ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

བུ་ཡི་ལག་རྟགས།

[རྩོམ་པ་པོ:ངོམ་ཚེ་མགོན་གྱིས་བསྒྱུར།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2014/8/22 16:59:50  བཀླགས་ཐེངས:1023][ཡིག་གཟུགས:ཡིག་གཟུགས་མདོག]
བྱམས་བརྩེ་དང་སློབ་གསོ།
 
ལེའུ་གཉིས་པ།  བརྟེན་སའི་ཕ་མ།
                                    ---ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བྱིས་པར་སློབ་གསོ་བཏང་བའི་མྱོང་འཆར་གྱི་ཉིང་ཁུ།
                           
       ལུའུ་ཕེའི་རུའེ་ཡིས་བསྒྲིགས།  ངོམ་ཚེ་མགོན་གྱིས་བསྒྱུར།

  ང་ཚོས་རང་ཐག་བཅད་ནས་ཁོང་ཚོ་འཇིག་རྟེན་ཐོག་ཡོང་བཅུག་པ་ཡིན་དུས།  ད་དུང་ང་ཚོའི་དབང་ཆ་རྒྱ་ཆེ་རུ་གཏོང་རྒྱུ་མེད། ང་ཚོས་ཀྱང་བྱམས་ཆེས་ན་སྐབས་རེར་སྡུག་ལ་སྦྱར་སྲིད་པ་ཁས་ལེན་པ་མ་ཡིན་ནམ།  ཁོང་ཚོ་ལ་སེམས་ཁྲལ་ཅི་ཡང་མེད་པའི་རང་དབང་རང་མོས་ཀྱི་བྱིས་དུས་ཤིག་སྦྱིན་རྒྱུ་གལ་ཆེན་པོ་ཡིན།
བུ་ཡི་ལག་རྟགས།
 
  ང་རང་མོ་ཏྲ་བཏང་ནས་ཕྱི་ལ་འགྲོ་དུས། ལོ་ལྔ་ལོན་པའི་བུའི་མིག་ཟུང་མདངས་ཀྱིས་ཁེངས་བཞིན་དགའ་སྣང་ངང་ངའི་རྩར་རྒྱུགས་ཡོང་ནས། པ་ལགས། ངས་ཁྱེད་ལ་ལག་རྟགས་ཤིག་འབུལ་རྒྱུ་ཡོད་ཟེར། ངས། ཨེ་རེད། ཅེས་དྲིས།  བུས་ལག་ནང་ཡོད་པའི་ཅ་ལག་བཏོན་ཏེ། ངས་ཆེད་མངགས་ཁྱེད་ལ་བཙལ་བ་ཡིན་ཟེར། ངས་ཅིག་བལྟ་དུས། ཁོའི་ལག་ཆུང་ནང་རྡོ་དང༌རྩེད་ཆས་མོ་ཏྲ་རྙིང་པ་ཞིག  འགྱིག་ཐག་རྐྱ་གཅིག  དེ་མིན་གྱི་རྩེད་ཆས་ཁ་ཤས་ཤིག་བཟུང་ནས་སྤོབས་ཉམས་དང་བཅས། བསྣམས་ཕེབས་དང༌། པ་ལགས། ཚང་མ་ཁྱེད་ལ་འབུལ་རྒྱུ་ཡིན་ཟེར་བར། ངས། ཨོ་ད་ལྟ་འཁྱེར་ལོངས་མི་འདུག  བུ། ང་ཕྱི་ལ་དོན་དག་བསྒྲུབ་པར་འགྲོ་དགོས་ཡོད། སྔོན་ལ་འཁོར་ཁང་ནང་བཞག་ཤོག་བཤད་པས། ཁོའི་ངོ་གདོང་གི་འཛུམ་མདངས་ཧོབ་སྟེ་ཡལ་སོང༌། ངས་མོ་ཏྲ་བཏང་ནས་སོང་ཡང༌། སེམས་ནང་བློ་མི་བདེ་བ་ཞིག་བྱུང་། ལས་ཀ་ཚར་ནས་ཁྱིམ་དུ་ལོག་དུས། ངས་བུ་ལ་རྩེད་ཆས་སྙིང་རྗེ་པོ་དེ་ཚོ་ག་ན་ཡོད་དྲིས་པར། ངས་དེ་ཚོ་ཁྱེད་ལ་མཁོ་གི་མ་རེད་བསམ་ནས། ཡ་ཏང་ལ་སྦྱིན་པ་ཡིན་ཟེར། ཡ་ཏང་ནི་སྲང་ལམ་གཅིག་པའི་བུ་ཆུང་ཞིག་རེད། ཡ་ཏང་གིས་ང་ལས་ལྷག་པའི་དགའ་ཚོར་གྱིས། ལག་རྟགས་དེ་དང་ལེན་བྱས་ཡོད་པ་ངས་དྲན་འཆར་བྱེད་ཐུབ། བུའི་བྱེད་སྟངས་དེས་ངའི་སེམས་སྲེག་བྱུང་ཡང་དེ་ང་རང་གིས་བཟོས་པ་ཞིག་རེད། གང་ཡིན་ཟེར་ན། ངས་གྱ་ཚོམ་ངང་བུའི་སེམས་པ་དེ་སྣང་མེད་དུ་བཏང་བས་རེད། དོན་དེས་རང་ཤུགས་སུ་ང་ལ་བུ་ཆུང་གཞན་ཞིག་གི་འདས་དོན་དུམ་བུ་ཞིག་དྲན་སོས་བཅུག་བྱུང༌། དེ་ནི་ཁོང་གི་གཅེན་མོའི་སྐྱེས་སྐར་གཏོང་ཐེངས་ཤིག་རེད། དེའི་སྔོན་ལ་ཨ་མས་ཁོང་ལ་གཅེན་མོར་ལག་རྟགས་ཉོ་བྱེད་ཨ་སྒོར་གཉིས་སྦྱིན་ཡོད། ཁོས་རྩེད་ཆས་ཚོང་ཁང་ནང་ཡུན་རིང་བསྐོར་ཏེ་ལག་རྟགས་ཆེས་དམིགས་བསལ་ཅན་ཞིག་ཉོ་དགོས་བསམ། མཐར་ཁོས་གཅེས་ནོར་ཞིག་རྙེད་པ། བཟོ་ལྟ་འགྱིག་བྱི་རིལ་དང་འདྲ་བའི་འགྱིག་གི་རྩེད་ཆས་ཤིག་ལམ་སེང་ཉོས་ནས་སྒུག་ལོང་མེད་པར་ཁྱིམ་དུ་ལོག་ཕྱིན། སྐྱེས་སྐར་དགྱེས་སྟོན་སྐབས་གྲོགས་པོ་ཚོས་བསྐོར་བའི་གཅེན་མོས་ལག་རྟགས་རེ་རེ་བཞིན་ཁ་ཕྱེ་དུས། དགའ་སྣང་དང་བཅས་སྐད་འབོད་བྱེད་ཀྱི་ཡོད། འོན་ཀྱང་དགའ་འབོད་དེས་བུ་ཆུང་ལ་དོགས་མི་བདེ་བ་ཞིག་བཟོས། ལོ་བརྒྱད་ལོན་པའི་ཕྲུ་གུ་དེ་ཚོར་ལག་རྟགས་ཉོ་བྱེད་དངུལ་མང་པོ་ཡོད། བུ་ཡི་ལག་རྟགས་ཐུམ་པོ་དེ་སྐབས་དེར་སྤམ་ཆུང་ལ་མངོན་མཚན་དེ་ཙམ་མེད་པར་གྱུར་ཡང༌། དེའི་སྔོན་ལ་ཕྱེ་བའི་ལག་རྟགས་ནང་རང་ཉིད་ཀྱི་དེ་དང་འདྲ་བ་མེད་པས།  