ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པར་སྐྲུན་འགྲེམ་སྤེལ་བྱས་པ།

[རྩོམ་པ་པོ:བོད་རིག་པ་དཔེ་སྐྲུན་ཁང་  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2014/6/20 16:40:20  བཀླགས་ཐེངས:1209][ཡིག་གཟུགས:ཡིག་གཟུགས་མདོག]
རྗེ་ཡབ་སྲས་གསུམ་གྱི་གསུང་འབུམཔར་སྐྲུན་འགྲེམ་སྤེལ་བྱས་པ།

《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ》།

རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམདངརྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམམཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམབཅས་ནི་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་གངས་ཅན་ཁྱད་ནོར་དཔེ་ཚོགས་ཞེས་པའི་ཁག་ཅིག་ཡིན་ཞིང་། དེ་ལསརྗེ་ཙོང་ཁ་བའི་གསུང་འབུམདངརྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམགཉིས་ནི་སོ་སོར2012 ལོ་དང 2013 ལོར་པར་བསྐྲུན་འགྲེམ་སྤེལ་བྱས་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམནི་ད་ལོའི་ཟླ་ལྔ་བར་ཐོག་དང་པོར་པར་བསྐྲུན་གནང་།

《རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ》།

སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་གངས་ ཅན་ཁྱད་ནོར་དཔེ་ཚོགས་ཞེས་པ་ལསརྗེ་ཡབ་སྲས་གསུམ་གྱི་གསུང་འབུམའདི་ལ་དེ་སྔ་ གསེར་དངུལ་སོགས་རིན་པོ་ཆེའི་བྲིས་དང་། ཡིག་མཁན་དང་ཡིག་གཟུགས་མི་འདྲ་བའི་བྲིས་སྣ་ཚོགས། པར་དུ་བརྐོས་པ་ལའང་པར་རྩ་མི་འདྲ་བ་བཅུ་ཙམ་བཞུགས་པའི་ནང་། འདིར་དུས་རབས19 པའི་ནང་ཞོལ་གངས་ཅན་ཕན་བདེ་གཏེར་མཛོད་གླིང་དུ་བརྐོས་པའི་ཞོལ་པར་མ་ཕྱིར་བཟུང་ནས། དགའ་ལྡན་ཕུན་ཚོགས་གླིང་གི་པར་མ་དང་། བཀྲ་ཤིས་ལྷུན་པོའི་པར་རྙིང་སོགས་ཀྱིས་དཔྱད་གཞི་བྱས་ཏེ། དུས་རབས18 པའི་ནང་སྐུ་འབུམ་བྱམས་པ་གླིང་དུ་པར་བཏབ་པའི་སྐུ་འབུམ་པར་མ་ལ་ཞིབ་ ཏུ་དཔེ་བསྡུར་ཞུས་ཤིང་། མཚན་བྱང་དང་ས་བཅད། དཀར་ཆག་སྒྲིག་སྟངས་སོགས་མ་དཔེ་ཇི་བཞིན་བྱས་ཐོག ཚིག་དོན་མི་མཐུན་པ་བྱུང་རིགས་ཟུར་དུ་བསྡུར་མཆན་བཀོད་པ་དང་།  དཀའ་གནད་རིགས་མཁས་དབང་དག་ལ་བཀའ་འདྲི་ཞུས་ཏེ་བཀའ་ཕེབས་བཞིན་གོ་སྒྲིག་ཞུས་ནས་གཏན་ལ་ཕབ།

《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ》།

ཡང་དཔེ་བསྡུར་ཞུས་དག་གི་རིམ་པ་ལའང་ཐོག་མའི་ཞུས་དག་དང་བསྐྱར་ཞུས། ཡང་ཞུས། ཞུས་ཆེན་སོགས་རིམ་པ་དྲུག་ལྷག་བརྒྱུད་ཡོད་པ་དང་། དེབ་ཚད་དང་ཡིག་གཟུགས་ཆེ་ཆུང་། ཚེག་བར་ཐིག་ཕྲེང་དང་བཅས་པ་ལོ་བགྲེས་གཞོན་ཀུན་གྱིས་སྐྱོར་ཀློག་གཟིགས་ཞིབ་ཅི་ བདེ་དང་། ཤོག་བུ་རྒྱབ་ཤ་སོགས་རྒྱུ་གཙང་སྤུས་གཙང་གང་བཟང་གང་ལེགས་ཀྱིས་བྱས་པ་མ་ཟད་རིན་ གོང་ཡང་གང་འཚམས་སུ་བཅད་ཡོད། སླད་ཆར་གསུང་རབ་གསེར་ནག་གི་ཐིགས་པ་ལ་ལྷད་ཀྱི་དྲི་ཙམ་ཡང་མི་རུང་ཕྱིར་རྣམ་ དཔྱོད་ཅན་དག་གིས་ད་རུང་ཞིབ་དཔྱད་ཆུ་ཐུབ་དང་དགོངས་འཆར་སྩོལ་རོགས་ཞུ།

·གསར་འགྱུར་གོང་མ:གངས་རིན་པོ་ཆེའི་རྟ་ལོ་གནས་སྐོར།
·གསར་འགྱུར་འོག་མ:གདམས་ངག་གཟི་ཕྲེང་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ། 2011/10/6 11:50:53
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:33:29 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:06:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:33:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS