ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ནཱ་ལེན་དཱ་སློབ་ཆེན་བསྐྱར་བསྐྲུན།

[རྩོམ་པ་པོ:ཨ་འབུམ་  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/3/30 11:37:15  བཀླགས་ཐེངས:951][ཡིག་གཟུགས:ཡིག་གཟུགས་མདོག]
ནཱ་ལེན་དཱ་སློབ་ཆེན་བསྐྱར་བསྐྲུན།

ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་བསྒྱུར།

རྒྱ་གར་གཞུང་གིས་དུས་རབས་ལྔ་བའི་སྐབས་སུ་བསྐྲུན་པའི་ཆེས་གནའ་བོའི་སློབ་གྲྭ་ཆེན་མོ་དཔལ་ནཱ་ལེན་དཱ་བསྐྱར་གསོ་བྱེད་རྒྱུ་རེད།
ཟླ་འདིའི་ཚེས་༢༥ཉིན་(2014:3:25)ཨ་རིའི་ཉིས་ཡོག་དུས་གསར་དྲྭ་ཚིགས་ཀྱིས་བསྒྲགས་པའི་གནས་ཚུལ།
ཨ་མ་ཏིས་ཡ་སིན་གྱིས་(阿马蒂亚森)བཤད་རྒྱུར། ཁོས་ཐེངས་དང་པོར་དཔལ་ནཱ་ལེན་དཱ་སློབ་གྲྭ་ཆེན་མོའི་རྗེས་ཤུལ་མཐོང་དུས་རང་ལོ་བཅུ་གཅིག་ཡིན། སྐབས་དེར་ཁོས་རང་གི་ཁྱིམ་མི་ལ་མ་འོངས་པར་ང་རང་སློབ་དཔོན་ཆེན་མོ་ཞིག་བྱེད་འདོད་ཡོད་བཤད་པས། ཁོའི་ཨ་མྱེས་ཀྱིས་ཁོ་རང་ཁྲིད་ནས་དཔལ་ནཱ་ལེན་དཱའི་རྗེས་ཤུལ་ལ་ལྟ་སྐོར་དུ་ཁྲིད་པ་དང་འདི་ནི་ཆེས་གནའ་བོའི་རྒྱ་གར་གྱི་སློབ་གྲྭ་ཆེན་མོ་ཞིག་གི་རྗེས་ཤུལ་རེད་ཟེར།
དུས་རབས་ལྔ་བའི་སྐབས་སུ་འཛུགས་བསྐྲུན་བྱས་པའི་དཔལ་ནཱ་ལེན་དཱ་སློབ་ཆེན་གྱིས་ཕྱོགས་སོ་སོའི་མགྲོན་པོ་ཁྲི་སྟོང་མང་པོའི་ཡིད་དབང་མེད་དུ་བཀུག་པ་དང་། གླིང་ཆེན་ཨེ་ཤེ་ཡ་གཙོ་བྱས་པའི་ས་གནས་རྒྱལ་ཁབ་ཁག་གི་མི་མང་པོ་གནས་འདིར་ཕེབས་ནས་སངས་རྒྱས་ཆོས་ལུགས་དང་ཁྲིམས་ལུགས། རྩོམ་རིག་དང་མཚན་ཉིད་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་བཞིན་པ་རེད། བཤད་ཚུལ་ལྟར་ན་གནས་འདི་ནི་སྔོན་ཆད་འཛམ་གླིང་རང་བཞིན་གྱི་ཆེས་མཐོའི་སློབ་གྲྭ་ཆེན་མོ་ཞིག་ཡིན་པ་རེད། རྒྱ་གར་བ་ཚོས་འདིའི་འཛུགས་བསྐྲུན་ནི་ཨོ་གླིང་གི་སློབ་ཆེན་དག་ལས་ཀྱང་ཤིན་ཏུ་སྔ་ཟེར།
