ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> བྱུང་རབས
  གསར་འགྱུར་ཀློག་པ།

བྲག་སྒོ་རབ་འབྱམས་པའི་མཛད་རྣམ་ངོ་སྤྲོད་མདོར་བསྡུས།

[རྩོམ་པ་པོ:དཔལ་མཁར་རྒྱལ་  ཡོང་ཁུངས:སེ་དྲ།  དུས་ཚོད:2014/5/10 16:30:14  བཀླགས་ཐེངས:1882][ཡིག་གཟུགས:ཡིག་གཟུགས་མདོག]
 
བྲག་སྒོ་རབ་འབྱམས་པའི་མཛད་རྣམ་ངོ་སྤྲོད་མདོར་བསྡུས།
 
           བན་ཤུལ་དཔལ་མཁར་རྒྱལ༼ལྷ་ས༽
  བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོ་ནི་ས་ཁྱི་ལོ་སྟེ་ཕྱི་ལོ༡༥༩༨ལོར་ལྷོ་རྒྱུད་ཨེ་རིག་པའི་འབྱུང་གནས་ཀྱི་ཡུལ་གྲུ་སྟོད་སྲིབ་པ་རྫིང་ཞེས་བྱ་བའི་ཡུལ་དུ་ཚོང་དཔོན་འབྱོར་བ་ཅན་ཞིག་གི་ཁྱིམ་དུ་ཡབ་ཚོང་དཔོན་འཇམ་དབྱངས་མགོན་པོ་དང་ཡུམ་སྣ་མ་མཆོག་ཡགས་ཀྱི་སྲས་སུ་སྐུ་བལྟམས། དམ་པ་འདིའི་ཡུམ་དང་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི༼༡༦༡༧ནས༡༦༨༣༽ཡུམ་གཉིས་ནི་མ་སྤུན་ཡིན་ལ་ཨ་ལགས་དུང་དཀར་རིན་པོ་ཆེ་ཡིས་དམ་པ་འདི་དང་རྒྱལ་མཆོག་ལྔ་བ་ཆེན་མོ་གཉིས་ཕ་གཅིག་མ་གཅིག་གི་བུ་ཕྲུག་ཡིན་པར་གསུངས་ཡོད་པས་བརྟག་པར་འཚལ་ལ་གཞིས་ཀྱི་སེར་གཙུག་གསུང་རབ་དཔར་བསྐྲུན་ཁང་ནས་ཀྱང་དམ་པ་འདིའི་འཁྲུངས་འདས་ལོ་ཚིགས་ནི་ཕྱི་ལོ༼༡༦༡༧ནས༡༦༨༢༽བར་བཞག་ཡོད་པའང་དཔྱད་གཞི་ཧ་ཅང་ཆེ་སྟེ་འདི་ནི་ཨ་ལགས་དུང་དཀར་གྱི་དགོངས་པ་དང་ལྔ་བ་ཆེན་མོའི་འཁྲུངས་གཤེགས་ལོ་ཚིགས་ལ་གཞི་བཟུང་ནས་གཏན་ལ་ཕབ་པ་ཞིག་ཡིན་ནམ་སྙམ་པས་དཔྱད་པར་འཚལ། གང་ལྟར་དམ་པ་འདི་ཉིད་དགུང་ལོ་ཉི་ཤུ་རྩ་གཅིག་བཞེས་པའི་ལྕགས་སྦྲེལ་ལོར་ལྷར་བཅས་འགྲོ་བའི་རྣམ་འདྲེན་རྒྱལ་དབང་ལྔ་བ་ཆེན་མོར་གཙུག་ཕུད་འབུལ་བ་གནང་ཞིང་མཚན་ཕུན་ཚོགས་རྒྱ་མཚོར་གསོལ། དེ་ནས་དྭགས་པོ་དགོན་པར་བཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བཞེས་གནང་ནས་མཁས་པ་ཆེན་པོར་གྱུར་ཅིང་ཕྱིས་སུ་ལྔ་བ་ཆེན་མོའི་ཐུགས་བཀོད་ལྟར་མངའ་བདག་ཁྲི་རལ་གྱིས་བཏབ་པར་གྲགས་པའི་ལྷ་སའི་རྨེ་རུ་དགོན་པར་གདན་དྲངས་ཤིང་དགོན་དེའི་མཁན་པོ་ཐོག་མ་གནང་ཞིང་དེ་དུས་ནས་བཟུང་མཚན་ལའང་རྨེ་རུ་རབ་འབྱམས་པའམ་རྨེ་རུ་བླ་མ་ཞེས་ཐོགས་པ་ཡིན།  ལྷ་སའི་ནུབ་ཕྱོགས་ཀྱི་བྲག་སྒོ་ཀག་ཎིར་ཡུན་རིང་མཚམས་ལ་བཞུགས་པས་བྲག་སྒོ་རབ་འབྱམས་པར་ཡང་ཐོགས་པར་གསུངས། ལྔ་བ་ཆེན་པོའི་རང་རྣམ་དུ་ཀུ་ལའི་གོས་བཟང་པོད་གཉིས་པར་༼ཤོག་ངོས༢༣༩ན༽རྨེ་རུ་བླ་གྲྭ་རྣམས་ཀྱིས་བཞེས་སྤྲོ་སྟེར་ཆ་དང་བཅས་བླ་མ་བྲག་སྒོ་བས་བརྩམས་པའི་ཚིགས་བཅད་གསུངས་ཞེས་འཁོད་པ་ལྟར་ཁོ་བོ་ཕྱི་ལོ༢༠༡༢ལོའི་ཟླ༡༠བའི་ཚེས༢༨ཉིན་རྨེ་རུ་དགོན་དེར་ཕྱིན་ནས་རྩད་གཅོད་བྱས་མོད་ཁོང་གི་སྐོར་ཤེས་མཁན་ཧ་ལམ་མེད་ལ་དགུང་ལོ་ང་དྲུག་ལ་སོན་པའི་གྲྭ་རྒན་ཞིག་གིས་ཚིགས་བཅད་འདི་གསུངས་བྱུང་། བོད་ཡུལ་ཆོས་རྒྱལ་མངའ་བདག་ཁྲི་རལ་གྱི།། འཕྲུལ་སྣང་ཕྱོགས་བཞིར་རབ་བྱུང་སྡེ་བཙུགས་པ།། རྨེ་རུ་རབ་གྲགས་དགེ་འདུན་འདུས་པའི་གླིང་།། འདུལ་ཁྲིམས་ཡོངས་གཙང་ཐོས་བསམ་འཕེལ་བར་ཤོག། བྱ་བ་འདི་མིན་ན་དགོན་དེར་བྲག་སྒོ་རབ་འབྱམས་པའི་གསུང་རྩོམ་ཚིག་འབྲུ་གཅིག་ཀྱང་བཞུགས་མི་འདུག
དམ་པ་འདི་ནི་མདོ་སྔགས་གཉིས་ཆར་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་མོ་ཞིག་ལགས་ནའང་བཀའ་ཐང་དང་མ་ཎི་བཀའ་འབུམ་སོགས་ལ་དོགས་པ་བྱས་པས་ལྔ་བ་ཆེན་མོའི་ཐུགས་དགོངས་ལ་ཅུང་ཟད་འགལ་ཞིང་དེ་ལྟར་མ་ཎི་བཀའ་འབུམ་སོགས་ལ་དགག་པ་བྱས་ཚུལ་འབྲི་གུང་ཀྭ་ཚལ་ཟུར་བ་རིག་འཛིན་དཀོན་མཆོག་ལྷུན་གྲུབ་ནས་སྙན་ངག་གིས་བཅིངས་བའི་འཕྲིན་ཡིག་གི་ལམ་ནས་ལྔ་བ་ཆེན་མོར་སྙན་སེང་ཞུས་པས་བཀའ་གྱོན་ཚད་མེད་གནང་ཞིང་།  དེས་ན་ལྔ་བ་ཆེན་མོས་བདག་གིས་ཀྱང་རྗེ་ཙོང་ཁ་བའི་དཔལ་ལྡན་ས་གསུམ་མར་དགག་པ་མཛད་རྒྱུ་ཡིན་ཚུལ་སོགས་གསུངས་བའི་སྐོར་ཞིབ་ཏུ་གླེང་བར་མི་འདོད་པས་བཞག་ལ། དམ་པ་འདི་ནི་མདོ་སྔགས་རིག་གནས་དང་བཅས་པའི་ཆ་ལ་མཁས་པའི་རྩེར་སོན་པ་ཡིན་སྟབས་སྐབས་དེའི་སྒོ་མང་མཁན་པོ་ཀུན་མཁྱེན་ངག་དབང་བརྩོན་འགྲུས་༼ཀུན་མཁྱེན་རྣམ་ཐར་བཙན་པོ་མའམ་ཀེ་ཏ་ཀའི་ཤིང་དཔར་མ་ཤོག་ལྡེབ༦༤ན༽སོགས་ཀྱིས་ཁོང་གི་མདུན་ནས་ལམ་རིམ་གྱི་བཤད་ལུང་ཞུས་ཡོད་ཅིང་འདིའི་སྐོར་ཀློང་བརྡོལ་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་རང་རྣམ་༼ཀློང་བརྡོལ་རྣམ་ཐར་སེར་གཙུག་པར་མ་ཤོག་ངོས༦ན༽ནའང་ཅུང་ཟད་གསལ་ཡོད། དེ་ལྟར་མདོ་སྔགས་རིག་གནས་ལ་འཆད་རྩོད་རྩོམ་གསུམ་གྱི་མུར་ས་སྟག་སྟེ་ཕྱི་ལོ༡༦༣༨ཧོར་ཟླ་བདུན་པའི་ཚེས་ཉེར་ལྔ་གཉིས་ཀྱི་ཉིན་ཕྱེད་ལ་དགོངས་པ་ཆོས་དབྱིངས་སུ་བསྡུས་ཤིང་ལྔ་བ་ཆེན་མོའང་དགོངས་རྫོགས་དགེ་སྒྲུབ་ཀྱི་གྲལ་མགོར་བཞུགས་ཡོད། ཁོང་གི་རྣམ་ཐར་ཞིབ་པ་ནི་དཔེ་རྒྱུན་ཧ་ཅང་དཀོན་པོའི་ངོ་བོར་གནས་ཡོད་པའི་༼རྗེའི་གྲུབ་པའི་དབང་པོ་ཕུན་ཚོགས་རྒྱལ་མཚོའི་མཐུན་མོང་མ་ཡིན་པའི་རྣམ་ཐར་པདྨ་དཀར་བོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༽བྱ་བར་གསལ་ཡོད། རྗེ་འདི་ལ་གསུང་རྩོམ་གྲངས་འབོར་མང་པོ་ཞིག་ཡོད་པར་གསལ་ནའང་དཔེ་རྒྱུན་ཧ་ཅང་དཀོན་པས་ཕྲན་གུས་པས་ལོ་མང་པོར་བཙལ་འཚོལ་ཞུས་ཀྱང་འཇིག་རྟེན་འདིར་དཔེ་རྒྱུན་བཞུགས་པ་འགའ་ཞིག་ལ་རྒྱུས་ལོན་བྱུང་བ་འདི་ལྟར།༼མ་ཎི་བཀའ་འབུམ་ལ་དཔྱད་པ་ལྷག་བསམ་བརྡའ་གཏོང་ཞེས་བྱ་བ་བཞུགས་སོ༽༼ཡང་ལན་མཛུབ་མོའི་ཐལ་ལྕག་ཅེས་བྱ་བ་བཞུགས་སོ༽༼པདྨ་བཀའ་ཐང་གི་འགལ་འདུ་རགས་རིམ་བློ་དམན་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ༽༼སྟོན་པའི་རྣམ་ཐར༽༼རྗེའི་རྣམ་ཐར་ལུང་བསྟན་ངོ་མཚར་རོལ་མོ༽སོགས་བཞུགས་ཡོད།
    ཅེས་པ་འདིའང་གྲོགས་པོ་འགའ་ཞིག་གི་དྲིས་དོན་ལྟར་དུ་བན་ཤུལ་དཔལ་མཁར་རྒྱལ་གྱིས་ཕྱི་ལོ་༢༠༡༤ལོར་ཡུལ་དབུས་ལྷ་སར་མདོར་བསྡུས་སུ་བྲིས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག
·གསར་འགྱུར་གོང་མ:བོད་ཀྱི་ཆེས་ཐོག་མའི་སྙན་ངག་དྲ་བ།
·གསར་འགྱུར་འོག་མ:ཞེ་ས་དང་ཕལ་སྐད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 12:43:46 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 7:23:29 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 3:30:31 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 47 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS