ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

གངས་རིན་པོ་ཆེའི་རྟ་ལོ་གནས་སྐོར།

[རྩོམ་པ་པོ:གསར་  ཡོང་ཁུངས:དྲ་  དུས་ཚོད:2014/6/20 16:29:52  བཀླགས་ཐེངས:1413][ཡིག་གཟུགས:ཡིག་གཟུགས་མདོག]
གངས་རིན་པོ་ཆེའི་རྟ་ལོ་གནས་སྐོར།

འཛམ་གླིང་གི་ཡུལ་སྐོར་བྱེད་གནས་རྩེ་གྲ་ཞིག་ཡིན་པའི་ཆ་ནས། མངའ་རིས་ཀྱི་གནས་རི་དང་ལྷ་མཚོ་མཛེས་ལྗོངས་ཁུལ་གྱིས་ལོ་རེར་ཡུལ་སྐོར་བ་འབོར་ཆེན་གནས་འདིར་འདྲེན་བཞིན་ཡོད་པ་ལས། མཇལ་སྐོར་དང་གནས་སྐོར་ལ་ཡོང་མཁན་ཡང་བགྲང་གིས་མི་ལངས། བོད་ལུགས་ཀྱི་ལོ་ངོ་བཅུ་གཉིས་རིང་ཐེངས་གཅིག་འཕྲད་པའི་རྟ་ལོ་ནི་ཆོས་ཀྱི་ལོ་ཆེན་ཞིག་ཡིན། བཤད་རྒྱུན་ལ་བོན་བན་འགལ་འདུ་ཛ་དྲག་ཆེ་བའི་དུས་སུ། རྗེ་བཙུན་མི་ལ་རས་པ་དང་ནཱ་རོ་བོན་ཆུང་གཉིས་ཀྱིས་གངས་རིན་པོ་ཆེའི་རྩེར་རྫུ་འཕྲུལ་འགྲན་པའི་ཤུལ་རྗེས་ལ་ད་དུང་མཇལ་རྒྱུ་ཡོད་པ་དང་། བདག་ཅག་གི་སྟོན་པའི་ འཁྲུངས་ལོ་རྟ་ཡིན་པ་དང་། གངས་རིན་པོ་ཆེར་གནས་སྐོར་དུ་འགྲོ་བའི་ལོ་ཡང་རྟ་ལོ་ཡིན་པས།  འཁྲུངས་ལོ་དེར་གནས་རིར་མཇལ་སྐོར་ཕེབས་པའི་སྲོལ་ཆགས། རྟ་ལོར་གངས་བསྐོར་ལན་གཅིག་བརྒྱབ་ན་ལོ་གཞན་དག་ཏུ་སྐོར་བ༡༣བརྒྱབ་པ་ལྟ་བུའི་ཕན་ཡོན་རྒྱ་ཆེ་བ་རེད།    གངས་རིན་པོ་ཆེ་ལ་སྐོར་བ་ལན་གཅིག་བརྒྱབ་ན་ཚེ་འདིའི་བསགས་པའི་ཉེས་ལྟུང་དང་སྡིག་སྒྲིབ་མ་ལུས་སེལ་ཐུབ་པ་དང་། གལ་ཏེ་སྐོར་བ་ལན་བཅུ་རྒྱག་ཐུབ་ཚེ་སྐྱེ་བ་ལྔ་བརྒྱའི་བར་ལ་དམྱལ་བར་མི་སྐྱེས།  སྐོར་བ༡༠༨བརྒྱབ་ཚེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཅེས་པའི་བཤད་སྲོལ་ཡོད།  ལྷག་པར་དུ་རྟ་ལོར་གནས་རིར་སྐོར་བ་ལན་གཅིག་བརྒྱབ་ན་དུས་རྒྱུན་གྱི་སྐོར་བ་༡༣བརྒྱབ་པ་དང་གཅིག་འདྲ་ཡིན་པས།  དེ་ལ་ལྡབ་འགྱུར་བཅུ་གཉིས་ཀྱི་ཕན་ཡོན་ལྡན་ཟེར།
འདི་ནི་སྤྱིར་བཏང་མ་ཡིན་པའི་སེམས་ཤུགས་ཤིག་སྟེ་མི་འགྱུར་རྡོ་རྗེ་ལྟ་བུའི་བློ་རྩ་བརྟན་པོ་ཞིག་ཡིན་ལ། དག་སྣང་གི་དད་སེམས་བརྟན་པོ་ཞིག་སྦྲུམ་ནས་ལུས་ཀྱིས་གོམ་ཚད་འཇལ་ཞིང་སྐོར་བ་རྒྱག་པའི་ལམ་ཞིག་ཡིན།