ཧྭ་ཕུ་སློབ་གྲྭ་ཆེན་མོའི་(哈佛大学)དཔལ་འབྱོར་རིག་པ་བ། ནོ་པེར་བྱ་དགའ་ལོན་མཁན་ཨ་མ་ཏིས་ཡ་སིན་ད་ལྟ་དཔལ་ནཱ་ལེན་དཱའི་སྙིང་སྟོབས་དང་རྗེས་ཤུལ་སྣོན་ལས་བྱ་བར་ཞུགས་ཡོད་པ་དང་། ཁོ་ཚོས་སྔར་གྱི་རྗེས་ཤུལ་དང་ཐག་མི་རིང་བའི་ད་ལྟའི་པུས་ཧྭ་འར་པང་(比哈尓帮)ཟེར་བའི་ས་ཆར་མིང་དང་རྣམ་པ་གཅིག་མཚུངས་ཡིན་པའི་ནཱ་ལེན་དཱ་སློབ་ཆེན་གསར་བ་ཞིག་འཛུགས་བསྐྲུན་བྱེད་རྒྱུ་རེད།
བསྐྱར་བསྐྲུན་བྱེད་བཞིན་པའི་ནཱ་ལེན་དཱ་སློབ་ཆེན་ནི་ཞིབ་འཇུག་སློབ་མའི་སྡེ་ཁག་ཞིག་ཡིན་ཞིང་། འདིར་ཞིབ་འཇུག་བྱས་པའི་གྲུབ་འབྲས་གསར་བ་དང་སློབ་ཞིབ་ཉམས་མྱོང་རྣམས་རྒྱ་གར་ལ་སྤྲོད་རྒྱུ་རེད། སློབ་གྲྭ་འདི་མ་འོངས་པར་ཕྱེད་གཞུང་གཉེར་སློབ་གྲྭ་ཆེན་མོར་བསྒྱུར་རྒྱུ་ཡིན་པ་དང་། སྲིད་གཞུང་གིས་མ་དངུལ་གནང་བ་དང་ལེན་བྱེད་ཀྱང་པུས་ཧྭ་འར་པང་(比哈尓帮)དང་རྒྱལ་ཁབ་ཀྱི་སྒྲིག་སྲོལ་བརྩི་སྲུང་བྱེད་མི་དགོས་པ་ནི་ཁྱབ་ཆེ་བའི་སྒོ་ནས་ཞིབ་འཇུག་གི་བྱ་བར་ཕན་ནུས་འདོན་ཐུབ་པ་རེད།
ཡིན་ནའང་བསྐྱར་བསྐྲུན་གྱི་བྱ་བ་འདི་ལ་དཀའ་ཁག་གྲངས་མེད་བྱུང་ཡོད་པ་རེད། འཛུགས་བསྐྲུན་ལས་ཁུངས་ཀྱིས་ནར་འགྱངས་དང་སློབ་ཆེན་གྱི་འཛུགས་བསྐྲུན་དང་སྒོ་འབྱེད་དུས་ཚོད་འགོར་འགྱངས་རབ་དང་རིམ་པར་བྱས། ས་གནས་གསར་འགྱུར་གསར་ལམ་ཁག་གིས་རྒྱལ་སྤྱིའི་རང་བཞིན་གྱི་སློབ་ཞིབ་སྡེ་ཁག་ལ་དོགས་པ་སློང་བཞིན་པ་རེད། ཡང་མི་འགའ་ཤེས་ཀྱིས་འཆར་གཞི་འདི་ནི་ཧ་ཅང་རྒྱ་ཆེས་དྲགས་པས་མཐར་ལེགས་འགྲུབ་འབྱུང་དཀའ་བར་འདོད། ཡིན་ཡང་ཨ་མ་ཏིས་ཡ་སིན་དང་གཞན་པའི་རྩ་འཛུགས་གནང་མཁན་ཚོས་ཁས་ལེན་བྱེད་ཀྱི་མི་འདུག
ནཱ་ལེན་དཱ་སློབ་ཆེན་ལས་སྒྲུབ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ཨ་མ་ཏིས་ཡ་སིན་གྱིས་བཤད་རྒྱུར། ང་ཚོའི་བསམ་ཚུལ་དང་འཆར་གཞི་འདི་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་མིན། ང་ཚོས་གནས་འདིར་སྤུས་ཚད་མཐོ་བའི་སློབ་གྲྭ་ཆེན་མོ་ཞིག་དང་། སྲོལ་རྒྱུན་དང་སྙིང་སྟོབས་ཀྱི་ངོས་ནས་ཨེ་ཤེ་ཡ་གླིང་ཆེན་ལ་དབང་བའི་སློབ་གྲྭ་ཆེན་མོ་ཞིག་འཛུགས་བསྐྲུན་བྱེད་བསམ་པ་དེ་ཡིན་ཟེར།
སྤྱི་ལོ་༢༠༠༦ལོར་སྐབས་དེའི་རྒྱ་གར་གྱི་ཙུང་ཐུང་ཨ་པུའུ་ཏུའུ་ལེ་ཁ་ལ་མོ་(阿卜杜勒卡拉)མཆོག་ནས་ཐེངས་དང་པོར་ནཱ་ལེན་དