ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

ཡ་ངའི་གོད་ཆག་ཁྲོད་ཀྱི་ལྟ་ཚུལ་འགའ་ལྷུག་པོར་གླེང་བ།

[རྩོམ་པ་པོ:ཉི་མ་གློག་ཞགས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2015/4/30 10:34:57  བཀླགས་ཐེངས:921][ཡིག་གཟུགས:ཡིག་གཟུགས་མདོག]
ཡ་ངའི་གོད་ཆག་ཁྲོད་ཀྱི་ལྟ་ཚུལ་འགའ་ལྷུག་པོར་གླེང་བ།
 
ཉི་མ་གློག་ཞགས།

  བལ་ཡུལ་ས་ཡོམ་གྱི་གོད་ཆག་ཚབས་ཆེ་བྱུང་བའི་རྗེས་ངས་ངོ་དེབ་དང་སྐད་འཕྲིན་སོགས་མང་པོའི་ནང་བལྟས་སྐབས་རང་རེ་བོད་མི་མང་དག་ཅིག་གིས་མུ་གའི་སྒང་ལ་ཟླ་ལྷག་ཟེར་བའི་དཔེ་བཞིན་བལ་པོར་སེམས་གསོ་མེད་པར་ཁོང་ཚོས་བོད་མིར་རྡུང་རྡེག་སུན་གཙེར་བཟོས་པའི་ངན་འབྲས་ཡིན་པ་དང་། བོད་མིར་སྐྱོན་མ་བྱུང་ན་ཁོང་ཚོ་ག་ཚོད་ཤི་བ་དང་གོད་ཆག་ཅི་ཙམ་བྱུང་ཡང་ཕངས་སེམས་མེད་ལ་དགོས་ངེས་ལྟ་བུ་རེད་བརྗོད་མཁན་ཡོང་བཞིན་པ་དེ་དག་ནི་ཆེས་སེམས་ཕམ་གྱི་གནས་རེད།
ང་ཚོ་དང་བལ་པོ་གཉིས་ནི་ཆེས་སྔ་མོ་མོའི་དུས་ནས་ཆོས་རིག་ལེགས་བྱང་གི་ལོ་རྒྱུས་རིང་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། ཉེ་དུས་གནས་སྟངས་ལ་བལྟས་ན་ང་ཚོ་ཙམ་དུ་མ་ཟད་བལ་པོ་རང་གི་ནང་དུའང་རྒྱལ་པོ་བཀྲོངས་པ་དང་ཆབ་སྲིད་ཀྱི་དབང་ཆ་འཐབ་རྩོད་རྙོག་འཛིང་ཆེ་བ། ལྐོག་ཟ་རུལ་སུངས་མང་བ་སོགས་ནང་དམེ་གསོད་རྡུང་རྒོལ་འཕྲོག་དེ་འདྲ་བྱེད་ཀྱི་ཡོད་ན་དཔལ་འབྱོར་གྱི་ཁེ་ཕན་ལྟ་བུར་བསམས་ནས་རྒྱ་མིར་མགོ་བཏག་ཞུས་པ་ནི་སྲིད་པ་ཡིན། འདས་པའི་ལོ་རྒྱུས་རིང་སར་བལྟས་ན་སྲོང་བཙན་གྱི་བཙུན་མོར་བལ་བཟའ་བཞེས་ཡོད་ལ། ཁོང་གི་རྟེན་སྐལ་དུ་ཇོ་བོ་མི་སྐྱོད་རྡོ་རྗེ་སོགས་གདན་དྲངས་པ་ནས་བལ་བོད་ཀྱི་འབྲེལ་བའི་ལོ་རྒྱུས་ཧ་ཅང་བཟང་པོ་ཚུགས་ཡོད་ལ། རང་རེའི་ཡི་གེ་བཟོ་མཁན་ཐོན་མི་སོགས་བོད་ཀྱི་ལོ་ཙཱ་དང་། མཁན་ཆེན་ཞི་འཚོ་དང་སློབ་དཔོན་རིན་པོ་ཆེ་སོགས་བོད་དང་ཐད་ཀར་འབྲེལ་བ་ཆགས་པའི་རྒྱ་གར་གྱི་པཎ་གྲུབ་དེ་ཚོ་རྒྱ་གར་དང་བོད་ཀྱི་བར་ཕན་ཚུན་འགྲིམས་འགྲུལ་མཛད་སྐབས་བལ་པོའི་རྒྱལ་པོ་དང་མང་ཚོགས་ཀྱིས་གྲོགས་དན་ཚད་མེད་ཞུས་པ་སྔོན་གྱི་ལོ་རྒྱུས་དེ་ཚོར་ཧ་ཅང་གསལ་པོ་རེད། ང་ཚོ་ནི་ནང་པའི་རྗེས་འཇུག་ཡིན་པས་གནའ་དུས་རྒྱ་གར་དང་བལ་ཡུལ་ནི་རང་རེས་སེམས་གཏིང་ནས་རྩ་ཆེར་བརྩི་བའི་ཡུལ་རེད། མི་རིགས་ཀྱི་ཆ་ནས་བརྗོད་ནའང་རྟ་མང་། གུ་རུང་། བླ་མ་སོགས་བལ་པོའི་མི་འབོར་མང་བ་བོད་རིགས་ཡིན། ད་ལྟའི་གོད་ཆག་ཕོག་ཡུལ་གཙོ་བོ་བལ་ཡུལ་དུ་ཡིན་པས་ཡོངས་གྲགས་བལ་ཡུལ་ས་ཡོམ་བརྗོད་པ་ལས་བོད་དང་རྒྱ་གར་ཁུལ་དུའང་མི་རྒྱུ་གཉི་གར་གོད་ཆག་ཆེན་པོ་ཐེབས་ཡོད། ཁོང་ཚོར་དེ་འདྲ་བྱུང་བ་ནི་སུ་ལ་སྡུག་བཏང་བའི་རྣམ་སྨིན་ཡིན་ནམ། ད་ཆ་བོད་ཀྱི་དགོན་སྡེ་མང་ཆེ་བའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་རྐང་འཛིན་ནས་བདག་པོ་རྒྱག་མཁན་ཡང་བརྒྱ་ཆ་དགུ་བཅུ་ཐམ་པ་བལ་པོ་དང་རྒྱ་གར་གྱི་ཧི་མ་ལའི་མི་ཆགས་ཡོད། གནས་སྟངས་དེ་ཚོ་ཚང་མར་རྒྱང་ལྟ་བྱེད་དགོས་པ་ལས་ཁ་ཐུག་འཁང་ར་འཁོན་འཛིན་གྱི་རྣམ་འགྱུར་སྟོན་ཐལ་མེད་པ་ནི་ཧ་ཅང་གི་གནད་འགག་ཆེ །ང་ཚོ་ཐོག་མ་རྒྱ་མིས་སྡོད་བཟོད་མི་ཐུབ་པར་བཟོས་སྐབས་བལ་ཡུལ་གཞུང་མང་གཉི་གས་སོ་སོའི་གནས་སྟངས་ཞན་པོ་ཡོད་ཀྱང་བོད་མིར་ལྟ་སྐྱོང་བྱས་ཡོད། ད་ལྟ་བལ་ཡུལ་ཙམ་དུ་མ་ཟད་སྟོབས་ཆེན་རྒྱལ་ཁབ་ཨ་རིའང་རྒྱ་མིར་བསྟུན་མཁས་བྱེད་ཀྱི་མི་འདུག་གམ། འབྲུག་སོགས་ནང་པའི་རྒྱལ་ཁབ་མི་ཉུང་བ་ཞིག་ཡོད་པ་ཁོང་ཚོས་ད་བར་སོ་སོའི་རྒྱལ་ཁབ་ཏུ་༸གོང་ས་མཆོག་གདན་ཞུ་མགྲོན་འབོད་ཐུབ་སོང་ངམ། དེས་ན་སྟོན་པས་གནོད་སྐྱེལ་མཁན་གྱི་སེམས་ཅན་དང་དེའི་རྒྱུད་སྐུལ་མཁན་ཉོན་རྨོངས་གཉིས་དབྱེ་འབྱེད་གཏོང་བ་དང་། གྷན་རྡིས་གང་ཟག་དང་དེའི་བྱ་བར་དབྱེ་འབྱེད་བྱས་ནས་གང་ཟག་ལ་མི་ཁྲོ་བར་དེ་སྐུལ་མཁན་ཉོན་རྨོངས་ལ་སྐྱོན་དུ་ལྟ་དགོས་པར་བཤད་པ་དང་གཅིག་མཚུངས་བཞི་བརྒྱ་པར། ཐུབ་པས་ཉོན་རྨོངས་དགྲར་གཟིགས་ཀྱི།། ཉོན་རྨོངས་དང་འབྲེལ་གང་ཟག་མིན།། ཅེས་པ་ལྟར་དགོས།། ལྷག་དོན་ད་ལྟའི་ཉག་ཕྲའི་སྐབས་བལ་པོའི་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་འཕར་མ་མི་གཏོད་པའི་ཁར་འབྱུང་འགྱུར་མཛའ་འབྲེལ་ཟབ་མོ་ཡོང་ཐབས་སུ་འབད་དགོས་རྒྱུ་ནི་ཧ་ཅང་གལ་ཆེ། འགའ་ཤས་ཀྱིས་ཁོང་ཚོས་དམར་མཆོད་བྱས་པའི་རྣམ་སྨིན་ཡིན་སྐོར་བརྗོད་པ་ནི་ངས་དམིགས་བསལ་འགལ་བ་མ་མཐོང་ལ་ཕུགས་ནས་ཕྲན་བུ་ཕན་ཐོགས་ཀྱང་ཡོང་ངེས་རེད། ངས་དེ་ལྟར་བྲིས་པ་ནི་ང་བལ་པོ་བ་ཞིག་མིན་ལ་ཁོང་ཚོར་ཧ་ཅང་ཞེན་ཆེ་བས་མིན། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཀུན་ཁྱབ་ཀྱི་འགན་འཁྲི་ཞིག་མི་རེ་ངོ་རེར་ཡོད་པས་ཡིན། ཞུས་ནོར་སོང་ཡོད་ན་དགོངས་གལ་དུ་མི་འགྱུར་བར་འཚལ། ཉི་མ་གློག་ཞགས་ཀྱིས་འཕྲལ་མར་བྲིས།།
·གསར་འགྱུར་གོང་མ:གེགས་འཚུབ་ཀྱི་རྗེས་ལ།
·གསར་འགྱུར་འོག་མ:ང་ཚོས་སློབ་སྦྱོང་བྱེད་སྟངས་ཅུད་ཟད་བསྒྱུར་དགོས་པ་འདྲ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:zbzmlxjir
a50x7x  <a href="http://bzntdgchwxgn.com/">bzntdgchwxgn</a>, [url=http://qwsvsrhlwddw.com/]qwsvsrhlwddw[/url], [link=http://hyfxvabigjes.com/]hyfxvabigjes[/link], http://kshjrihdpeyg.com/
发表时间:2015/8/21 23:02:16 [来自: 46.161.41.199]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS