བོད་ཀྱི་རྫ་བཟོ་གཡུ་རྩིའི་ལག་རྩལ་སླར་གསོ་བྱུང་བ།
ཉེ་ལམ་བོད་ལྗོངས་མཐོ་སྒང་ཨ་མ་བཟོ་ཚོང་ཚད་ཡོད་ཀུང་སིས་རྫ་བཟོ་གཡུ་རྩིའི་ལག་རྩལ་སླར་གསོ་ལེགས་གྲུབ་བྱུང་ཡོད། དེ་ཡང་སྤྱིར་བོད་ཀྱི་ས་ཆ་ཆབ་མདོ་མཁར་རོ་དང་། གོ་འཇོ། ལྷ་ས་ཆོས་གོང་། མཚོ་སྔོན་སོགས་ནས་ཐོན་པའི་རྫ་ཆས་རྣམས་ལ་མ་མཐའ་ཡང་ལོ་ལྔ་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། ཁྱད་པར་དུ་རྫའི་ལག་རྩལ་ཚད་མཐོར་སོན་པའི་གཡུ་རྩིའི་ལག་རྩལ་ནི་ད་སྔོན་ལོ་རྒྱུས་ཡིག་ཐོག་ནས་གསལ་བ་ལྟར་ན། སྤྱི་ལོའི་དུས་རབས་བརྒྱད་པའི་མཇུག་ཙམ་ལ་བོད་ཀྱི་རྒྱལ་པོ་མུ་ཏིག་བཙན་པོའི་སྐབས་སུ་བཞེངས་པ། ལྷོ་ཁ་བཙན་ཐང་གཡུ་ཡི་ལྷ་ཁང་གི་རྒྱ་ཕིབས་གཡུ་རྫ་ལས་བཟོ་བསྐྲུན་བྱས་པར་བཤད་པ་དང་། ཕོ་བྲང་འོན་ཅང་རྡོ་ལ་ཡང་གཡུ་རྫའི་རྒྱ་ཕིབས་ཡོད་པར་བཤད་པ་དང་། ཡང་ཁྲི་སྲོང་ལྡེ་བཙན་དུས་སུ་སྤོ་ཐོང་བྱ་རྒོད་བཤོངས་སུ་གཡུ་ཡི་རྒྱ་ཕིབས་ཡོད་པའི་ལྷ་ཁང་བཞེངས་ཞེས་གསལ་བ་ལྟར་ན་བོད་བཙན་པོའི་སྐབས་ནས་ཡོད་པར་གསལ།
ཉེ་ཆར་ང་ཚོར་རྫ་ཆས་ཀྱི་དངོས་པོ་ལག་སོན་བྱུང་བ་སྔ་ཤོས་ནི་སྤྱི་ལོ་༡༠༤༩དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་ལ་བཞེངས་པ། བོ་དོང་ཨེ་དགོན་པའི་གཡུ་རྫའི་རྒྱ་ཕིབས་ཀྱི་ལག་རྩལ་ཧ་ཅང་ཚད་མཐོན་པོ་ཡིན་པ་དང་། དེ་མཚུངས་སུ་དུས་རབས་བཅུ་གཅིག་པའི་ནང་ལ་བཞེངས་པའི་ཞ་ལུ་དགོན་པའི་གཡུ་རྫའི་རྒྱ་ཕིབས་དང་། དུས་རབས་བཅུ་གསུམ་པའི་ནང་ལ་བཞེངས་པ་ཆབ་མདོ་ཀརྨ་དགོན་པའི་གཡུ་རྫའི་ལག་རྩལ་རྣམས་ལ་དཔྱད་ཞིབ་བྱས་པ་ལྟར་ན། དེའི་སྐབས་ཀྱི་གཡུ་རྫའི་ལག་རྩལ་ཚད་མཐོ་ཡིན་པ་ཤེས་རྟོགས་བྱུང་། དེའི་རྗེས་ཀྱི་དུས་རབས་བཅུ་དྲུག་པ་དང་། བཅོ་བརྒྱད་པ་དང་། བཅུ་དགུ་པའི་སྐོར་གྱི་གཡུ་རྫའི་དངོས་ཆས་ནི་སྔ་མ་ལས་ཕྱི་མ་དག་རིམ་གྱིས་ལག་རྩལ་ཅུང་ཟད་ཞན་དུ་སོང་བའི་རྣམ་པ་མཐོང་ཐོས་བྱུང་ཞིང་། ལྷག་པར་དུ་ཉེ་སྔོན་རྫ་བཟོའི་གཡུ་རྩིའི་ལག་རྩལ་དེ་ཉིད་ཡོངས་སུ་ནུབ་པའི་གནས་སུ་གྱུར་ཡོད་པས། ངེད་བོད་ལྗོངས་མཐོ་སྒང་ཨ་མ་བཟོ་ཚོང་ཚད་ཡོད་ཀུང་སིའི་ལོ་མང་རིང་། རིག་གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་ཞིབ་འཇུག་བྱས་པ་བརྒྱུད་ད་ལྟ་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་སྲོལ་རྒྱུན་གཡུ་རྩིའི་ལག་རྩལ་དེ་དངོས་སུ་སླར་གསོ་ཐུབ་པ་བྱུང་ནས་ཉེ་ལམ་ཁྲོམ་རྭར་བཏོན་འགོ་ཚུགས་ཡོད། གང་དེར་ལོ་རྒྱུས་དང་སྒྱུ་རྩལ། བེད་སྤྱོད། རྒྱན་བཀོད། ཉར་ཚགས་བཅས་ཀྱི་རིན་ཐང་ཅི་ཆེར་ལྡན་ཡོད། དེས་ན་ལྷན་རྒྱས་ལ་དགོས་མཁོ་མཆིས་ཚེ་མངགས་བཟོ་གནང་ཆོག
མངགས་བཟོ་གནང་ཡུལ། བོད་ལྗོངས་མཐོ་སྒང་ཨ་མ་བཟོ་ཚོང་ཚད་ཡོད་ཀུང་སི། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་། ཁ་པར་ཨང་གྲངས། ༠༨༩༡ ༦༡༥༥༢༢༣ ༡༣༩༨༩༩༠༢༣༣༨ Email: gymother@126.com
གཡུ་རྩི་ཅན་གྱི་རྩམ་སྣོད།绿釉糌粑缸
གཡུ་རྩི་ཅན་གྱི་ཕོར་པ།绿釉陶碗
སེར་རྩི་ཅན་གྱི་ཕོར་པ།黄色釉陶碗
༡ གཡུ་རྩི་ཅན་གྱི་མེ་ཁོག་ཁོག་ལྡིར།绿釉茶炉茶壶 ༢ དབྱིས་རྩི་ཅན་གྱི་ཤ་མོག་བཙོ་སྣོད།棕色釉蒸笼
གཡུ་རྩི་ཅན་གྱི་ཆུ་ཁོལ་ཕོར་པ།绿釉杯子
གཡུ་རྩི་ཅན་གྱི་རྩམ་སྣོད།绿釉糌粑缸