སྒྲུང་མཁན་ཚེ་རིང་དབང་འདུས་སྐུ་གཤེགས་པར་མྱ་ངན་ཞུ།
མཚོ་ནུབ་ཁུལ་གདང་ལ་ཡུལ་ཤོག་ནས་སྐུ་འཁྲུངས་པའི་ཉེ་རབས་བོད་ཀྱི་གླིང་སྒྲུང་པ་གྲགས་ཆེན་སྒྲེས་པོ་ཚེ་རིང་དབང་འདུས་མཆོག་ཁ་སང་སྟེ། ཉེ་ལམ་སྐུ་མྱ་ངན་འདས་ཚུལ་ཐོས་པས་སེམས་གཏིང་ནས་མྱ་ངན་ཞུ། འདི་ནི་བོད་ཀྱི་ངག་ཐོག་སྒྱུ་རྩལ་གྱི་བུམ་བཟང་ཞིག་ཆགས་སོང་བ་ཡིན་པས་ཅི་འདྲའི་ཡིད་སྐྱོ་བ་ལ། ང་ཚོས་དཔའ་མཛངས་ལྡན་པའི་མེས་པོ་གླིང་རྗེ་སྐྱེས་བུའི་མཛད་པ་རྣམ་ཐར་ལ་མཛད་རྗེས་ཆེ་བའི་སྒྲུང་ཆེན་ཁོང་གི་ཐུགས་དགོངས་རྫོགས་པའི་ཕྱིར་རྣམ་དཀར་གྱི་ལུས་ལ་ཇི་ནུས་སུ་འབད་པ་དང་། ལྷག་པར་གླིང་རྗེ་གེ་སར་གྱི་རྣམ་ཐར་གྱི་རང་རྐང་མི་འཆོར་རྒྱུར་འབད་པ་གལ་ཆེ།
སྒྲུང་མཁན་གཤེགས་པ་ཁོང་གི་མི་ཤིགས་དགོངས་ཀློང་ལས་བྱུང་བའི་ཕྱི་རབས་པའི་གསོས་སུ་བཞག་པའི་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོའི་རྣམ་སྒྲུང་སྐོར་ལ།《ཨ་སྟག་ཤ་རྫོང་》དང་། 《ཐོག་གླིང་གཡུལ་འགྱེད།》《ཕྱི་གླིང་གཡུལ་འགྱེད།》《གནམ་ཐེའུ་གཏེར་རྫོང་》《བཀྲ་ཤིང་སྨོན་ལམ་ལྔ།》《མེ་མོ་ཤེལ་རྫོང་།》《དུང་དཀར་སྟག་རྫོང་།》《མུ་མེན་མཆོང་རྫོང་།》《སྒ་སྡེ་ཤེས་རབ་ཁྲོ་རྫོང་།》བཅས་ཡིན་པ་དང་། ད་དུང་ཞིབ་འཇུག་པས་བྲིས་པ་ལྟར་ན། ཁོང་གིས་ཐུགས་ཐོག་ནས་གང་བབ་འཆར་ཡན་དུ་གསུང་ཐུབ་པའི་སྒྲུང་སྐོར་གྱི་ཁ་བྱང་གཤམ་གསལ་ལྟར།
༡.《ལྷ་གླིང་གབ་ཙེ་དགུ་སྐོར།》༢.《འགོག་གླིང་གཡུལ་འགྱེད།》༣.《རྟ་རྒྱུགས་རྒྱལ་འཇོག》༤.《ཨ་སྟག་ལྷ་མོ།》༥.《བདུད་འདུལ།》༦.《ཧོར་གླིང་གཡུལ་འགྱེད།》༧.《འཇང་གླིང་གཡུལ་འགྱེད།》༨.《མོན་གླིང་གཡུལ་འགྱེད།》༩.《ཤན་འདན་ནང་འཁྲུགས།》༡༠.《སྟག་གཟིག་ནོར་འགྱེད།》༡༡.《རྟ་དམར་ནོར་རྫོང་།》༡༢.《སོག་སྟོད་རྟ་རྫོང་།》༡༣.