ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

༢༠༡༤ལོའི་ནོ་པའེ་ཞི་བདེ་གཟེངས་རྟགས་མི་གཉིས་ལ་ཐོབ་པ།

[རྩོམ་པ་པོ:སངས་སྒྲོལ།  ཡོང་ཁུངས:ཀྲུང་གོའི་བོད་སྐད་རླུང་འཕྲིན།  དུས་ཚོད:2014/10/16 9:07:41  བཀླགས་ཐེངས:909][ཡིག་གཟུགས:ཡིག་གཟུགས་མདོག]

༢༠༡༤ལོའི་ནོ་པའེ་ཞི་བདེའི་གཟེངས་རྟགས་མི་གཉིས་ལ་ཐོབ་པ།

༢༠༡༤ལོའི་ནོ་པེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སཱ་ཏི་ཡར་ཤི་དང་མཱ་ལ་ལ་རྣམ་གཉིས།

ནོ་པེལ་གཟེངས་རྟགས་ཀྱི་གཞུང་ཕྱོགས་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། ༢༠༡༤ལོའི་ནོ་པེལ་ཞི་བདེའི་གཟེངས་རྟགས་དེ་ས་དེའི་དུས་ཚོད་ཀྱི་ཚེས་༡༠ཉིན་གཏན་འཁེལ་བྱུང་ཡོད་ཅིང་། གཟེངས་རྟགས་ཐོབ་མཁན་ནི་བྱིས་པའི་ཁེ་དབང་ངམ་ཐོབ་ཐང་རྩོད་ལེན་མཁན་རྒྱ་གར་བ་སཱ་ཏི་ཡར་ཤི་ཞེས་པ་དང་། བུད་མེད་ཀྱི་སློབ་གསོའི་ཁེ་དབང་ངམ་ཐོབ་ཐང་རྩོད་ལེན་བྱས་པར་བརྟེན་ཐཱ་ལི་པན་རྩ་འཛུགས་ཀྱི་མེ་མདའ་ཕོག་པའི་ཕ་ཁི་སི་ཐན་གྱི་བུ་མོ་ལོ་བཅུ་བདུན་ཅན་མཱ་ལ་ལ་ཡོའུ་སཱ་ཧྥུ་ཀྲ་དབྱེ་ཞེས་པ་གཉིས་རེད།

ཁོང་གཉིས་ལ་གཟེངས་རྟགས་ཐོབ་པའི་རྒྱུ་མཚན་ནི་བཤུ་གཞོག་ཐེབས་བཞིན་པའི་བྱིས་པ་དང་ན་གཞོན་གྱིས་གཙོ་བྱས་པའི་ན་ཆུང་ཡོངས་ཀྱི་སློབ་གསོའི་ཁེ་དབང་རྩོད་ལེན་བྱས་པས་རེད།

མཱ་ལ་ལ་ཡོའུ་སཱ་ཧྥུ་ཀྲ་དབྱེ།

༢༠༠༩ལོ་ནས་བཟུང་། ལོ་ན་༡༣ལའང་སླེབས་མེད་པའི་མཱ་ལ་ལ་ཡིས་དབྱིན་ཇིའི་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཟིན་ཐོག་ཐཱ་ལི་པན་རྩ་འཛུགས་ཀྱིས་བུ་མོ་རྣམས་སློབ་གྲྭར་འགྲོ་བར་བཀག་འགོག་བྱེད་པའི་སྐོར་གྱི་སྲིད་ཇུས་དང་འཇིགས་སྐུལ་བྱ་འགུལ་དག་རང་གི་མྱོང་བ་དངོས་དང་འབྲེལ་ནས་བྲིས་ཤིང་དེའི་ནག་མཚང་བྲུས་ཤིང་། ཁོང་མོས་སྨྱུ་གུ་དང་དཔེ་དེབ་གཉིས་ལ་བརྟེན་ནས་འཛམ་གླིང་བསྒྱུར་བཅོས་བྱེད་ཐུབ་པའི་ལྟ་བ་བཏོན།

༢༠༡༢ལོའི་ཟླ་༡༠ཚེས་༩ཉིན། ཐཱ་ལི་པན་རྩ་འཛུགས་ཀྱིས་མཱ་ལ་ལར་མེ་མདའ་ཡིས་བརྒྱབ་ནས་གསོད་རྩིས་བྱས་མོད་མཐར་མ་སོད་པར་མེ་མདའ་མགོ་ལ་ཕོག་ཅིང་རྨས། དེ་རྗེས་ཁོང་མོར་དབྱིན་ཇིར་བྲོས་ཤིང་སྨན་བཅོས་བྱས། ཐཱ་ལི་པན་རྩ་འཛུགས་ཀྱིས་ད་དུང་མུ་མཐུད་དུ་ཁོང་མོ་གསོད་ཐབས་བྱེད་བཞིན་ཡོད།

༢༠༡༣ལོའི་ཟླ་བཞི་བར། མཱ་ལ་ལ་ཨ་རིའི《དུས་རབས》ཞེས་པའི་དུས་དེབ་སྐད་གྲགས་ཅན་གྱི་མདུན་ཤོག་ཏུ་བཀོད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་མི་བརྒྱའི་གྲས་སུ་བདམས། ལོ་དེའི་ཟླ་བདུན་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོང་མོའི་སྐྱེ་སྐར་དེ་མཱ་ལ་ལའི་ཉིན་མོ་ཞེས་པར་གཏན་འཁེལ་བྱས། ཟླ་བཅུ་གཅིག་པར་ཨ་རིའི་སྲིད་འཛིན་ཨའོ་པ་མས་ཕོ་བྲང་དཀར་པོ་རུ་ཁོང་མོ་དང་མཇལ་འཕྲད་གནང་།

སཱ་ཏི་ཡར་ཤི།

སཱ་ཏི་ཡར་ཤི་ནི་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་རྩོད་ལེན་མཁན་སྐད་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་ཞི་བདེའི་དེད་དཔོན་ཀན་ཏི་ཡི་འཚེ་མེད་ཞི་བའི་དགོངས་པ་རྒྱུད་འཛིན་གནང་ནས། བཤུ་གཞོག་འོག་ཚུད་པའི་བྱིས་པ་རྣམས་ཀྱི་ཁེ་དབང་ཆེད་ཞི་བདེའི་ཁྲོམ་སྐོར་ཐེངས་མང་རིང་རྩ་འཛུགས་གནང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱིས་པའི་ཁེ་དབང་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་གནང་།

ཕ་ཁི་སི་ཐན་གྱི་ཕྲུ་གུའི་ཤེས་ཡོན་གྱི་ཐོབ་ཐང་རྩོད་ལེན་མཁན་མྰ་ལ་ལ་དང་། རྒྱ་གར་གྱི་སྐུ་ཞབས་ཁའེ་ལ་ཧྲི་ཧྲ་ཐུའུ་ཡྰ་ཐུའུ་རྣམ་གཉིས་ཀྱིས་ལོ་དུ་མའི་རིང་རང་སོ་སོའི་རྒྱལ་ཁབ་ནང་ཕྲུ་གུའི་ཤེས་ཡོན་གྱི་ཐོབ་ཐང་རྩོད་ལེན་ནམ་ཕྲུ་གུའི་རང་དབང་བརྡལ་བཤིག་གཏོང་བའི་བྱ་སྤྱོད་ལ་འཐབ་རྩོད་བྱས་པའི་རྐྱེན། ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ནང་རྟེན་གཞི་བྱས་པའི་ནོ་པའེ་ཞི་བདེའི་ཚོགས་ཆུང་གིས་༢༠༡༤ལོའི་ནོ་པའེ་ཞི་བདེའི་གཟེངས་རྟགས་ཕ་ཁི་སི་ཐན་གྱི་བུ་མོ་མྰ་ལ་ལ་༼Pakistan Malala Yousufzaiདང་རྒྱ་གར་གྱི་སྐུ་ཞབས་ཁའེ་ལ་ཧྲི་ཧྲ་ཐུའུ་ཡྰ་ཐུའུ་༼Kailash Satyarthi༽རྣམ་གཉིས་ལ་འབུལ་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད།

བུ་མོ་མྰ་ལ་ལ་ཡིས་ལོ་མང་རིང་ཕ་ཁི་སི་ཐན་ནས་ཕྲུ་གུའི་ཤེས་ཡོན་དང་ལྷག་པར་དུ་བུད་མེད་ཕྲུ་གུའི་ཤེས་ཡོན་གྱི་ཐོབ་ཐང་རྩོད་པའི་རྐྱེན་༢༠༡༢ལོར་ལྟ་བ་མཁྲེགས་བཟུང་ཅན་གྱི་ཁ་ཆེ་བ་ཞིག་གིས་ཁོང་མོའི་མགོ་བོར་མེ་མདའ་བརྒྱབ་སྟེ་རྒྱལ་སྤྱིའི་ཐོག་གནས་ཚུལ་རྒྱ་ཁྱབ་བྱུང་ཡོད་པ་དང་། དོན་རྐྱེན་དེའི་ཤུགས་རྐྱེན་འོག་ད་ཆ་ཁོ་མོ་རྒྱལ་སྤྱིའི་ཐོག་ཕྲུ་གུའི་ཐོབ་ཐང་རྩོད་མཁན་གྱི་མགྲིན་ཚབ་ལྟ་བུར་གྱུར་ཡོད། དེ་དང་དེ་མཚུངས་རྒྱ་གར་ཀྱི་སྐུ་ཞབས་ཁའེ་ལ་ཧྲི་ཧྲ་ཐུའུ་ཡྰ་ཐུའུ་ལགས་ཀྱིས་རྒྱ་གར་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེད་ཕྲུ་གུའི་ཐོབ་ཐང་ལ་རྩིས་མེད་ཀྱིས་ལོ་ཆུང་ཕྲུ་གུར་བཙན་ཤེད་ཀྱི་སྒོ་ནས་ངལ་རྩོལ་ལས་ཀར་སྐུལ་བའི་ལམ་ལུགས་ཐེར་འདོན་དང་། ཕྲུ་གུ་ཚོར་ཤེས་ཡོན་གྱི་ཐོབ་ཐང་དང་སློབ་གྲྭར་བསྐྱོད་རྒྱུའི་གོ་སྐབས་རྩོད་ལེན་ཆེད་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་རྔམ་སྟོན་དང་སྐད་འབོད་ཀྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་རེད།

བུ་མོ་མྰ་ལ་ལ་༢༠༡༣ལོར་ནོ་པའེ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ལྡན་པ་དང་། འདི་ལོར་ནོ་པའེ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་༢༠༠ལྷག་གི་ནང་ནས་ཁོ་མོར་རྒྱལ་ཁ་ཐོབ་སྟེ། ནོ་པའེ་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་༼ལོ་༡༧༽རེད།

·གསར་འགྱུར་གོང་མ:འཆི་མེད་དབང་མོར་གསེར་་རྒོད་བརྙན་འཕྲིན་མདོ་འཛིན་པའི་བྱ་དགའ་ཐོབ།
·གསར་འགྱུར་འོག་མ:འཁྲབ་ཁྲིད་པ་བསོད་རྡོའི་མཐར་མཇུག་གི་སྦྲ་ནག་ལ་གློག་བརྙན་འཕྲིན་
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 14:24:23 [来自: 112.5.236.197]

 评论者:Rocky
No queotisn this is the place to get this info, thanks y`all. http://fhstxq.com [url=http://rmtcdg.com]rmtcdg[/url] [link=http://qikcxusf.com]qikcxusf[/link]
发表时间:2017/4/16 16:38:10 [来自: 5.188.211.170]

 评论者:Keyon
At last, <a href="http://hbgyht.com">soomene</a> comes up with the "right" answer!
发表时间:2017/4/16 4:16:47 [来自: 5.188.211.170]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS