ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

ནགས་ཚལ་སྐོར་གྱི་རྒྱུན་ཤེས།

[རྩོམ་པ་པོ:ལི་སྨད་ཉི་གཞོན་གྱིས་བསྒྱུར།  ཡོང་ཁུངས:དྲ་  དུས་ཚོད:2015/5/30 14:58:03  བཀླགས་ཐེངས:918][ཡིག་གཟུགས:ཡིག་གཟུགས་མདོག]
མ་ཤེས་ཐབས་མེད་ཀྱི་ནགས་ཚལ།
 
རྩོམ་པ་པོ་ཝང་ཧྥང་། ལི་སྨད་ཉི་གཞོན་གྱིས་བསྒྱུར།
 
  མིའི་རིགས་དང་ནགས་ཚལ་བར་གྱི་མཛའ་བརྩེ་ནི་གཏིང་ཟབ་ཅིང་མཐའ་མི་མངོན་པ་ཞིག་ཡིན།དེ་ནི་འུ་ཅག་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཆེས་ལྷད་མེད་དག་གཙང་གི་བག་ཆགས་དེ་རེད།
ནམ་རྒྱུན་མི་ཚོགས་ཀྱིས་མཐོང་བཞིན་པ་ནི་བརྟན་བརླིང་གི་རི་བོའི་ཚོགས་རྣམས་རྩི་ཤིང་དང་ནགས་ཚལ་སྟུག་པོས་ཡོངས་སུ་བཀླུབས་པ་དང་།ཡང་ན་སྟོན་དུས་སུ་མཐའ་མི་མངོན་པའི་བདེ་ཐང་སྟེང་དུ་ཤིང་སྟག་པས་ཡོངས་སུ་ཁྱབ་ནས་ཡལ་ག་རྣམས་ཀྱིས་སྟོན་རླུང་གི་ཁྲོད་ན་ཤག་ཤག་གི་སྒྲ་དང་བཅས་དེ་གཡུག་བཞིན་འདུག་པ་དེ་ཡིན། དེ་དག་གིས་ང་ཚོར་སྤྲོ་སྐྱིད་དང་བདེ་འཇགས་ཀྱི་སྣང་བ་ཞིག་སྐྱེལ་བྱུང་།དོན་དངོས་སུ་དེ་ནི་ང་ཚོ་གདོད་མའི་ཁྱིམ་གཞིས་ལ་ཆགས་པའི་སེམས་པ་དེའོ།།ནགས་ཚལ་ནི་ང་ཚོ་འཚོ་བའི་འབྱུང་ཁུངས་ཡིན་ལ།ང་ཚོའི་གདོད་མའི་གནས་མལ་དང་དུས་ཡུན་རིང་བོར་སྡོད་དགོས་པའི་གཞིས་ཁྱིམ་ཡང་ཡིན།
མི་རྣམས་ཀྱིས་སྣང་མེད་ངང་ནགས་ཚལ་ནི་ཟད་མཐའ་མེད་པའི་ས་ཆེན་གྱི་མཛེས་ལྗོངས་ཤིག་ཡིན་པར་སྣང་ཡང་།དོན་དངོས་སུ་ནགས་ཚལ་གྱི་གྲུབ་ཆ་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།སྡོང་རིང་ལྗོན་ཤིང་ནི་ནགས་ཚལ་གྱི་གྲུབ་ཆ་གཙོ་བོ་ཡིན།སྡོང་ཕྲན་ནགས་རྫོབ་དང་རྩྭ་རིགས་སྐྱེ་དངོས།ཆུ་བལ།སྤང་རྩི།བྱ་བྱེའུ།འབའ་འབུ།ཐ་ན་ནགས་ཚལ་ཁྲོད་ཀྱི་ཆུ་ཕྲན་དང་རྫིང་བུ།འཁྱགས་རོམ་སོགས་ཡོད་ཚད་ཀྱིས་ནགས་ཚལ་ནི་སྐར་མའི་གོ་ལ་དང་སྐམ་སའི་སྟེང་གི་ཆེས་རྙོག་འཛིང་ལྡན་པ་དང་ཆེས་བརྟན་འཇགས།ད་དུང་སྐྱེ་འཕེལ་མ་ལག་གལ་ཆེན་ཞིག་དུ་བསྒྱུར་ཡོད།
ནགས་ཚལ་གྱིས་སྐར་མའི་གོ་ལར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་ནི་མི་ཉུང་ཤས་མ་གཏོགས་རྟོགས་ཀྱིན་མེད།སའི་གོ་ལའི་སྟེང་གི་གནམ་གཤིས་ཀྱི་འགྱུར་ལྡོག་གཙོ་བོ་ནི་ཉི་འོད་ཁྱབ་འགྱེད་དང་རླུང་ཁམས་འཁོར་རེས།ས་ཁྱོན་གྱི་རང་བཞིན་སོགས་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད།ནགས་ཚལ་གྱི་ཡལ་འདབ་སྟུག་པོས་ཉིན་དཀར་ 30-75%བར་གྱི་ཉི་འོད་ཁྱབ་འགྱེད་བསྡུ་ལེན་བྱེད་ཐུབ།རླངས་པ་ཆེ་ཆེར་འཕྱུར་བའི་རླན་ཚད་ཀྱིས་དྲོད་ཚད་དང་རླན་ཚད་ཆ་ཤས་སུ་བསྒྱུར་ཐུབ།གོམ་གང་མདུན་སྤོས་ཀྱིས་མཐའ་ཡས་པའི་ས་གཞིའི་རླུང་རྒྱུན་གྱི་ཁ་ཕྱོགས་ལའང་ཤུགས་རྐྱེན་ཐེབས་སྲིད།ནགས་ཚལ་ཆེན་པོས་ས་ཁྱོན་གྱི་མཐོ་ཚད་དང་རྩུབ་ཚད་མཐོར་འདེགས་གཏོང་ཐུབ་ལ།རླུང་རྒྱུན་གྱི་རྒྱུ་ཕྱོགས་འགོག་ཐུབ།དྲོད་ཚད་མཐོ་རུ་བཏང་ནས་གྲང་ངར་ཆར་བར་བསྒྱུར་ནས་མར་འབབ། ནགས་ཚལ་ཁྲོད་རླན་གཤེར་དྲོད་ཚད་ཀྱི་གནམ་གཤིས་ཕྲ་རགས་གྲུབ་ཐུབ།
ནགས་ཚལ་གྱིས་གཙང་བོ་དང་ས་ཆུའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཡོད།ནགས་ས་རུ་སྡོང་ཕྲན་སྟུག་པོའི་སྐྱེ་དངོས་འདྲ་མིན་སྣ་ཚོགས་ལེགས་པོར་སྐྱེས་ནས་ས་ངོས་སུ་ཁེབས་ཡོད།ས་འོག་ན་རྩ་ལག་དག་ཕན་ཚུན་བསྣོལ་ནས་ས་ཡིས་དེ་དག་ཕན་ཚུན་དམ་པོར་མཉམ་སྦྲེལ་བྱས་ཡོད།ཆར་བ་འབབ་སྐབས།ནགས་ཚལ་ཡལ་ག་ཆེན་པོ་དག་ལ་བརྟེན་ནས་ཆར་ཆུ་འགོག་ཐུབ།ས་ངོས་སུ་ལྷུང་བའི་ཡལ་ག་སྐམ་པོ་དང་སྐྱེ་བཞིན་པའི་རྩ་ལག་རྣམས་ཀྱིས་ས་ངོས་ཀྱི་ཆར་ཆུའི་བཞུར་ཚད་ཇེ་དལ་དུ་གཏོང་ཐུབ་ལ་ད་དུང་མགྱོགས་མྱུར་ངང་སར་ཐིམ་དུ་བཅུགས་ནས་ས་ངོས་ཀྱི་ཆུ་དག་ས་འོག་གི་ཆུར་བསྒྱུར་ཐུབ།ཆར་བ་འབབ་དུས་སུ་ཡལ་ག་སྐམ་པོར་ལི་སྨི་༡་གི་མཐུག་ཚད་ལྡན་ན་ས་ངོས་ཀྱི་བཞུར་རྒྱུག་ཚད་ས་བོན་འོག་གི་ 1/4་མན་མར་འགྲིབ་ཐུབ།ཕྱེ་འདམ་ཚད་ས་བོན་འོག་གི་ 7% མན་མར་འགྲིབ་ཐུབ།ནགས་སའི་ས་རྒྱུ་ཡི་ཐིམ་ཚད་སྤྱིར་བཏང་གི་ཆར་བའི་འབབ་ཤུགས་ལས་བརྒལ།ནགས་ཚལ་གྱིས་དྲག་ཆར་འབབ་ཐེངས་རེ་ཡོངས་སུ་འཇུབ་ཐུབ།ཐན་ཞོད་ནམ་བྱུང་ཡང་ནགས་ཚལ་གྱིས་རྒྱུན་པར་ཆར་དུས་ཀྱི་ཆུ་གསོག་འདོན་སྤེལ་དང་ཐན་ཞོད་བྱུང་དུས་ཆུ་ཕྱིར་འབུད་པའི་ནུས་པ་བླ་ལྷག་འབྱུང་།
ནགས་ཚལ་གྱིས་མིའི་རིགས་ཀྱི་འཚོ་བ་ལ་འགེབས་སྲུང་བྱས་ཡོད།འཛམ་གླིང་སྟེང་གི་ལོ་རེར་མཁའ་དབུགས་གཙང་སེལ་བྱེད་ཐེངས་རེར་མཁའ་དབུགས་ཁྲོད་ཀྱི་རྡུལ་ཕྲན་ཏུན་དུང་ཕྱིར་༡་ལས་བརྒལ།གལ་ཏེ་ནགས་ཚལ་གྱི་འཇུབ་པ་མིན་ན།ང་ཚོའི་སྐར་མའི་གོ་ལའི་རླུང་ཁམས་ཆེན་མོར་ས་རྡུལ་དང་དུག་རླངས་ཀྱིས་ཁྱབ་ཡོད།ནགས་ཚལ་གྱིས་བཀག་འགོག་དང་གཙུབ་བརྡར་བརྒྱུད་དེ་རྒྱུག་ཕྱེའི་ཁྱབ་ཚད་འགོག་ཐུབ་ལ།མཁའ་དབུགས་ཀྱི་རྒྱུ་ཕྱོགས་ཕྲལ་བསེད་བྱེད་ཐུབ།རླུང་ཤུགས་ཀྱང་ཉུང་དུ་གཏོང་ཐུབ།ཀྲུང་གོའི་རྒྱལ་ས་པེ་ཅིན་དཔེར་བཀོད་ན།གལ་ཏེ་ཐའེ་ཤེན་རི་བོ་དང་ཡཱན་རི་བོའི་ནགས་ཚལ་སྟུག་པོས་བཀག་པ་མིན་ན།སྔ་ས་ནས་གྲོང་ཁྱེར་འདི་ཤའེ་པེ་རི་ཡ་ཡི་གྲང་རྒྱུན་དང་ཀྲུང་གོའི་ནུབ་བྱང་གི་བྱེ་སེར་འོག་ན་མངོན་ཐུབ་ལ།འཁྱགས་རོམ་དང་བྱེ་སེར་དུའང་གྱུར་ཡོད།
ནགས་ཚལ་གྱིས་སྐྱེ་འགྲོ་གསོ་སྐྱོང་བྱེད་ཐུབ།སའི་གོ་ལོའི་སྟེང་ན་ཁྲི་༥༠༠ནས་ཁྲི་༥༠༠༠་གི་སྐྱེ་དངོས་ཡོད་ལ།དེ་ལས་མང་ཕྱོགས་ནི་ནགས་ཚལ་ཁྲོད་ན་བབ་སྡོད་དང་སྐྱེ་འཕེལ་བྱེད་བཞིན་ཡོད།ད་དུང་སྐྱེ་འགྲོ་མང་པོའི་འཚོ་གནས་ཀྱི་བར་སྟོང་ནགས་ཚལ་ཡོད་པར་བརྟེན་ནས་གནས་ཐུབ།དེའི་ཁར་ནགས་ཚལ་གྱིས་འོད་ནུས་དང་འབྲེལ་ནས་དབྱང་གཉིས་ཐཱན་རྫས་འཇུབ་ལ།དྲོད་ཇེ་དམའ་རུ་བཏང་ནས་སྐྱེ་དངོས་མང་པོ་འཚོ་ཐུབ་པའི་དབྱང་དབུགས་གཏོང་བའི་ནུས་པ་ལྡན།གལ་ཏེ་ནགས་ཚལ་མེད་ན་སྐར་མའི་གོ་ལ་འདི་ཚེ་སྲོག་གི་ཐང་སྟོང་དུ་གྱུར་སྲིད།
འདས་སོང་གི་བགྲང་བྱ་བཅུ་ཕྲག་རིང་ལ།དེ་སྔོན་ཀྲུང་གོའི་ནགས་ཚལ་ནི་རླུང་ཁའི་མར་མེ་ལྟར་གྱུར་ནའང་།དབུལ་ཕོངས་དང་བྲལ་བའི་འདོད་སེམས་ཀྱིས་ང་ཚོས་ཕལ་ཆེར་ཧབ་ཐོབ་ངང་བེད་སྤྱོད་ཆོག་པའི་ཐོན་ཁུངས་ཡོད་ཚད་བདག་དུ་བཟུང་ལ།ད་དུང་ནགས་ཚལ་ནི་ཐོག་མར་བེད་སྤྱོད་བྱེད་ས་དེ་ཡིན།