བོད་རྟ་ལོའི་དབྱར་དུས་ལ་སླེབས་ཐེངས་རེར། གངས་རིན་པོ་ཆེའི་སྐོར་ལམ་དུ་དད་ལྡན་མང་ཚོགས་ཧ་ཅང་མང་། ད་ལོར་འབྲེལ་ཡོད་ལས་ཁུངས་ཀྱིས་དཔྱད་དཔག་བྱས་པ་ལྟར་ན། རྒྱལ་ཕྱིའི་དད་ལྡན་ཁོ་ནའི་མི་གྲངས་དེ་༢༠༡༢ལོ་དང་༢༠༡༣ལོར་གཞུང་ཕྱོགས་ཀྱིས་སྡོམ་རྩིས་བྱས་པའི་མི་གྲངས་ཁྲི༥ནས་༦གི་ཚད་གཞི་ལས་བརྒལ་ཡོད་པ་དང་། གཞན་བོད་ལྗོངས་དང་བོད་ཁུལ་གྱི་དད་ལྡན་མང་ཚོགས། དེ་མིན་ཡུལ་སྐོར་དུ་ཕེབས་པའི་ནང་ལོགས་ཀྱི་ཡུལ་སྐོར་བ་བཅས་ཀྱི་མི་གྲངས་ཀྱང་རིམ་བཞིན་ཇེ་མང་དུ་འགྲོ་ངེས།
ས་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་གནད་དོན་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་ངང་ཐག་གཅོད་བྱེད་ཆེད།  མངའ་རིས་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ཉིན་ཤས་གོང་དངོས་སུ་ལག་བསྟར་བྱེད་འགོ་འཚུགས་པ་དང༌།   ཁོར་ཡུག་སྲུང་སྐྱོབ་ལས་གཞི་ཆེ་གྲས་ཀྱི་ལུས་སྦྱོང་བྱེད་སྒོ་ཞིག་གི་ངོས་ནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་ཡུལ་སྐོར་ཁེ་ལས་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་ས་ཁུལ་དེར་ཡུན་རིང་གནས་པའི་ཀུ་ཤུ་ཐེབས་རྩ་ལྷན་ཚོགས་དང་མཐུན་སྦྱོར་བྱས་ཏེ།  དེ་སྔ་ཡོད་པའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་མཚོན་རྟགས་ཀྱི་བྱེད་སྒོ་ཆེ་གྲས་རི་སྐོར་འགྲན་བསྡུར་གྱི་བག་ཆགས་ལ་རྟེན་ནས་མཉམ་ལས་བྱས་ཏེ།   སྤྱི་ལོ ༢༠༡༢ ལོའི་གངས་རིན་པོ་ཆེའི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་དང་རི་སྐོར་འགྲན་བསྡུར་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད།
བྱེད་སྒོའི་ནང་ཞུགས་མཁན་དང་བླངས་པས་རི་སྐོར་ལམ་བརྒྱུད་ཀྱི་གད་སྙིགས་སྒྱེ་མོ ༧༩ སྒྲུག་པ་དང་།  ས་མཐོའི་ལ་དུག་སོགས་ལུས་པོར་མི་འཕྲོད་པ་དང་སེར་བ་སོགས་གནམ་གཤིས་ཞན་པོ་ཁྱད་བསད་བྱས་ཏེ་འགྲན་བསྡུར་བདེ་བླགས་ངང་ལེགས་གྲུབ་བྱུང་བ་རེད།