ཁོས་སྔར་བཞིན་གཅེན་མོས་མཐོང་བ་དང་དགའ་པོ་ཡོང་རྒྱུའི་རེ་བ་འཆང་བཞིན་ཡོད། གཅེན་མོས་མཐར་གཞི་ནས་བུ་ཆུང་གི་ལག་རྟགས་དེ་ཁ་ཕྱེ་བ་དང་། བུ་ཡིས་གཅེན་མོ་འཕྲལ་དུ་སེམས་མི་སྐྱིད་པར་གྱུར་པ་མཐོང༌།   མི་ཚོགས་ཀྱི་ཁྲོད་དུ། ལག་རྟགས་ལ་དགའ་སྡུག་གི་རྣམ་འགྱུར་བསྟན་ཆེ་ན་རང་ཉིད་ཉམ་དམའ་བར་འགྱུར་ཉེན་ཡོད་དུས། གཅེན་མོས་ཆེད་མངགས་གྲོགས་པོ་ཚོར་བགད་ཙམ་བྱས་རྗེས་གཅུང་པོ་ལ་ཁ་གཏད་ཏེ། སེམས་གསོའི་སྐད་གཤིས་ཀྱི་ཐོག་ནས། ཐུགས་རྗེ་ཆེ། འདི་ང་ལ་དགོས་རྒྱུ་དེ་ཡིན། ཞེས་བཤད་པས་བུ་མོ་ཁག་ཅིག་བསྲན་མ་ཐུབ་པར་གད་མོ་ཤོར། བུ་ཆུང་ཆུང་དེས་རང་ཉིད་ངོ་ཤུན་ཕབ་སོང་སྙམ་ཞིང༌། ཁོས་མ་གཞི་སྙིང་རྗེ་པོ་ཡོད་སྙམ་པའི་རྩེད་ཆས་ཆུང་ཆུང་དེ་ནི་སྐབས་དེར་མདོག་ཉེས་ཤིང་དགོད་བྲོ་བ་ཞིག་ཏུ་མངོན་ནས། ཁ་ཕར་སྐོར་ཏེ་ཉལ་ཁང་དུ་རྒྱུགས་ནས་ངུ་ཤར་བརྒྱབ། ཡུད་ཙམ་རྗེས། ཨ་མ་སླེབས་ནས། ཁོ་ལ་ག་རེ་བྱས་སོང་དྲིས་པས་ཁོས་དོན་དེ་མགོ་ནས་མཇུག་བར་བཤད། ཨ་མ་ཕར་ཕྱིན་ནས་སྐར་མ་ཁ་ཤས་རྗེས་གཅེན་མོ་སླེབས་བྱུང་བས་ཁོས་དེ་ཨ་མས་མངགས་པ་ཤེས་ཐུབ། གཅེན་མོས་སེམས་ནས་འགྱོད་བཤགས་བྱས་པས་བུ་ཡི་སེམས་ལ་གཅེན་མོས་བསམ་གཟས་ནས་ཁོའི་སེམས་སྲེག་པ་མ་རེད་བསམ། གཅེན་མོས་ད་དུང༌། ཁོ་རང་དངོས་འབྲེལ་རྩེད་ཆས་འདིར་དགའ་པོ་ཡོད་ཅེས་བཤད། ད་ལྟ་གནས་ཚུལ་དེ་ལས་ལྡོག་སྟེ་ང་དང་གཅེན་མོ་མིན་པར། བུ་དང་ང་རེད།  ཁོང་གིས་ངའི་རྣམ་འགྱུར་ཐོག་ནས། ལག་རྟགས་ཀྱིས་མཚོན་པའི་སེམས་པ་དེ་གལ་ཆེན་པོ་དེ་འདྲ་ཨེ་ཡིན་ན་བསམ་པ་དེ་ཤེས་ཐུབ་ཀྱི་རེད། 
ལོ་དེའི་ཡེ་ཤུའི་འཁྲུངས་སྐར་སྐབས་སུ། ངའི་ཕྲུ་གུ་ཚོས་དངུལ་ཁྱེར་ནས་ལག་རྟགས་ཉོས་རྗེས། སྔོན་ལ་ངས་ཅ་ལག་དེ་གང་ཡིན་མི་ཤེས་ཐབས་བྱས་ནས། ཕྲུ་གུ་ལོ་ལྔ་ལོན་པ་ཕུད་པའི་དེ་བྱིངས་ཚང་མས། ང་ལ་ལག་རྟགས་གང་ཞིག་རག་མིན་ཚོད་ཐིག་པ་བྱེད་དགོས་ཟེར།         
  ཡེ་ཤུའི་འཁྲུངས་སྟོན་གྱི་ཞོགས་པ་སྔ་པོར། བུས་ང་ལ་སྔོན་ལ་ཁོ་རང་གི་ལག་རྟགས་དེ་ཁ་ཕྱེ་དགོས་ཟེར། ངས་ཁ་ཕྱེ་ནས་བལྟ་དུས།  ཨ།  འདི་ནི་ངས་དེ་སྔོན་མཐོང་མྱོང་བའི་ལག་རྟགས་ནང་ནས་སྙིང་རྗེ་ཤོས་རེད། ངས་ཕོ་ལོ་སུམ་ཅུ་སོ་གསུམ་ལོན་པའི་སྐྱེས་བུ་ཞིག་གིས། ཡོད་ཚད་མཐོང་མྱོང་བའི་མིག་མདངས་ཀྱིས་དེ་ལ་བལྟ་བ་མིན་པར། ལོ་ལྔ་ལོན་པའི་བུ་ཆུང་ཞིག་ལ་བཅངས་པའི་བརྩེ་སེམས་རང་ཤུགས་སུ་མངོན་པར་གྱུར།
  དེ་ནི་ཆུང་ལ་མཛེས་པའི་འགྱིག་གི་ཁུང་འབྲུག་ལྗང་ཁུ་ཞིག་རེད། ཀེར་ཀེར་གྱི་མགོ་དང་རིང་རིང་གི་མཇུག་མ་བཅས་མཚར་ཉམས་ལྡན་པ་ཞིག་འདུག  བུས་ལམ་སེང་དེའི་ཁྱད་ཆོས་གསལ་བཤད་བྱས་ཏེ། དེའི་མདུན་གྱི་སྦར་མོ་ཁབ་གཟེར་ཡིན་པས། ག་དུས་ཡིན་ནའང་ལུས་ལ་བཏགས་ཆོག་གི་ཡོད་ཟེར། སྐད་ཆ་བཤད་སྐབས་ཁོང་གི་མིག་ཟུང་ལས་འོད་མདངས་མངོན་ཞིང༌། བྱིས་པ་ཞིག་ལ་དམིགས་བསལ་དུ་ཡོད་པའི་དྭངས་གཙང་གི་མིག་མདངས་དེས། བརྩེ་སེམས་དང་རེ་བས་ཁེངས་བཞིན་ང་ལ་བལྟ་བར་བྱེད། 
ཁོ་རང་གི་སེམས་དོན་མཚོན་ཐུབ་ཆེ་ཤོས་ཀྱི་ལག་རྟགས་དེ་ཉོ་ཆེད། ཁོས་བསམ་བློ་ག་ཚོད་བཏང་ཡོད་པ་ངས་ཚོད་དཔག་བྱེད་ཐུབ། ངས་ཀྱང་ལོ་ལྔ་ལོན་པའི་བུ་ཆུང་ཞིག་གིས་དང་ལེན་བྱེད་བདེ་ཤོས་ཀྱི་བྱ་ཐབས་ཐོག་ནས། ཁུང་འབྲུག་དེ་སྟོད་གོས་ཀྱི་གོང་བ་ལ་བསྒར་ནས། ཧ་ཅང་ཡག་པོ་འདུག་ཅེས་བཤད། དངོས་འབྲེལ་ཁུང་འབྲུག་འདི་ཡག་པོ་འདུག  ང་འདི་ལ་ཧ་ཅང་དགའ་པོ་ཡོད།
  གལ་སྲིད། ཁྱོད་ཀྱིས་ཁྲོམ་སྲང་དུ་བྲང་ངོས་སུ་ཤོག་བུ་ལྟེབ་བརྩེགས་བྱས་པའི་གོང་རྒྱན་བཏགས་པའི་མི་ཞིག་དང༌། ཡང་ན་ཨ་སྒོར་སྐར་ལྔ་རི་བའི་རྩེད་ཆས་རྟ་སུག་ཐུང་ཞིག་ཐུག་ན་དེར་ཕལ་ཆེར་སེམས་པ་ཤོར་དགོས་དོན་མེད་ལ། གལ་སྲིད་ཁྱེད་ཀྱིས་ཁོ་ལ་རྩེད་ཆས་གོང་རྒྱན་བཏགས་པ་དེ། གླེན་རྟགས་ཚ་པོ་ཞིག་ཏུ་མཐོང་ཚུལ་བཤད་ན། ཁོས་གཅིག་བྱས་ན་དེ་ལྟར་ཡིན་རྒྱུ་རེད་ཅེས་ཟེར་སྲིད་མོད། འོན་ཀྱང་ངའི་ལོ་ལྔ་ལོན་པའི་བུས་ང་རང་ཨ་ཕ་ཡག་ཤོས་ལ་ངོས་འཛིན་བྱེད་པ་མ་ཟད། ད་དུང་། ཨ་རིའི་ནོར་སྲིད་པུའུ་ལའང་བྲང་རྒྱན་འདི་ཉོ་ཐུབ་པའི་དངུལ་མང་པོ་དེ་འདྲ་ཡོད་མ་རེད་ཅེས་ཤོད་ཀྱི་རེད།
  དེ་ནི་ངས་འགྱིག་ལས་བཟོས་པའི་ཁུང་འབྲུག་གི་བྲང་རྒྱན་འདི་བཏགས་དགོས་པའི་རྒྱུ་མཚན་ཡིན།
·གསར་འགྱུར་གོང་མ:ཨི་བྷོ་ལ་ནད་ཡམས་བཅོས་ཐབས་ཀྱི་སྨན་ཞིག་བཟོས་འདུག
·གསར་འགྱུར་འོག་མ:༼བྱམས་བརྩེ་དང་སློབ་གསོ་ཞེས་པའི་དེབ་གསར་མཚམས་སྦྱོར།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 14:31:34 [来自: 112.5.236.197]

 评论者:oixygq
eIpEV2  <a href="http://azvrkgfwdaos.com/">azvrkgfwdaos</a>, [url=http://coxtsfjrhziq.com/]coxtsfjrhziq[/url], [link=http://fgtcqkttoxpw.com/]fgtcqkttoxpw[/link], http://mihsdkbcpbnn.com/
发表时间:2016/5/19 17:59:06 [来自: 46.161.9.32]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 18:50:39 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 42 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS