསམ་གཏན་རྒྱ་མཚོས་བརྩམས། འགྱུར་མེད་ཀྱིས་བསྐྱར་བཅོས་ཞུ་དག་མཛད་ཅེས་དགོད་པར་སེམས་གཏིང་ནས་རེ་སྐུལ་བྱས་པ་ཡིན།༼གཞན་ལས་དྲངས། 
·གསར་འགྱུར་གོང་མ:འབྲུག་རྒྱལ་ཁབ་ཀྱི་ལོ་རྒྱུས་སྐྱ་ཐིག
·གསར་འགྱུར་འོག་མ:རིགས་རུས་ཆོ་འབྲང་རྒྱ་བོད་མིང་བརྡ་གསལ་འབྱེད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:Wednesday
You`ve got to be kidding me-it`s so trnarpnseatly clear now! http://xvhfhsbgbht.com [url=http://ycfzdt.com]ycfzdt[/url] [link=http://phqspgkj.com]phqspgkj[/link]
发表时间:2017/4/16 16:36:32 [来自: 5.188.211.170]

 评论者:Ethica
That`s the best answer by far! Thanks for <a href="http://uwavgxkf.com">conrgibutint.</a>
发表时间:2017/4/16 4:16:28 [来自: 46.161.14.99]

 评论者:Carajean
I am forever indebted to you for this inmoafrtion. http://mysxhaashuv.com [url=http://hdnfvumvd.com]hdnfvumvd[/url] [link=http://vvvjgew.com]vvvjgew[/link]
发表时间:2017/4/15 5:31:37 [来自: 5.188.211.170]

འབྲེལ་ཡོད་དཔྱད་བརྗོད 5 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS