ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

ཨ་མའི་སློབ་གསོའི་ཐད་ཀྱི་བསམ་གཞིགས།

[རྩོམ་པ་པོ:འོད་ནག  ཡོང་ཁུངས:ཁྱུང་པོ་བདེན་འཚོལ་དྲ་བ།  དུས་ཚོད:2015/3/31 23:40:47  བཀླགས་ཐེངས:2673][ཡིག་གཟུགས:ཡིག་གཟུགས་མདོག]

ཨ་མའི་སློབ་གསོའི་ཐད་ཀྱི་བསམ་གཞིགས།

འོད་ནག 

   དེ་ཡང་སེམས་ཅན་ཕལ་ཆེ་བ་ཨ་མ་ལ་བསྟེན་ནས་སྐྱེས་པ་དང་ཨ་མ་ལ་བསྟེན་ནས་འཚར་་ལོངས་འབྱུང་དགོས་པའི་རྒྱུ་མཚན་གྱིས།ཡུམ་ཆེན་ནམ་བུད་མེད་ནི་ཀུན་གྱི་རྟེན་གཞི་ཆེན་པོ་ཞིག་རེད།ལྷག་པར་དུ་འགྲོ་བ་མི་འཚར་ལོངས་འབྱུང་བའི་གོ་རིམ་ནི་ཨ་མ་དང་འབྲེལ་བའི་གོ་རིམ་ཞིག་ཡིན་པས།ཨ་མ་ཡི་ཕྱིའི་ཀུན་སྤྱོད་དང་ནང་ཤེས་ཡོན་སོགས་ཀྱིས་བུ་ཕྲུག་གམ་ཕྱི་རབས་པ་ཚོའི་ཕྱིའི་ཀུན་སྤྱོད་དང་ནང་ཤེས་ཡོན་སོགས་ཀྱི་ཐད་ལ་ཤན་ཤུགས་ཚད་མཐོན་པོ་ཐེབས་བཞིན་ཡོད་ཐལ།དེའི་ཕྱིར་ཨ་མ་བཟང་པོས་བུ་ཕྲུག་བཟང་པོ་སྐྱེད་སྲིང་བྱེད་ལ་ཨ་མ་ངན་པས་བུ་ཕྲུག་ངན་པ་སྐྱེད་སྲིང་བྱེད་ཀྱིན་ཡོད་སྟབས།བུ་ཕྲུག་གམ་ཕྱི་རབས་པ་འཇོན་ཐང་ཅན་ཞིག་སྐྱེད་སྲིང་བྱེད་ན།ཐོག་མར་ཨ་མ་འཇོན་ཐང་ཅན་ཞིག་སྐྱེད་སྲིང་བྱས་ན་རེད་མོད་བོད་མི་རིགས་ལ་མཚོན་ན་མི་རིགས་རང་གི་ཡུལ་སྲོལ་སོགས་ཀྱི་དབང་གིས་བུད་མེད་ཚོར་ཐོབ་ཐང་མཐོན་པོ་མེད་པ་དང་།ལྷག་པར་དུ་ཁྱད་གསོད་དང་དམའ་འབེབ་སོགས་བྱས་རྐྱེན།བོད་ཀྱི་བུད་མེད་རྣམས་ཀྱི་ཁྲོད་ན་འཇོན་ཐང་ཅན་གྱི་ཡུམ་ཆེན་ཧ་ཅང་ཉུང་ཞིང་།ལྷག་པར་དུ་བུ་ཕྲུག་གི་འཇོན་ནུས་གཏེར་ཁ་སྔོག་འདོན་བྱེད་ཤེས་པའི་ཨ་མ་སློབ་གསོ་བ་དེ་བས་ཀྱང་ཉུང་བར་སྣང་།ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་སངས་རྒྱས་ཆོས་ལུགས་སོགས་ཀྱི་དྲིན་གྱིས་བོད་མི་རྣམས་ལ་མི་གཤིས་བཟང་པོ་འགའ་རེ་ཆགས་ཡོད་སྟབས།བོད་ཀྱི་ཡུམ་ཆེན་རྣམས་ཀྱིས་ཀྱང་བུ་ཕྲུག་ཚོར་བྱམས་སྙིང་རྗེ་དང་རང་བཞིན་དྲང་བ།སྤྱི་ཕན་གྱི་ལས་བསྒྲུབ་པ་སོགས་རླབས་ཆེ་བའི་མི་གཤིས་བཟང་བོ་འགའ་རེ་ཆགས་པའི་ཤན་ཤུགས་དང་རྒྱུད་སྦྲེལ་བྱེད་པའི་ནུས་པ་རང་བཞིན་གྱིས་ཐོན་གྱིན་ཡོད། བུ་ཕྲུག་གམ་ཕྱི་རབས་པའི་འཇོན་ཐང་ཨ་མའི་འཇོན་ཐང་དང་འབྲེལ་བ་དམ་ཟབ་ཡོད་པ་དེ་ཙམ་ཡང་བོད་མི་མང་པོ་ཞིག་གིས་ངེས་ཟིན་མ་ཐོབ་པའི་སྟབས་ཀྱིས།སྐྱེས་པ་ཚོར་རིག་གནས་དགོས་པ་ལས་བུད་མེད་རྣམས་ལ་རིག་གནས་མེད་ཀྱང་སྐྱོན་མེད་པར་སེམས་ཀྱིན་འདུགབོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ནང་ན་སྐྱེས་པ་ལས་བུད་མེད་ཉུང་བའི་གནད་ཀྱང་བུད་མེད་ལ་རིག་གནས་མེད་ན་ཆོག་པར་འདོད་པའི་ལྟ་ཚུལ་འདི་ལ་ཐུག་ཡོད།ཡིན་ཡང་བུ་ཕྲུག་སྐྱེད་སྲིང་གི་སློབ་གསོ་གཅིག་པུའི་ཐད་ནས་ཀྱང་བུད་མེད་ལ་རིག་གནས་མེད་ཐབས་བྲལ་བ་ཞིག་ཡིན་པ་ཤེས་ཐུབ།དེ་ཡང་སློབ་གསོའི་ཆེད་མཁས་པ་རྣམས་ཀྱིས་གསུང་པ་ལྟར་ན།ང་ཚོ་འགྲོ་བ་མི་ཉིད་ཡུམ་ཆེན་གྱི་མངལ་དུ་སྦྲུམ་པ་ནས་བཟུང་ཡུམ་ཆེན་གྱིས་བུ་ཕྲུག་གི་བདེ་ཐང་ལ་འགན་འཁུར་དགོས་པར་མ་ཟད་སློབ་གསོ་ཡང་སྐབས་དེ་ནས་འགོ་བརྩོམ་དགོས་ཚུལ་རྒྱུ་མཚན་དང་བཅས་ཏེ་གསུངས་འདུགདེ་ན་འཇིག་རྟེན་འདིའི་སྐྱེས་ཕོ་མོ་མཐོ་དམའ་མེད་པར་ཨ་མའི་དྲུང་ནས་འཚར་ལོངས་འབྱུང་མི་དགོས་པ་གཅིག་ཀྱང་མེད་པས།བུ་ཕྲུག་གམ་ཕྱི་རབས་པ་ཚོའི་ལམ་སྟོན་གྱི་དགེ་རྒན་ཐོག་མ་དེ་ཡུམ་ཆེན་ནམ་བུད་མེད་རྣམས་ལ་ཤེས་རིག་ཡོན་ཏན་མེད་ན་ཆོག་གམ།སློབ་གསོ་ལེགས་པོ་གཏོང་མི་ཤེས་པ་ཞིག་ཡིན་ན་རུང་ངམ།ངས་བསམ་ན་དེ་གཏན་ནས་རུང་བ་ཞིག་མ་རེད་འདོད། རྒྱུ་མཚན་ཨ་མ་ངན་པས་སྐྱེད་སྲིང་བྱས་པའི་བུ་ཕྲུག་གམ་ཕྱི་རབས་པ་ངན་པ་དེས་ཀྱང་ཕྱི་རབས་པ་ངན་པ་ཞིག་སྐྱེད་སྲིང་བྱེད་ལ།དེ་ལྟར་ཕྱི་རབས་པ་ངན་པ་དེ་དག་གིས་སྤྱི་ཚོགས་ལ་དངོས་ཤུགས་གང་རུང་ནས་ཤུགས་རྐྱེན་ངན་པ་ཐེབས་པར་མ་ཟད།ཀུན་གྱི་ཁེ་ཕན་ལ་གནོད་པའི་བྱ་བ་ངན་པའང་མི་བསྒྲུབ་པའི་ངེས་པ་མེད།ཡང་དེ་ལས་ལྡོག་ཏེ་ཤེས་རིག་ཡོན་ཏན་ཡོད་ཅིང་སློབ་གསོ་ལེགས་པོ་གཏོང་བར་མཁས་པའི་ཨ་མ་བཟང་བོས་བུ་ཕྲུག་གམ་ཕྱི་རབས་པ་བཟང་བོ་སྐྱེད་སྲིང་བྱེད་ལ།ཕྱི་རབས་པ་དེས་ཀྱང་ཕྱི་རབས་པ་བཟང་བོ་སྐྱེད་སྲིང་བྱས་ཚེ།སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་ཞི་བདེ་སོགས་ཀྱང་འདི་ལས་འབྱུང་པར་སེམས།དེའི་སྟབས་ཡུམ་ཆེན་གཅིག་གིས་བུ་ཕྲུག་གཅིག་སྐྱེད་སྲིང་བྱེད་པའི་སློབ་གསོ་ཡང་སྤྱི་ཚོགས་ཡོངས་དང་འབྲེལ་བའི་སློབ་གསོ་ཞིག་དང་།མི་རབས་དུ་མ་དང་འབྲེལ་བའི་སློབ་གསོ་ཞིག་ཡིན་པས།གནད་འདི་ལ་ང་ཚོ་ཚང་མས་མཐོང་ཆེན་མི་བྱེད་རང་བྱེད་རེད། ཨ་མ་སུ་ཡིན་ཡང་རང་གི་བུ་ཕྲུག་ལེགས་ལམ་དུ་སོང་ན་དང་མི་བཟང་བོ་ཞིག་ཡོང་ན་མི་བསམ་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད།དེ་ལྟར་ཡོང་བར་ཨ་མ་རང་གིས་ནུས་ཤུགས་ཇི་ཡོད་འདོན་མཁན་ཀྱང་ཕལ་ཆེ་བ་ཡིན་རྒྱུ་རེད།ཡིན་ཡང་ཨ་མའི་རིག་གནས་ཡོན་ཚད་དང་སློབ་གསོའི་ཡོན་ཚད་ཀྱི་དབང་གིས་བུ་ཕྲུག་ལེགས་ལམ་དུ་ཁྲིད་པ་དང་སྐྱོན་ལམ་དུ་ཁྲིད་པ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་བཞིན་འདུགདེ་ཡང་བུ་ཕྲུག་སྐྱོན་ལམ་དུ་ཁྲིད་པ་ཨ་མས་བུ་ཕྲུག་ལ་གནོད་སེམས་བཅངས་ཏེ་བྱས་པ་གཏན་ནས་མིན་པར།ཡུམ་ཆེན་ཁོང་ཚོར་རིག་གནས་ཡོན་ཚད་དང་སློབ་གསོའི་ཡོན་ཚད་དམའ་བའི་རྐྱེན་ཀྱིས་བསམ་བཞིན་མ་ཡིན་པའི་ངང་ནས་བུ་ཕྲུག་དག་སྐྱོན་ལམ་དུ་མ་ཤེས་པར་ཁྲིད་པ་རེད། ཨ་མས་བུ་ཕྲུག་གམ་ཕྱི་རབས་པ་དག་སྐྱོན་ལམ་དུ་ཁྲིད་པ་འདི་ཨ་མ་དང་བུ་ཕྲུག་གི་གནད་དོན་ཞིག་ཡིན་པར་མ་ཟད་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་ཡིན་པ་གོང་བཤད་ལྟར་རེད།དེ་ན་གནད་དོན་ཆེན་པོ་འདི་བསྒྱུར་བཅོས་བྱེད་ན་ངེས་པར་དུ་ཨ་མའི་རིག་གནས་ཡོན་ཚད་དང་སློབ་གསོའི་ཡོན་ཚད་སོགས་ཇེ་མཐོར་གཏོང་དགོས།ཨ་མའི་ཡོན་ཚད་དེ་གཉིས་ཇེ་མཐོར་གཏང་ན་ཨ་མའམ་བུད་མེད་རྣམས་ལ།ཚད་མཐོ་བའི་ཐོབ་ཐང་ཞིག་དང་རིག་གནས་སློབ་པའི་གོ་སྐབས་བཟང་བོ་ཞིག་སོགས་མཁོ་སྤྲོད་བྱེད་རྒྱུ་ནི་དེའི་ཐར་ལམ་ཉག་གཅིག་དུ་རེད་འདོད་དོ།།

 
·གསར་འགྱུར་གོང་མ:བོད་ཀྱི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ།
·གསར་འགྱུར་འོག་མ:ལོ་ཐོ་ལྟ་སྟངས་རྒྱས་པ་ཀུན་གསལ་མེ་ལོང་།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:sbtssiiqe
Rsdznm  <a href="http://qambqbzvvhoy.com/">qambqbzvvhoy</a>, [url=http://vbiirgcthbhh.com/]vbiirgcthbhh[/url], [link=http://jskcnwmeqzcc.com/]jskcnwmeqzcc[/link], http://dzxajssehdlx.com/
发表时间:2016/5/2 8:56:42 [来自: 46.161.9.32]

 评论者:xuzxxuqrz
7U5MZi  <a href="http://ehiednduuznw.com/">ehiednduuznw</a>, [url=http://jfbgiomoduoi.com/]jfbgiomoduoi[/url], [link=http://coxodxkmnnlw.com/]coxodxkmnnlw[/link], http://gnhzoobofyfi.com/
发表时间:2016/3/31 2:55:02 [来自: 46.161.9.16]

འབྲེལ་ཡོད་དཔྱད་བརྗོད 2 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།26.86MS