ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
གསར་འགྱུར་ཀློག་པ།

གནམ་ཁབ་རྒྱག་པ་ལ་འཛེམ་དགོས།

[རྩོམ་པ་པོ:བསྟན་ཉི།  ཡོང་ཁུངས:མཚོ་སྔོན་ཟིན་བྲིས།  དུས་ཚོད:2014/7/28 22:52:32  བཀླགས་ཐེངས:1054][ཡིག་གཟུགས:ཡིག་གཟུགས་མདོག]
༄། །གནམ་ཁབ་རྒྱག་པ་ལ་འཛེམ་དགོས།
བསྟན་ཉི།

དེང་སང་འཛམ་གླིང་ཤར་ཕྱོགས་རྒྱ་ནག་པ་དང་བོད་པ་རྣམས་ཀྱིས་ལུས་པོ་ནད་ཀྱིས་ཅུང་ཟད་མནར་ཚེ་མྱུར་ཏུ་སྨན་ཁང་ལ་སོང་ནས་གནམ་ཁབ་རྒྱག་པར་བྱེད་ལ། དེ་ལས་གཞན་ནུབ་ཕྱོགས་པ་རྣམས་ཀྱིས་གནམ་ཁབ་རྒྱབ་པ་ལས་རང་སྲོག་གཅོད་པ་དགའ་ཟེར་བཞིན་འདུག་ཀྱང་དེ་ཙམ་ཅུང་ཟད་ཧ་ཅང་ཐལ་ཆེ་སྙམ། སྤྱིར་དེང་སྐབས་འཛམ་གླིང་གི་མིའི་སྲོག་གཅོད་ཀྱི་གཤེད་མ་གསུམ་ངོས་འཛིན་བྱས་པའི་ནང་ཚན་ཨེ་ཛིའི་ནད་ཡམས་ཞེས་པའི་འཇིགས་སུ་རུང་བའི་འགོ་ནད་ཚབ་ཆེན་དེ་ཡང་དུག་སེལ་མ་བྱས་པའི་ཁབ་ཆས་ཡོ་བྱད་རྣམས་ལས་འབྱུང་ཉེ་བས་ན་ནད་པ་རྣམས་ཀྱིས་ཐབས་ཡོད་ཚོད་ཀྱིས་ཁབ་མི་རྒྱག་རྒྱུ་དང་། ཅིས་ཀྱང་རྒྱག་དགོས་ན་གཙང་སྦྲ་དང་ལྡན་པའི་སྨན་ཁབ་ཐེངས་གཅིག་པ་ལས་མི་མང་པོ་ལ་བཀོལ་བའི་ཁབ་ཆས་གཏན་ནས་སྤྱད་མི་རུང་། ནུབ་ཕྱོགས་པས་གནམ་ཁབ་མི་རྒྱག་པའི་རྒྱུ་མཚན་ཡང་གནམ་ཁབ་འདི་དག་གི་ནང་དུ་དུག་མང་པོ་ཡོད་པས་དེ་ཁྲག་རྩའི་ནང་དུ་རྒྱག་སྐབས་སྙིང་དང་མཆིན་པ་གློ་བ་སོགས་ཀྱི་ཁྲག་རྩའི་ནང་དུ་སོང་ནས་རྣམ་རིག་མི་གསལ་བ་དང་བརྗེད་ལྐུགས་ཆེ་བ་སོགས་ཀྱི་གནོད་འཚེ་མང་པོ་བཟོ་བཞིན་ཡོད་པ་ནི་དཔེར་ན་རླངས་འཁོར་ནང་དུ་སྣུམ་ངན་པ་ཞིག་བླུགས་ན་ཅུང་ཟད་སོང་ཚེ་རླུངས་འཁོར་གྱི་རྒྱབ་ནས་དུ་བ་འཕྱུར་ཏེ་འགྲོ་མི་ནུས་པ་ལྟ་བུ་ཡིན། རང་ལ་མཚོན་ན་སྤྱིར་སྔོན་ཆད་མི་ཀླད་དྭངས་ཤིག་ཡིན་ཟེར་དགོས་ན་ངོ་ཚའི་རྒྱུ་ལས་མེད་ཀྱང་དེང་སང་གི་འདི་འདྲའི་བརྗེད་ལྐུགས་ཆེ་བ་དང་སེམས་མི་དྭངས་བ་ཞིག་གཏན་ནས་མིན། འོན་ཀྱང་སྔ་རྗེས་དུ་མར་གནམ་ཁབ་མང་པོ་རྒྱབ་པའི་རྐྱེན་གྱིས་འཕྲལ་དང་འཕྲལ་དུ་ཕན་པ་ཅུང་ཟད་རེ་བྱུང་བ་ཙམ་ལས་ཡུན་གྱིས་ཕྱིའི་ལུས་ཁམས་སྤྱི་ལ་གནོད་པར་མ་ཟད་ནང་སེམས་ཁམས་ལ་ཡང་བརྗེད་ལྐུགས་ཆེ་བ་དང་རིག་པ་མི་དྭངས་པར་གྱུར་པ་སོགས་ཀྱི་གནོད་པ་དུ་མ་བྱུང་བ་ཉམས་མྱོང་གིས་གྲུབ་པ་ཡིན་པས་རང་རེ་སེར་སྐྱ་ན་གཞོན་ཀུན་ཀྱིས་སྡུག་ནག་པོ་རེ་ཐུག་ན་མ་གཏོགས་གནམ་ཁབ་མི་རྒྱག་རྒྱུ་མ་འཕྱུག ཁྱད་པར་ན་གཞོན་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་གནམ་ཁབ་རྒྱག་མི་རུང་ངེས་ཅན་རེད། ནད་པ་དག་གིས་བོད་སྨན་རེ་རྒྱུན་པར་བསྟེན་ན་ཕན་ཐོགས་ཆེ་བའང་ཉམས་མྱོང་གིས་ཤེས་རྟོགས་བྱུང་བ་ཡིན། ཚུལ་འདི་ནི་རང་རིགས་ཀྱི་གཞོན་སྐྱེས་རྣམས་རང་འདྲར་རྣམ་དཔྱོད་མི་དྭངས་བ་དང་བརྗེད་ལྐུགས་ཆེ་བ་སོགས་སུ་མི་འགྱུར་བ་ལ་ཅུང་ཟད་ཕན་དུ་རེ་བས་བྲིས་པ་ཡིན་པས་བརྒྱུད་སྐུར་བྱེད་པར་ཞུ་ཞུ།   མཚོ་བྱུང་དགྱེས་པའི་ལང་ཚོ་ནས།
·གསར་འགྱུར་གོང་མ:བོད་རིགས་ཀྱི་ཚོང་ལས་གནས་བབས།
·གསར་འགྱུར་འོག་མ:ནུབ་ལ་དྭགས་ཀྱི་ལོ་རྒྱུས་དང་མཐོང་ཐོས་ངོ་སྤྲོད་དཔྱོད་ལྡན་མགུ་བའི་གཏམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·མི་རྒས་སླ་བའི་དོན་རྐྱེན་འདི་རེད། 2014/9/4 19:19:22
·ཉི་མ་རེ་ལ་ཀུ་ཤུ་རེ། 2014/5/25 20:00:39
·ཆུའི་གསོ་བཅོས་ཀྱི་ཁེ་ཕན། 2014/5/11 22:11:00
·བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་ 2014/5/11 22:07:04
·དེང་རབས་བཟའ་བཏུང་འཕྲོད་བསྟེན་ཆ་ཚང་། 2012/10/1 10:09:18
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:38:35 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:26:10 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:29:26 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 83 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.05MS