ནགས་ཚལ་འཕྲལ་ཏུ་མར་འགྲིབ་པས་རྒྱལ་ཁབ་ལའང་གནོན་ཤུགས་ཆེན་པོ་སྟེར་གྱིན་ཡོད།ང་ཚོའི་གཙང་རྒྱུན་དག་ཉག་ཉོག་དང་སྐམ་པོ་རུ་གྱུར་ལ།ས་ངོས་བྱེ་འགྱུར་གྲོང་ཁྱེར་གྱི་ཉེ་སར་བཅར་ཏེ་རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་ནམ་ཡང་འབྱུང་གིན་འདུག ད་ལོ་ཡང་བསྐྱར་དུ་འབྱུང་བཞིན་པའི་འདམ་རུད་དང་རི་ཉིལ་སོགས་ནི་མཐོ་སྒང་གི་ནགས་ཚལ་ཇེ་ཉུང་དུ་གྱུར་བ་དང་འབྲེལ་བ་དམ་ཟབ་ཡོད།
༡༩༩༨ལོར་རྒྱལ་ཡོངས་ཀྱིས་ནགས་ཚལ་གཅོད་པ་བཀག་འགོག་བྱས་ནས་ཀྲུང་གོའི་ནགས་ཚལ་ལ་བསྐྱར་གསོན་བྱེད་པའི་གོ་སྐབས་ཐོབ།ནགས་ཚལ་ནི་སྔོན་ཆད་ལོ་ངོ་ཁྲི་སྟོང་མང་པོའི་དུས་ཡུན་ཁྲོད།སའི་གོ་ལར་འགྱུར་བ་གཏོང་བའི་རླུང་ཁམས་ཆེན་པོ་དང་ས་ངོས་ཆགས་ཚུལ་གྱི་ས་གཞིའི་མཛེས་ལྗོངས་སུ་བསྒྱུར།དེ་དག་གིས་གསོ་སྐྱོང་བྱེད་པ་མང་ཤོས་ནི་སྐམ་སའི་ཚེ་སྲོག་གི་སྐྱེ་འཕེལ་མ་ལག་ཡིན།དེ་དག་བསམ་ཡུལ་ལས་འདས་པའི་བསྐྱར་གསོའི་ནུས་ཤུགས་ལྡན་པ་ནི་ང་ཚོས་དགའ་མགུ་ཡི་རང་ངང་མཐོང་ཐུབ།སྔོན་ཆད་ཤིང་བཅད་ནས་སྟོང་པར་གྱུར་བའི་ས་གཞི་དལ་མོར་ནགས་ཚལ་གསར་བའི་ཚབ་འཁྲབ་དུ་གྱུར་ཡོད།གདོང་ལེན་གྱི་ལོ་མ་ཆེ་བའི་སྡོང་རྒན་གྱིས་ས་ངོས་བཟུང་ནས་མུ་མཐུད་དུ་ལྗང་མདོག་གི་མཛེས་ལྗོངས་ཤིག་ཏུ་གྲུབ་ཡོད། དོན་དངོས་སུ་བརྗིད་ཉམས་ལྡན་པའི་ནགས་ཚལ་གྱིས་ཚབ་འཁྲབ་ད་དུང་རྗེས་སུ་ཡོད་ནའང་ལྗང་མདོག་གིས་མི་རྣམས་ལ་རེ་བ་དང་དྲོད་ཁོལ་སྟེར་ཐུབ།
·གསར་འགྱུར་གོང་མ:མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ།
·གསར་འགྱུར་འོག་མ:དྲང་པོར་གསོལ་བའི་བདེན་ཚིག་
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ་ཞེས་བྱ་བ་བཞུགས།། 2015/6/16 17:55:12
·བོད་ཀྱི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ། 2015/3/25 11:52:21
·སྣོད་བཅུད་ཁོར་ཡུག་སྐོར་གྱི་གདམས་ངག། 2015/3/17 11:24:51
·ཁོར་ཡུག་སྲུང་སྐྱོབ་བྱིས་པའི་རྩེད་མོ་མིན། 2015/1/27 12:14:29
·ཁོར་ཡུག་སྲུང་སྐྱོབ་དང་འགན་འཁྲི། 2014/4/3 10:38:25
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.10MS