སི་བོད་ཚང་གི་སློབ་རའི་ཕ་སྐད་གླེང་བའི་བགྲོ་གླེང་ཆེན་པོ།
2014.ལོའི་ཟླ 4.ཚེས་21 གི་དགོང་མོ་མཚན་ཚོགས་གྲོལ་རྗེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་རའི་ཕ་སྐད་གླེང་བའི་བགྲོ་གླེང་གི་ མགོ་བརྩམས་བྱུང་ལ། ལོ་རིམ་མཐོ་དམན་གསུམ་གྱི་འཐུས་ཚབ་པ་སློབ་མ་གསུམ་སྟེ། བསྡོམས་པའི་སློབ་མ་དྲུག་གིས་གཟའ་མིག་དམར་དང་ལྷག་པ། ཕུར་བུ། པ་སངས་བཅས་ཀྱི་དགོང་མོའི་མཚན་ཚོགས་རང་སྦྱོང་གྲོལ་རྗེས་ཀྱི་དུས་ཚོད་ཕྱེད་ཀ་བེད་སྤྱད་ནས་འབག་བཙོག་ཐེབས་ཀྱིན་པའི་ཕ་སྐད་ཀྱི་ གནས་བབས་ལ་བལྟས་པའི་སྐད་ཆ་བཤད་བྱུང་།


ཐེངས་འདིའི་བགྲོ་གླེང་གི་རྣམ་པ་ལ་ནི་གུ་ཡངས་དང་འདྲ་མཉམ། ཁྲིམས་མཐུན། དངོས་ཡོད། བསམ་གཞིག་བཅས་ཀྱི་བྲོ་བ་ལྡན།
ང་ཚོས་ཁ་ནང་ལ་འཁོར་ཏེ། དགེ་མཚན་ཟུར་དུ་བཞག་ཅིང་སྐྱོན་ཆ་ཐེར་འདོན་གིས་རང་སློབ་རའི་ཕ་སྐད་ཀྱི་གནས་བབས་དང་ རང་སློབ་གྲྭའི་དགེ་སློབ་ཚོའི་ཕ་སྐད་ལ་ནག་ཉེས་ཅི་དང་ཇི་འདྲ་བཟོ་བཞིན་ཡོད་མེད་ལ་མི་སྐད་ངོ་མས་ཁྲམས་རྟགས་བརྒྱབ་ཡོད།
དེ་ལྟར་སི་བོད་ཚང་གིས་བསམ་གཞིག་གི་མགོ་བོ་པང་ལ་བཞག་ནས་མངོན་སུམ་གྱི་གདོང་ལ་སྦར་འདྲུད་ཐེངས་གཅིག་བྱས་ནས་ སློབ་རའི་ཕ་སྐད་གླེང་བའི་བགྲོ་གླེང་ཞི་མཐུན་དགོས་མཇུག་བསྒྲིལ་ལོ།།

2014.4.26 ནུབ་མོར་ཕབ།