བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་སི་རི་ཡཱའི་གནད་དོན་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲོད་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་མ་བྱུང་།
ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་སི་རི་ཡཱའི་གནད་དོན་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲོད་པའི་གྲོས་ཆོད་འཆར་ཟིན་ལ་འདེམ་ཤོག་འཕང་བ་དང་། ཨུ་རུ་སི་དང་ཀྲུང་གོས་ཡིད་འཐད་མིན་པའི་འདེམ་ཤོག་འཕང་བའི་རྐྱེན་གྱིས་འཆར་ཟིན་དེར་གྲོས་འཆམ་མ་བྱུང་།
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་སི་རི་ཡཱའི་གནད་དོན་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲོད་པའི་གྲོས་ཆོད་འཆར་ཟིན་ལ་འདེམ་ཤོག་འཕང་བ་དང་། ཨུ་རུ་སི་དང་ཀྲུང་གོས་ཡིད་འཐད་མིན་པའི་འདེམ་ཤོག་འཕང་བའི་རྐྱེན་གྱིས་འཆར་ཟིན་དེར་གྲོས་འཆམ་མ་བྱུང་།
ཉིན་དེའི་འདེམ་ཤོག་འཕང་བའི་མཇུག་འབྲས་ནི་འདེམ་ཤོག་བཅུ་གསུམ་འཐད་པ་བྱུང་བ་དང་། འདེམ་ཤོག་གཉིས་ཡིད་འཐད་མ་བྱུང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་རྩོམ་འབྲི་བྱས་པའི་གྲོས་ཆོད་འཆར་ཟིན་དེ་ལས་སི་རི་ཡཱའི་དབང་འཛིན་ལས་ཁུངས་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་འགྲོ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བ་དང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། སི་རི་ཡཱ་རྒྱལ་ཁབ་ནས་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་འཁྲུག་རྩོད་བྱུང་རྗེས་ཀྱི་གནས་ཚུལ་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲད་དེ་ཐག་གཅོད་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན་ཡོད།
རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་གཏན་འཁེལ་ལྟར་ན། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་ཐོབ་ན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་འབྲེལ་ཡོད་འཐབ་འཁྲུག་ནག་ཉེས་ལ་རྟོག་ཞིབ་དང་། ཞུ་གཏུག ཐག་གཅོད་བཅས་བྱེད་པའི་དབང་ཆ་ཡོད་པ་རེད།
དེ་ནི་སི་རི་ཡཱའི་ནང་འཁྲུག་བྱུང་རྗེས། སི་རི་ཡཱའི་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་ཐེངས་བཞི་བར་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་འཆམ་མ་བྱུང་བ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཉུང་མཐར་ཡང་འདེམ་ཤོག་དགུ་འཐད་པ་བྱུང་བ་དང་། ངོ་རྒོལ་བྱེད་པའི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་གཅིག་ཀྱང་མེད་ན། ད་གཟོད་གྲོས་འཆམ་བྱུང་རེད།