ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

ཁོར་ཡུག་སྲུང་སྐྱོབ་དང་འགན་འཁྲི།

[རྩོམ་པ་པོ:བསོད་ཆོས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/4/3 10:38:25  བཀླགས་ཐེངས:1067][ཡིག་གཟུགས:ཡིག་གཟུགས་མདོག]

ཁོར་ཡུག་སྲུང་སྐྱོབ་དང་འགན་འཁྲི།  

                                                     ཡིག་སྒྱུར་བ། བསོད་ཆོས།

    ཚན་པ་དང་པོ། མིའི་རིགས་ཀྱིས་སྨྱོ་ཧམ་ཆེན་པོས་རང་བྱུང་ཁམས་ལ་ཁ་ལོ་བསྒྱུར་བ་དང་རང་བྱུང་སྒྱུར་བཀོད་བྱེད་པ་དང་། ཚད་ལས་འདས་པའི་སྒོ་ནས་རང་བྱུང་ཐོན་ཁུངས་སྔོག་འདོན་བཅས་བྱས་པའི་མཇུག་འབྲས་ངན་པ་བརྗོད་ལས་འདས་པ་བྱུང་ཡོད། དེ་ལས་ལྷག་པར་ང་ཚོའི་ཐོན་སྐྱེད་དང་འཚོ་བའི་བརྒྱུད་རིམ་ཧྲིལ་བོ་སྟེ་ཟས་གོས་སྡོད་གསུམ་དང་། འགྲོ་སྤྱོད་རྩེ་གསུམ་སོགས་གང་ས་ཅིའི་ཐད་ལ་འཇབ་རྒོལ་བྱེད་བཞིན་ཡོད་ཅིང་། ཐ་ན་འགོག་བཅོས་བྱེད་ཐབས་བྲལ་བའི་གནས་སུ་གྱུར་ཡོད། རང་བྱུང་ཁམས་ཀྱིས་འཁོན་ལན་སློག་པ་དེས་མིའི་རིགས་ཀྱི་དཔལ་འབྱོར་ལ་གྱོང་གུད་བཟོས་པ་ཙམ་མ་ཟདམིའི་རིགས་ཚེ་ཐུང་བ་དང་ནད་མང་བར་འགྱུར་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། ནམ་རྒྱུན་ཁོར་ཡུག་སྐྱོན་བྲལ་གྱི་གནད་དོན་དེ་རིགས་གཉིས་སུ་དབྱེ་ཡོད། གཅིག་ནི། དབུལ་ཕོངས་དང་འཕེལ་རྒྱས་འགྲོ་བ་དང་འབྲེལ་བ་ཡོད་པའི་སྲོལ་རྒྱུན་གྱི་ཁོར་ཡུག་གནད་དོན་ཏེ། དཔེར་ན། འཐུང་ཆུ་གཙང་མ་མི་འདང་བ་དང་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ཆ་མ་ཚང་བ། དུག་ཅན་ཟས་རིགས་ཀྱི་སྦགས་བཙོག་བཟོ་བ། དེ་བཞིན་རང་བྱུང་གནོད་འཚེ་སྣ་ཚོགས་སོགས་རེད། གཉིས་པ་ནི། རྒྱུན་བསྲིངས་མེད་པའི་འཕེལ་རྒྱས་དང་རྒྱུན་བསྲིངས་མེད་པའི་འཛད་སྤྱོད་དང་འབྲེལ་བ་ཡོད་པའི་དེང་རབས་ཀྱི་ཁོར་ཡུག་གནད་དོན་ཏེ། དཔེར་ན། གྲོང་ཁྱེར་གྱི་མི་ཚོགས་མཐུག་དྲགས་པ་དང་། བཟོ་ལས་དང་ཞིང་ལས་ཀྱིས་ཆུ་དང་མཁའ་དབུགས་ལ་སྦགས་བཙོག་བཟོས་པ། གཞན་ཡང་རྒྱུན་མི་འཆད་པར་ཐོན་བཞིན་པའི་འགོས་ནད་དང་ནམ་ཟླའི་འགྱུར་ལྡོག དྲི་ངན་དབྱང་རླུང་བང་རིམ་ལ་གཏོར་སྐྱོན་ཐེབས་པ། ཁོར་ཡུག་གི་འགྱུར་སྐུལ་དངོས་རྫས་གང་བྱུང་དུ་བེད་སྤྱད་པ་ལས་བྱུང་བའི་ཟས་རིགས་སྦགས་བཙོག་སོགས་རེད། ཁོར་ཡུག་གི་གནད་དོན་དེ་རིམ་བཞིན་སྲོལ་རྒྱུན་གྱི་རྣམ་པ་ནས་དེང་རབས་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད། དུས་རབས་གོང་མའི་ལོ་རབས་སུམ་ཅུ་ནས་དྲུག་ཅུའི་བར་གོ་ལ་ཧྲིལ་བོ་བཟོ་ལས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་བསྟུན་ནས་ཁོར་ཡུག་ལ་གནོད་འཚེ་ཕོག་པའི་དོན་རྐྱེན་བློ་ཡུལ་དུ་ཤོང་དཀའ་བ་མང་པོ་བྱུང་ཡོད། ལོ་རབས་བརྒྱད་ཅུའི་ནང་ཧྲང་ཧེ་རུ་བྱུང་བའི་མཆིན་ནད་ཀ་པའི་ནད་དང་ཁའེ་རྫོང་དུ་མི༢༤༣ཙམ་རྫས་འགྱུར་དངོས་པོ་ལིའུ་འགྱུར་ཆིང་གི་དུག་ཕོག་ནས་ཤི་བ། རྫས་འགྱུར་སྦགས་བཙོག་གིས་གྲོང་ཁྱེར་ཁག་ཅིག་གི་འཐུང་ཆུ་ཉིན༢༠ལྷག་ལ་ཆད་པ། སུང་ཧྭ་ཅང་གཙང་བོར་རྫས་འགྱུར་སྦགས་བཙོག་གིས་ཉེ་འགྲམ་གྲོང་ཁྱེར་གྱི་འཐུང་ཆུར་སྐྱོན་ཤོར་བ་མ་ཟདརྒྱལ་སྤྱིའི་སྦགས་བཙོག་གི་རྩོད་རྙོག་བསླང་བ་སོགས་རེད། ཁོར་ཡུག་སྦགས་བཙོག་གིས་མིའི་རིགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད་ཅིང་མི་སྒེར་དང་། རྒྱལ་ཁབ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁུར་བོ་ལྕི་རུ་གཏོང་གི་ཡོད། ཁོར་ཡུག་སྦགས་བཙོག་གིས་མིའི་བདེ་ཐང་ལ་བཟོས་པའི་གནོད་འཚེ་ཆུང་དུ་གཏོང་རྒྱུ་ནིམིག་སྔར་འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་ལྷག་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།   

·གསར་འགྱུར་གོང་མ:མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི།
·གསར་འགྱུར་འོག་མ:རྗེས་དྲན་གདུང་འབོད་ཟླ་བ་བདུད་རྩི།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ་ཞེས་བྱ་བ་བཞུགས།། 2015/6/16 17:55:12
·ནགས་ཚལ་སྐོར་གྱི་རྒྱུན་ཤེས། 2015/5/30 14:58:03
·བོད་ཀྱི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ། 2015/3/25 11:52:21
·སྣོད་བཅུད་ཁོར་ཡུག་སྐོར་གྱི་གདམས་ངག། 2015/3/17 11:24:51
·ཁོར་ཡུག་སྲུང་སྐྱོབ་བྱིས་པའི་རྩེད་མོ་མིན། 2015/1/27 12:14:29
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 13:51:30 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 11:37:25 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 7:26:03 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 39 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།93.75MS