《ཕྱི་སོག་རྟ་རྫོང་།》༡༤.《བྱེ་རིའི་བྱུར་རྫོང་།》༡༥.《རྒྱ་ནག་ཇ་རྫོང་།》༡༦.《རྒྱ་ནག་ཁྲིམས་རྫོང་།》༡༧.《རྒྱ་ནག་མཛོ་རྫོང་།》༡༨.《ཚ་བའི་མདའ་རྫོང་།》༡༩.《འདན་མ་མདའ་རྫོང་།》༢༠.《སྒ་སྡེ་ཁྲོ་རྫོང་།》༢༡.《རྒྱ་ཚ་ཤེལ་རྫོང་།》༢༢.《བལ་པོའི་ལུག་རྫོང་།》༢༣.《ཁྲུང་ཆེན་སྒྲོ་རྫོང་།》༢༤.《མེ་གླིང་གཡུལ་འགྱེད།》༢༥.《གླང་རུ།》༢༦.《གི་གུ་ཁྱི་རྫོང་།》༢༧.《ཨ་བསེ་ར་རྫོང་།》༢༨.《ཨོ་ལོའི་གཏེར་རྫོང་།》༢༩.《གྲུ་གུ་གོ་རྫོང་།》༣༠.《གྲུ་གུ་མུ་ཏིག་རྫོང་།》༣༡.《ཨ་གྲགས་གཟི་རྫོང་།》༣༢.《གནམ་ཐེའུ་གཏེར་རྫོང་།》༣༣.《ཞང་ཞུང་མུ་ཏིག་རྫོང་།》༣༤.《སྨུག་གུ་དྲེལ་རྫོང་།》༣༥.《རོང་པའི་འབྲས་རྫོང་།》༣༦.《མི་ནུབ་དར་རྫོང་།》༣༧.《ཐོག་གླིང་གཡུལ་འགྱེད།》༣༨.《ཁྲོ་ཐུང་ཟངས་རྫོང་།》༣༩.《གུང་པའི་གཟི་རྫོང་།》༤༠.《ལི་ཁྲི་རྟ་རྫོང་།》༤༡.《སྲིན་པོའི་ཤ་རྫོང་།》༤༢.《ཕྱི་གླིང་གཡུལ་འགྱེད།》༤༣.《མེ་རི་ཐོག་རྫོང་།》༤༤.《སོ་རོའི་འཕུར་རྫས་རྫོང་།》༤༥.《ཕྱི་གླིང་ཞགས་རྫོང་།》༤༦.《ཉི་འབུམ་གསེར་རྫོང་།》༤༧.《སེང་སྟག་གྲི་རྫོང་།》༤༨.《རྟ་ཁྲི་ཁྲབ་རྫོང་།》༤༩.《གཡུ་ཐོག་གཏེར་རྫོང་།》༥༠.《ཁྱུང་ཁྲིའི་འབྲི་རྫོང་།》༥༡.《གེ་སར་ཆོས་རྫོང་།》༥༢.《འཇང་ཕྲུག་ཐོག་རྫོང་།》༥༣.《ཙ་རི་སྨན་རྫོང་།》༥༤.《གངས་རི་ཆོས་རྫོང་།》༥༥.《དར་འཕེན་ཁྲབ་རྫོང་།》༥༦.《རྒྱ་ཚའི་གོ་རྫོང་།》༥༧.《མེ་གཡང་དྲག་ཆས་རྫོང་།》༥༨.《རྒྱ་གར་སྨན་རྫོང་།》༥༩.《དགྲ་ལྷ་ཁྲབ་རྫོང་།》༦༠.《འདན་མའི་ནས་རྫོང་།》༦༡.《འཇང་གི་མཐིང་རྫོང་།》༦༢.《ཁྱུང་ཆེན་གཟི་རྫོང་།》༦༣.《མི་ཉག་གོ་རྫོང་།》༦༤.《མི་ཉག་རྟ་རྫོང་།》༦༥.《ཟི་ལིང་དངུལ་རྫོང་།》༦༦.《ཚ་དམར་ཙན་དན་རྫོང་།》༦༧.《གངས་རིའི་ཆུ་རྫོང་།》༦༨.《ཤར་ཁྲི་ནག་པོའི་ཇ་རྫོང་།》༦༩.《ཁྲོ་ཐུང་ལྕགས་རྫོང་།》༧༠.《རོང་ཚའི་གོ་རྫོང་།》༧༡.《སྟག་གཟིག་ནོར་རྫོང་།》༧༢.《ཐོག་རིའི་མེ་རྫོང་།》༧༣.《ལྷོ་རི་རྒྱལ་པོའི་ཁྲབ་རྫོང་།》༧༤.《སེང་ཁྲི་སྟག་རྫོང་།》༧༥.《ནེ་ལོ་མུ་ཏིག་རྫོང་།》༧༦.《མེ་འབར་སྟག་རྫོང་།》༧༧.《སྟག་སེར་གྲོ་རྫོང་།》༧༨.《འབུམ་ཕྲུག་ཆང་རྫོང་།》༧༩.《ཕྱི་ལོའི་དྲེལ་རྫོང་།》༨༠.《ཨ་བསེ་འབྲི་རྫོང་།》༨༡.《རྒྱ་ཁྲིའི་མདའ་རྫོང་།》༨༢.《གངས་རི་དར་རྫོང་།》༨༣.《རྒྱ་གར་མུ་ཏིག་རྫོང་།》༨༤.《སྒ་སྡེ་ཤེས་རབ་རྫོང་།》༨༥.《སེང་སྟག་ཤེས་རབ་རྫོང་།》༨༦.《གུང་པའི་ཁྱུང་རྫོང་།》༨༧.《ཨ་སྟག་ཤ་རྫོང་།》༨༨.《རི་ནུབ།》༨༩.《མེ་ཁྲི་སྲིན་པོའི་ཞགས་རྫོང་།》༩༠.《བྱང་སྲིན་མོའི་གཡུ་རྫོང་།》༩༡.《འཛམ་གླིང་གཏེར་བརྒྱད་བགོ་བཤའི་སྐོར།》༩༢.《བལ་པོའི་ཀླུ་རྫོང་།》༩༣.《སྟག་རིའི་དུང་དཀར་རྫོང་།》༩༤.《ཧ་རིའི་གསེར་རྫོང་།》༩༥.《བྷེ་ཧ་རའི་ལུག་རྫོང་།》༩༦.《ཁྱུང་ཆེན་གསེར་རྫོང་།》༩༧.《རྒྱ་ཚའི་དངུལ་རྫོང་།》༩༨.《རོང་ཚའི་ཇ་རྫོང་།》༩༩.《བོང་བུ་ཙན་དན་རྫོང་།》༡༠༠.《ནེ་ལོའི་ཁྲབ་རྫོང་།》༡༠༡.《མི་ཉག་ཆོས་རྫོང་།》༡༠༢.《རྒྱ་གར་གསེར་བུམ་རྫོང་།》༡༠༣.《གཡུ་འབྲུག་ནས་རྫོང་།》༡༠༤.《ཞང་ཞུང་སྨན་རྫོང་།》༡༠༥.《བལ་པོའི་འབྲས་རྫོང་།》༡༠༦.《ཙ་རིའི་སྨྱུག་རྫོང་།》༡༠༧.《བསེ་ཁ་སེར་ར་རྫོང་།》༡༠༨.《སོག་ཧ་རའི་རྟ་རྫོང་།》༡༠༩.《རྟ་དམར་ཤེལ་རྫོང་།》༡༡༠.《སྒ་སྟོད་གསེར་རྫོང་།》༡༡༡.《པོ་རུའི་གཟི་རྫོང་།》༡༡༢.《སྨར་ཁམས་བྱུར་རྫོང་།》༡༡༣.《སྡེ་དགེ་ཆོས་རྫོང་།》༡༡༤.《རྒྱ་ཚའི་གྲི་རྫོང་།》༡༡༤.《མེ་མོ་ཤེལ་རྫོང་།》༡༡༦.《རྒྱ་སྲིན་མོ་རོ་འདུས་རྫོང་།》༡༡༧.《སྤྱི་དཔོན་ཤེལ་རྫོང་།》༡༡༨.《སྟག་མོ་གསེར་རྫོང་།》༡༡༩.《བཀྲ་ཤིས་སྨོན་ལམ་ལྔ།》༡༢༠.《ཁམས་གསུམ་བདེ་ལ་བཀོད་པ་》བཅས་ཡིན་འདུག་གོ ། གཞན་ལས་བཤུས།
རྩོམ་ཁུངས་གླིང་གེ་སར་རིག་གནས་དྲ་བ།