ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ་པར་འགྲེམ་བྱས་པ།

[རྩོམ་པ་པོ:བདེ་ལྷ་མོ  ཡོང་ཁུངས:བོད་སྐད་རླུང་འཕྲིན་  དུས་ཚོད:2014/10/15 18:14:21  བཀླགས་ཐེངས:933][ཡིག་གཟུགས:ཡིག་གཟུགས་མདོག]

༼བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ༽ཞེས་པའི་ཆེད་སྒྲིག་འོད་སྡེར་པར་སྐྲུན་འགྲེམ་སྤེལ་བྱས་པ།

ཉེ་ལམ།བོད་ཀྱི་གླུ་གཞས་གསར་རྩོམ་མཁས་ཅན་མང་པོའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་བོད་ཀྱི་བྱིས་པའི་གླུ་གཞས་ཆེད་སྒྲིག་འོད་སྡེརབོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ》 (CD) ཞེས་པ་དང་དབྱངས་ཡིག་དེབ་ཆུང་སྦྲགས་མ་གཉིས་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་འདུག

ཆེད་སྒྲིག་འོད་སྡེར་འདིར་བྱིས་པར་དབྱངས་གསལ་ངོས་འཛིན་དང་། བསླབ་བྱ་ལེགས་བཤད། ས་རྒྱུས་དང་ལོ་རྒྱུས། ཁེད་དང་གབ་ཚིག ལུས་རྩལ་དང་དམངས་སྲོལ། བྱིས་སྒྲུང་དང་སྙན་ངག་སོགས་ལ་རྨང་གཞིའམ་བག་ཆགས་འཇོག་བྱེད་གཞས་སྣ ༢༥ བསྡུས་ཡོད་ཅིང་། དེ་ཡང་བྱིས་པའི་ན་ཚོད་དང་ལོ་རིམ་ལ་དམིགས་ཏེ་བོད་ཡིག་རྨང་གཞིའི་ཤེས་བྱ་སྤྲོད་བྱེད་གཅིག་པུར་གསལ་བྱེད་སུམ་ཅུ་ཅན་དང་། དབྱངས་གསལ་སོ་བཞི་ཅན། སྔོན་རྗེས་ཡང་གསུམ་ཅན། རྣམ་དབྱེའི་གྲངས་འདྲེན་ཅན་ལྟ་བུ་བྱེ་བྲག་རིམ་ཅན་དུ་བཟོས་པ། མདོ་དབུས་ཁམས་གསུམ་གྱི་བྱིས་གླུའི་འགྱུར་ཁུགས་མངོན་ཅི་ཐུབ་དང་དོ་གལ་ཆེ་བའི་གཞས་རིགས་སྤྱི་སྐད་དང་བསྟུན་པ། རོལ་ཆ་དཀྲོལ་འབུད་དང་སློབ་ཁྲིད་ཐད་བེད་སྤྱོད་ན་དབྱངས་ཡིག་ཅན་དང་། ཁྱིམ་བདག་དང་བྱིས་པར་སྟབས་བདེ་ཕྱིར་གཞས་འབྲུ་རྐྱང་བ་ཁོལ་དུ་ཕྱུང་སྟེ་ལོགས་སུ་དཔར་ཡོད་པ། གཞས་སྣ་རེར་སྤྱོད་སྒོ་སོགས་གསལ་འདེབས་ཀྱི་ཚུལ་དུ་གཤམ་མཆན་བཏགས་པས་མཚོན་བྱིས་པ་དང་སློབ་བུའི་ལོ་ཁམས་དང་འཚམ་པའི་འགྲོ་ཡ་འདུག་གྲོགས་དང་། ཕ་མ་དང་དགེ་རྒན་གྱི་ངལ་དུབ་བོར་བའི་ལག་རོགས་ལྟ་བུ་ཞིག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ལོ་མ་རན་པའི་ཁྱིམ་སྡོད་བྱིས་པ་དང་། གཞི་རིམ་བུ་བཅོལ་ཁང་། སློབ་གྲྭ་ཆུང་འབྲིང་གི་སློབ་བུ། རོལ་མོའི་དགེ་རྒན་བཅས་ལ་ཉེ་བར་མཁོ་བའི་གླུ་གཞས་ཆེད་སྒྲིག་ཅིག་ཏུ་སྣང་།

 

བྱིས་པར་ཕ་སྐད་ཀྱི་རྨང་གདན་དང་རིག་གནས་ཀྱི་བག་ཆགས་འཇོག་པར་འདོད་པའི་ཕ་མ་དང་། རོལ་རྩེད་དང་འགྲོགས་ཏེ་སློབ་བུར་ཤེས་བྱ་སྤྲོད་འདོད་ཀྱི་བུ་བཅོལ་ཁང་དང་སློབ་གྲྭ་ཆུང་འབྲིང་། དེ་བཞིན་རོལ་དབྱངས་སློབ་ཐུན་ལ་བསླབ་གཞི་དཀོན་ཞིང་སློབ་མར་འཁྲབ་སྟོན་གྱི་གཞས་དང་བྲོ་དབྱངས་མེད་པའི་སྟོང་ཆ་བསྐང་འདོད་པའི་སློབ་གསོའི་སྡེ་ཚན་དག་གིས་ནི་ལྷག་ཏུ་མཐོང་གནང་མཛད་རིན་པ་ཞིག་ཡིན་ནོ་སྙམ།
ཆེད་སྒྲིག་འོད་སྡེར་འདི་མངགས་བཟོ་གནང་ཡུལ་གྱི་ཁ་པར། 18697172163
·གསར་འགྱུར་གོང་མ:རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་བརྒྱ་ལོན་པའི་རྗེས་དྲན།
·གསར་འགྱུར་འོག་མ:བོད་ལྗོངས་ཀྱི་ན་གཞོན་ཚན་རྩལ་ཁང་ཐོག་མའི་སྒོ་ཕྱེས་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·ཧྥ་རན་སེའི་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལ2014ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ། 2014/10/18 20:53:42
·འཆི་མེད་དབང་མོར་གསེར་་རྒོད་བརྙན་འཕྲིན་མདོ་འཛིན་པའི་བྱ་དགའ་ཐོབ། 2014/10/16 8:51:48
·སྨན་བླ་སྐྱབས་ཀྱིས་འཚོལ་སྡུད་བྱས་པའི་ན་ཆུང་བྱིས་པའི་གླུ་གཞས་འགྲེམ་ལ་ཉེ། 2014/10/3 9:41:47
·ཆུ་ཐིགས་འཕྲུལ་དེབ་དེབ་ཕྲེང་བཞི་བ་སྐོར་དང་གཉིས་དྲ་ཐོག་བཀྲམ་པ། 2014/9/24 15:46:30
·༼བྱམས་བརྩེ་དང་སློབ་གསོ་ཞེས་པའི་དེབ་གསར་མཚམས་སྦྱོར། 2014/8/24 19:09:35
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 16:54:30 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 9:11:01 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 17:44:12 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 36 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS