ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

གེགས་འཚུབ་ཀྱི་རྗེས་ལ།

[རྩོམ་པ་པོ:ཕུན་ནོར།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2015/4/30 10:32:51  བཀླགས་ཐེངས:767][ཡིག་གཟུགས:ཡིག་གཟུགས་མདོག]
གེགས་འཚུབ་ཀྱི་རྗེས་ལ།
 
ཕུན་ནོར།
 
ཕ་འབོད་མ་འབོད་བྱ་ལོང་ཙམ་དང་། བུ་ཚ་ཟླ་རོགས་སྐྱོབ་ལོང་ཙམ་དང་།
འཇིགས་པའི་སྨྲེ་ངག་འདོན་ལོང་མེད་པར། སྐད་ཅིག་གཅིག་ལ་ཤུལ་མེད་བཟོས་སོང་།
ཕྱི་ཡི་ལྕགས་རི་བཤིག་པ་མི་ཤེས། ནང་གི་ནོར་བུ་བརླག་པ་མི་ཤེས།
བར་སྣང་མཐོངས་ལ་འཕངས་པ་མི་ཤེས། དོག་མོ་ས་ལ་བརྡབ་པ་མི་ཤེས།
ཤ་རུས་པགས་གསུམ་གཙབ་པའི་མོད་ལ། སྨྲེ་ངག་ཆོ་ངེ་ལྷང་ལྷང་ཁྲོད་ནས།
འཁོར་བའི་གདོང་རིས་ངོ་མ་དེ་ཉིད། དེ་རིང་དངོས་སུ་མཐོང་བ་འདྲ་བྱུང་།
འོན་ཏེ་འཇིག་རྟེན་སྲིད་པའི་གནས་འདིར། རྐྱེན་ངན་བར་ཆད་ཇི་ཙམ་ཆེ་ཞིང་།
སྡུག་གི་མུན་པ་ཇི་ལྟར་འཐིབས་ཀྱང་། མི་བུའི་ལ་རྒྱ་འདོར་ཐབས་མེད་དོ།
མཁྱེན་བརྩེ་ནུས་པའི་སྒྲོན་མེ་དེ་ཡང་། དམར་ཆུང་སེམས་ཀྱི་མཐིལ་ནས་སྤར་ཏེ།
མཐོན་པོ་མཐོན་པོར་བསྒྲེང་བར་འོས་ལ། མིག་འབྲས་བཞིན་དུ་བསྲུང་བར་འོས་སོ།
མཆི་མའི་ཤུལ་དེ་ཕར་ལ་ཕྱིས་ནས། དཔུང་ཤུགས་གཅིག་ཏུ་བསྒྲིལ་བར་འོས་སོ།
ཡིད་ཆད་དྲག་པོས་རབ་ཏུ་མནར་ཡང་། སྡེར་ལངས་རྒྱག་མཚམས་འཇོག་ཐབས་མེད་དོ།
རང་ནུས་ཕྲ་མོ་ཙམ་ལས་མེད་ཀྱང་། གདུང་ཤུགས་མཉམ་དུ་བསྐྱེད་པར་འོས་ལ།
སེམས་སྡུག་མྱ་ངན་ག་ཚོད་ཆེ་ཡང་། མི་ཚེ་སྐྱེལ་མཚམས་འཇོག་ཐབས་མེད་དོ།
འདས་པོའི་རྣམ་ཤེས་ཐར་ལམ་འགྲིམ་པར། ཐུགས་བསྐྱེད་བསྔོ་སྨོན་གང་ལྕོགས་དགོས་ལ།
འཚོ་བཞུགས་གཉེན་ཉེར་རོགས་དང་སེམས་གསོ། ཚགས་སུ་ཚུད་པ་ཅི་ཐུབ་དགོས་སོ།
·གསར་འགྱུར་གོང་མ:ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས།
·གསར་འགྱུར་འོག་མ:ཡ་ངའི་གོད་ཆག་ཁྲོད་ཀྱི་ལྟ་ཚུལ་འགའ་ལྷུག་པོར་གླེང་བ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:luhhyrbvtox
GJy5Kd  <a href="http://hgqsskgykpcm.com/">hgqsskgykpcm</a>, [url=http://yhtmpmmrkvjy.com/]yhtmpmmrkvjy[/url], [link=http://yqowtdutlvjc.com/]yqowtdutlvjc[/link], http://kqlxfutgfkis.com/
发表时间:2015/7/5 17:28:24 [来自: 46.161.41.199]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS