ཆུ་ཐིགས་འཕྲུལ་དེབ་དེབ་ཕྲེང་བཞི་བ་སྐོར་དང་བོ་དང་གཉིས་པ་མཉམ་དུ་དྲ་སྒང་ལ་བཀྲམ་པ།


རྒྱ་ཆེ་བའི་ཀློག་པ་བོ་ལྷན་རྒྱས། དུས་ཚོད་སོགས་རྒྱུ་རྐྱེན་མང་བོ་ཞིག་གིས་ད་རག་བར་དེབ་ཕྲེང་བཞི་བ་ཁྱེད་ཅག་གི་སྤྱན་ལམ་དུ་འདྲེན་མ་ནུས་པར་སྙིང་ཁོང་རུས་པའི་གཏིང་ནས་དགོངས་དག་ཞུ།
དེ་ཡང་ངེད་ཆུ་ཐིགས་བོད་ཡིག་འཕྲུལ་དེབ་ཁང་གིས་གཙོ་བོ་གསར་རྩོམ་གྱི་ལམ་ལ་ཞུགས་མ་ཐག་པའི་ན་གཞོན་རྩོམ་པ་བོ་དག་གི་བརྩམས་ཆོས་ཀུན་གྱི་སྤྱན་སྔར་ཕུལ་དོན་ནི། ཁོ་ཚོར་དགེ་སྐྱོན་གང་རུང་ནས་མྱོང་ཚོར་བཤད་མཁན་རེ་ཡོད་ན། ཁོ་ཚོའི་གསར་རྩོམ་གྱི་སྙིང་སྟོབས་ལ་ཤུགས་རྒྱག་ནུས་པར་འདོད་པས་ཡིན། དེ་བས། ཁྱོད་ཀྱིས་རྩོམ་པ་བོ་གང་གི་བརྩམས་ཆོས་བཀླགས་རྗེས་རྩོམ་པ་བོ་རང་ཉིད་ལ་འབྲེལ་བ་བྱས་ནས་བསམ་བློ་བརྗེ་རེས་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ལ། ཤ་དང་རུས་པའི་གསེང་དུ་འཐིམས་པའི་རྨི་ལམ་རླབས་ཆེན་དེ་ཡིན། གལ་སྲིད་རྩོམ་པ་བོའི་སྐད་འཕྲིན་ཨང་གྲངས་དགོས་ན་ངེད་ཆུ་ཐིགས་ཚང་གི་སྐད་འཕྲིན་ལ་འབྲེལ་བ་བྱོས་དང་བསྐུར་ཅི་ནུས་བྱ།
ཐེངས་འདིར་དུས་ཡུན་ཅུང་རིང་ལ། འཕྲུལ་དེབ་བཟོ་འདོད་ཀྱི་རྩོམ་པ་བོ་མང་བས། དེབ་ཕྲེང་བཞི་བ་སྐོར་གཉིས་བྱས་ནས་ཁྱབ་བསྒྲགས་རི་མོ་བཀྲམ་ཡོད། ཐེངས་རྗེས་མ་ནས་ཟླ་གཉིས་ཀྱི་ནང་ལ་འཕྲུལ་དེབ་བཟོ་འདོད་པ་དག་གི་འཕྲུལ་དེབ་མཐའ་དག་བཟོས་ཚར་བ་བྱས་ནས། ཟླ་མཇུག་ལ་དྲ་སྒང་ལ་བཀྲམ་རྒྱུ། དེ་བས་འཕྲུལ་དེབ་བཟོ་འདོད་པའི་རྩོམ་པ་བོ་དག་གིས་མྱུར་མོར་གྲ་སྒྲིག་བྱོས།
ཐེངས་འདིར་འཕྲུལ་དེབ་ཚང་མ་རྒྱའི་百度云ཟེར་བའི་སྟེང་ལ་བཞག་ཡོད་མོད། དེ་རུ་ཕབ་ལེན་མི་ཤེས་མཁན་ཡོད་ན་ངེད་ཆུ་ཐིགས་བོད་ཡིག་འཕྲུལ་དེབ་ཁང་ལ་འབྲེལ་བ་བྱོས་དང་། 2014 ལོའི་ཟླ་དགུ་བའི་ཚེས་28 བར་ཁོམ་དུས་སུ་རིན་མེད་ལ་སྐད་འཕྲིན་ནས་ཐད་བསྐུར་བྱེད་ངེས།
ཕབ་ལེན་གནས། http://pan.baidu.com/s/1i3stqCl
ཆུ་ཐིགས་བོད་ཡིག་འཕྲུལ་དེབ་ཁང་གི་སྐད་འཕྲིན་འབྲེལ་གནས། 2696944852