མངའ་རིས་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ནི་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་སྤེལ་བའི་གཞི་ཁྱོན་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ཞིག་ཡིན་པ་དང་།  ཁོར་ཡུག་སྲུང་སྐྱོབ་ལས་གཞི་དེས་ལོ་མང་རིང་གངས་རིན་པོ་ཆེའི་རི་སྐོར་ལམ་བརྒྱུད་ཀྱི་གད་སྙིགས་ཀྲོན་བརྒྱ་ཙམ་གཙང་སེལ་བྱེད་རྒྱུ་དང་ལམ་ཐིག་ཡོངས་ཀྱི་སྤྱི་ལེ ༥༢ ཀྱི་ཁྱབ་ཁོངས་ནང་གད་སྙིགས་བསྡུ་རུབ་བྱེད་གནས ༢༠༠ ལྷག་ཙམ་ཚུད་པའི་གད་སྙིགས་བསྡུ་རུབ་མ་ལག་ཆ་ཚང་ཞིག་འཛུགས་རྒྱུ་ཡིན་པའི་ནང་གད་སྙིགས་དབོར་སྐྱེལ་རླངས་འཁོར་ཉོ་བ་དང་།  ཁོར་ཡུག་སྲུང་སྐྱོབ་ལས་དོན་པ་བཀོད་སྒྲིག་བྱེད་རྒྱུ་སོགས་ཚུད་ཡོད་པ་དང༌།  ཁོར་ཡུག་སྲུང་སྐྱོབ་ལས་གཞིས་ད་དུང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་བཀོད་སྒྲིག་ལྟར་གྲཌ་ཅན་གྱི་འཆར་བཀོད་ཇུས་འདིངས་ལས་ཁུངས་གདན་ཞུ་བྱས་ནས་དོན་གཉེར་ཁང་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱས་ཏེ་ཐུན་མོང་ཐོག་དར་ཆེན་གྲོང་སྡེར་སླར་ཡང་འཆར་འགོད་བྱེད་པ་དང༌།   འཆར་འགོད་ཀྱི་གཙོ་གནད་ནི་ཁོར་ཡུག་སྲུང་སྐྱོབ་དང་གད་སྙིགས་གཙང་སེལ།   བཙོག་ཆུ་གཙང་བཤངས་མ་ལག་ཐག་གཅོད་བྱེད་རྒྱུའི་ཇུས་གཞི་དང་སྡེ་ཁུལ་གོང་འཕེལ་སོགས་ཡིན་པས།  ཁྱབ་ཁོངས་ཆེ་བའི་ཐོག་ནས་གངས་རིན་པོ་ཆེའི་ཁོར་ཡུག་སྲུང་སྐྱོབ་གནད་དོན་ཐག་གཅོད་བྱེད་རྒྱུར་འཆར་འགོད་ཀྱི་འགན་སྲུང་མཁོ་འདོན་བྱེད་རྒྱུ་རེད།
ཤེས་རྟོགས་བྱས་པར་གཞིགས་ན།  སྤུ་ཧྲེང་རྫོང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་ནང་འཇུག་རྒྱུའི་གོང་ཞུ་བྱེད་བཞིན་ཡོད་པ་དང་།  སྔོན་དཔགས་བྱས་ན་ཆེད་སྤྱོད་མ་དངུལ་སྒོར་ཁྲི་ཚོ ༧༠༠ ལྷག་ཙམ་གོང་ཞུ་ཐུབ་རྒྱུ་ཡིན་པ་དེ་དག་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་ཁོར་ཡུག་སྲུང་སྐྱོབ་ཐད་སྤྱོད་རྒྱུ་ཡིན་པ་རེད།།
༄༅༎ སྔར་གྱི་སྲོལ་རྒྱུན་གཞིར་བཟུང་བོད་ནང་གི་སྟོད་གངས་རིན་པོ་ཆེ་དང་མཚོ་མ་ཕམ་བཅས་སུ་རྒྱ་གར་གྱི་ཧིན་རྡུ་ཚོའི་གནས་མཇལ་རུ་ཁག་དང་པོ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཀནཏ་བརྒྱུད་བོད་དུ་ཐོན་ཚར་ཡོད་པ་རེད། རུ་ཁག་དང་པོ་དེའི་ནང་གནས་མཇལ་བ་མི་གྲངས་༥༠ཡོད་པ་རེད། གནས་མཇལ་གོ་སྒྲིག་གནང་མཁན་ཚོས་ན་ནིང་ལོ་དང་མི་འདྲ་བར་ད་ལོ་གནས་མཇལ་བ་ཚོའི་ཆེད་དུ་འཐུང་ཆུ་དང་རྒྱ་གར་གྱི་མངའ་སྡེ་འདྲ་མིན་གྱི་མི་མང་ཚོའི་རྣམ་ཀུན་ལོངས་སུ་སྤྱོད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟས་སྣའི་རིགས་དང་། སྡོད་གུར་དང་ཉལ་ཁྲི་སོགས་ཀྱི་མཐུན་རྐྱེན་གྱ་ནོམ་པ་གོ་སྒྲིག་བྱས་ཡོད་པ་རེད།
དེ་ཡང་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཀནཏ་གྱི་ཁྱབ་ཁོངས་ཀུ་མའོན་ཟེར་བའི་འཛུགས་བསྐྲུན་ལས་ཁུངས་ཀྱི་འགན་འཛིན་སུའུ་རིན་རྡར་སིང་ཇི་ན་ཞུ་བས་ཨེ་ཨེན་ཨའེ་ཞེས་པའི་རྒྱ་གར་གྱི་གསར་ལས་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། གནས་བསྐོར་བ་ཚོར་དཀའ་ངལ་མི་མྱོང་རྒྱུའི་ཆེད་དུ་སྟ་གོན་གང་ལེགས་བྱས་ཡོད་པ་རེད། འོན་ཀྱང་གནས་བསྐོར་ལ་འགྲོ་སའི་ལམ་ཁ་དེ་དག་ས་ཡོམ་དང་དབྱར་ཀའི་དུས་སུ་ས་རུད་རྒྱབ་པའི་ཉེན་ཁའི་རང་བཞིན་ཅན་ཞིག་ཡིན་པ་རེད། དཔེར་ན་༡༩༩༨ལོར་གར་ལྦལ་ཞེས་པའི་རྒྱ་གར་གྱི་ས་ཁུལ་ནང་ས་རུད་རྒྱབ་སྟེ་རྒྱ་གར་གྱི་ཧིན་རྡུའི་གནས་བསྐོར་བ་༣༠༠ཙམ་རྐྱེན་ལམ་དུ་སོང་ཡོད་པ་རེད། རྦ་རཏ་པ་ཐཀ་ཞུ་བའི་གནས་བསྐོར་བ་དེ་ཡིས་བརྗོད་དོན་ལྟར་ན། གངས་རིན་པོ་ཆེ་དང་མཚོ་མ་ཕམ་སོགས་སུ་གནས་བསྐོར་ལ་འགྲོ་བའི་དམིགས་ཡུལ་ནི་འཁོར་བའི་སྡུག་བསྔལ་ལས་ཐར་བའི་དོན་དུ་ཡིན་ཟེར།
·གསར་འགྱུར་གོང་མ:སྐབས་དང་པོའི་བོད་ཀྱི་གླུ་གཞས་ཆེད་མཁས་གྲོས་ཚོགས་ཟི་ལིང་དུ་བསྡུ་རྒྱུ་རེད།
·གསར་འགྱུར་འོག་མ:རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པར་སྐྲུན་འགྲེམ་སྤེལ་བྱས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 13:16:42 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:11:03 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 2:02:08 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.95MS