ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

མཉམ་དུ་ཟོས་ན་མི་འཕྲོད་པའི་ཟས་རིགས།

[རྩོམ་པ་པོ:མ་ངེས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2015/3/6 16:18:00  བཀླགས་ཐེངས:940][ཡིག་གཟུགས:ཡིག་གཟུགས་མདོག]
མཉམ་དུ་ཟོས་ན་མི་འཕྲོད་པའི་ཟས་རིགས།
 
༡ མར་གསར་བ་འཁར་བ་དང་ཟངས་སྣོད་དུ་ཞག་བཅུ་ལྷག་བཞག་པ་ཟོས་ན་དུག་ཏུ་འགྱུར་བ་ཡིན།
༢ ཤ་རློན་ལ་འོ་ཞོ་ལ་སོགས་པའི་དཀར་དང་། ཆང་དང་སྐྱུར་གྱི་རིགས་ཡུན་རིང་དུ་ཕོག་པ་ཟོས་ནའང་
དུག་ཏུ་འགྱུར་བས་སྤང་དགོས།
༣ ཤ་གང་ཡང་བཙོས་ནས་རླངས་པ་དྲོན་མོ་ཁེབས་སོགས་ཀྱིས་བསུབས་ཏེ་བཞག་པ་ཟོས་ན་དུག་ཏུ་འགྱུར་
བས་སྤང་དགོས།
༤ ཤ་རློན་པ་གང་ཞིག་འབྲུ་དང་རྩམ་པ་དང་སྔོ་སོགས་ཀྱི་གསེབ་ཏུ་ཡུན་རིང་དུ་ལུས་པ་ཟོས་ན་དུག་ཏུ་
འགྱུར་བས་སྤང་དགོས།
༥ སྲོག་ཆགས་ཤི་བའི་རོ་ཡི་ཁོང་དུ་བེའུ་ཞག་ལྔ་དྲུག་ལུས་པའི་ཤ་ཟོས་ན་དུག་ཏུ་འགྱུར་བས་ཟ་མི་རུང་།
༦ ཉ་ཡི་ཤ་དང་འོ་མ་གཉིས་ལྷན་ཅིག་ཏུ་ཟོས་ན་དུག་ཏུ་འགྱུར་ཏེ་ལུས་ཀྱི་ཁྲག་འཁྲུགས་པ་དང་། བད་ཀན་
ཀྱི་ནད་སོགས་བསྐྱེད་པས་སྤང་དགོས།
༧ ཤ་མོའི་རིགས་སུ་གཏོགས་པ་ཀུན་ཀྱང་ཡུངས་དཀར་ནག་གི་མར་ལ་བརྔོས་པ་ཟོས་ན་མི་འཕྲོད།
༨ ཁམ་བུ་དང་སྟར་ག  ཀུ་ཤུ། སྐྱུ་རུ་ར་སོགས་ཤིང་ཏོག་ཕལ་ཆེར་འོ་མ་དང་ལྷན་ཅིག་ཟོས་ན་མི་འཕྲོད།
༩ བྱ་ཡི་སྒོ་ང་དང་ཉའི་ཤ་ལྷན་ཅིག་ཏུ་ཡུན་རིང་ཟོས་ན་དུག་ཏུ་འགྱུར་བས་ཟ་མི་རུང་།
༡༠ ཁྱིམ་བྱའི་ཤ་དང་ཞོ་གཉིས་བསྲེས་ནས་མཉམ་དུ་ཡུན་རིང་བསྟེན་ན་དུག་ཏུ་འགྱུར་བ་ཡིན།
༡༡ ཞོ་མ་ལངས་པ་དང་ཆང་གསར་པ་མི་འཕྲོད།
༡༢ སྲན་ཚོད་བུ་རམ་ཞོ་མི་འཕྲོད།
༡༣ ཞུན་མར་དང་ཆུ་གྲང་མི་འཕྲོད།
༡༤ སྦྲང་རྩི་མར་ནག་ཆ་སྙོམས་མི་འཕྲོད།
   ཇི་སྐད་དུ་བཤད་རྒྱུད་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང༌། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། །ཞེས་གསུང་པ་བཞིན་མི་རྣམས་ནི་བཟའ་བཏུང་གི་བཅུད་ལ་བརྟེན་ནས་ལུས་འཚོ་དགོས་པས། ཟས་རིགས་ནི་འཚོ་བ་ཟས་ཞེས་ང་ཚོའི་ཚེ་སྲོག་གི་རྟེན་ཕུར་ལྟ་བུ་རེད། འོན་ཀྱང་དེ་ཉིད་དམན་པ་དང། ལྷག་པ། ལོག་པ་གང་རུང་ཤོར་བས་ལུས་ལ་ནད་འདྲ་མིན་བསྐྱེད་པ་རེད། དེ་ཡང་ཟ་ལྷག་པས་མ་ཞུ་བ་གཙོའི་གཅོང་ནད་ཐམས་ཅད་བསྐྱེད་ཅིང་། དམན་པ་སྟེ་ལྟོ་སྨྱུང་༼ལྟོ་སྟོང་༽དུ་གནས་ཆེ་ན་ནད་ཀུན་གྱི་སྣ་འདྲེན་རླུང་ནད་སྣ་ཚོགས་འབྱུང་གི་རེད། དེ་བས་ཀྱང་ཉེན་ཁ་འབྱུང་སླ་བ་ནི་ཁ་ཟས་ལོག་པའི་རིགས་འདི་ཡིན་ཏེ། འཚོ་བ་ཟས་བསྟན་པ་ལས་ཇི་སྐད་དུ། ཁ་ཟས་མི་འཕྲོད་ཟོས་པས་འཐབ་པ་དང༌། །མ་གོམས་དུས་མིན་ཟོས་པས་དུག་ཏུ་འགྱུར། །ཅེས་སོ།།འོན་ཀྱང་དེང་གི་དུས་སུ་མི་རྣམས་ཀྱིས་མི་འཕྲོད་པའི་རིགས་ཁོ་ན་བསྟེན་གྱིན་འདུག་པས་ཀུན་ལ་དུག་གིས་མནར་བ་ནི་རྒྱུ་འབྲས་སུ་གྲུབ་པོ།། དེའི་ཕྱིར་སུ་ཞིག་མི་ན་བར་གནས་ཤིང་ན་བ་ལས་མྱུར་དུ་འཚོ་འདོད་ན་ཐོག་མར་ཟས་སྐོམ་གྱི་སྦྱོར་བ་ལ་མཁས་པར་བྱ་དགོས། སྤྱིར་བཟའ་བཏུང་གི་རིགས་འགའ་རེ་ནི་སྦྱོར་བ་ལོག་པ་ཅན་ཡིན་ཡང་ཕྱི་ཚུལ་ནས་མི་འཕྲོད་པ་མེད་པར་སྣང་བས་ཀུན་གྱིས་འཛེམ་མེད་དུ་སྤྱོད་འགྲོ་བ་མང་པོ་ཡོད། དཔེར་ན། དེང་སང་དར་ཁྱབ་ཆེ་བ། ཤ་མོའི་རིགས་ཡུངས་དཀར་བཙགས་པའི་མར་ནང་དུ་བརྔོས་པ་དང་། ཁྱིམ་བྱའི་ཤ་དང་ཞོ་བསྲེས་ནས་བཟའ་བ།༼འབྲོག་ཁུལ་བྱིས་པ་ཚོས་བྱ་སུག་ཟ་ཞོར་དུ་ཞོ་བཏུང་གིན་འདུག༽བྱ་ཡི་སྒོ་ང་དང་ཉ་ཤ་དུས་ཐོག་གཅིག་ཏུ་ཟ་བ། འོ་མ་དང་ཤིང་ཏོག་རིགས་མཉམ་དུ་བསྟེན་པ།༼སིལ་ཁུའི་ནང་འོ་མ་བསྲེས་པ་མང་།༽འདི་འདྲ་གྱུར་དུག་དུ་འགྲོ་སླ་བའི་མི་འཕྲོད་པའི་ཟས་རིགས་རྒྱུད་ན་མང་དུ་བསྟན་འདུག་ཀྱང་ང་ཚོར་འབྱུང་ཉེ་བ་དག་ཟུར་ཙམ་བཀོད་པ་ཡིན། གཞན་ཡང་ལ་ལ་ནི། ཕོ་ཁ་སོགས་ལ་མི་འཕྲོད་ལ་མངོན་སུམ་ཡིན་ཡང་དེའི་རོ་ཙམ་ལ་ཞེན་ནས་ཀུན་གྱིས་བག་མེད་དུ་སྤྱོད་པས།༼ལ་པན་(辣板)སོགས་ཁ་ཚ་མོའི་ཞོར་ཟས་དང་ཤ་རྫུན་གྱི་རིགས༽ཁ་ཟས་དུག་ཟས་སུ་གྱུར་ནས་དྭངས་མ་ཟུངས་སུ་མི་འགྱུར་ཞིང་ཚབས་ཆེན་ལ་ངན་སྐྲན་དུ་གྱུར་ཞིང་། ཚབས་ཆུང་ཆུ་སེར་པགས་ནད་སོགས་དང་། སྙིགས་མ་མ་ཞུ་བའི་ཟས་སྐྲན་དང་། དུག་ནད་དང་དུག་འཐབ་སོགས་ཀྱི་ནད་བསྐྱེད་ཀྱི་ཡོད། ཁྱད་པར་དུ་དེང་སང་རྒྱལ་ནང་གི་ཟས་རིགས་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་བཟའ་བཏུང་ཕལ་ཆེར་ལ་རུལ་འགོག་སོགས་རྫས་འགྱུར་འདྲ་མིན་གྱིས་མ་བསླད་པ་འགའ་མེད་དོ།། ཡིན་ཡང་དེ་ཚོ་རྩ་བ་ནས་མི་བསྟེན་པ་ཐབས་མེད་ཡིན་ལ། ཐུ་ཚབས་ཆུང་བའི་རིགས་བསྟེན་ཡང་རིམ་གྱིས་གོམས་ནས་འཕྲོད་ཟས་སུ་འགྱུར་བའང་ཡོད་དེ། ཇི་སྐད་དུ། སྟོབས་ལྡན་གོམས་པར་ཟོས་ལ་གནོད་མི་འགྱུར། །མི་འཕྲོད་འཕྲོད་པ་བསྟེན་ནམ་སྤང་བྱེད་ན། །འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ། །འཕྲལ་དུ་སྤང་བསྟེན་ཉེས་པ་མྱུར་དུ་འཁྲུག །གནོད་པ་གནོད་བྱའི་བདག་ཉིད་ཉེས་གྱུར་པས། །ཕན་མེད་གནོད་པར་བྱེད་པ་མཁས་པས་སྤང༌། །ཞེས་གསུངས་པས། ཟུངས་བདུན་གང་གི་ཁམས་གསོ་བ་ལ་མི་ཕན་ཞིང་། ཉེས་པ་རླུང་མཁྲིས་བད་ཀན་གསུམ་འཕེལ་ཟད་འཁྲུག་གསུམ་དུ་གཏོང་བ་ལ་ཐུ་ཚབས་ཆེ་བའི་གད་སྙིགས་ཀྱི་ཟས་སམ་དུག་ཟས་ཀྱི་རིགས་དག་ངེས་པར་དུ་འཚོ་བའི་ཁྲོད་ནས་འདོར་དགོས་སོ།།
   འདིར་དུག་ཟས་ཅེས་བརྗོད་ན་མི་མང་པོ་ཞིག་གི་རྣ་བར་མི་འགྲོ་ནའང་ཐང་མོད་། འོན་ཀྱང་བོད་ལུགས་གསོ་རིག་གི་གཞུང་ལྟར་ན་དུག་ལ་སྦྱར་དང་གྱུར་པ་དངོས་གསུམ་ལས་འདིར་བཤད་པ་ནི་བསམ་པ་ངན་པས་ཆེད་དུ་སྦྱར་བ་དང་དངོས་དུག་གཉིས་མིན་ལ། རང་བཞིན་གྱིས་དུག་དུ་འགྱུར་འགྲོ་བའི་ཟས་རིགས་ཏེ་གྱུར་དུག་ལ་བཤད་པ་ཡིན་པས་ཚང་མས་རོ་ཙམ་གཙོར་འདོན་མི་བྱེད་ཅིང་། ཕྱི་ཐུམ་མཛེས་པའི་རྣམ་པ་ཙམ་ལ་དེ་བས་ཀྱང་ཡིད་ཆེས་མི་བྱེད་ཅིང་སོ་སོའི་བདེ་ཐང་ལ་མཉམ་འཇོག་བྱེད་རོགས་ཞུ། །
·གསར་འགྱུར་གོང་མ:གཡང་མོ་ལུག་གི་ལོ་སར་བཟང་།
·གསར་འགྱུར་འོག་མ:སྣོད་བཅུད་ཁོར་ཡུག་སྐོར་གྱི་གདམས་ངག།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།55.66MS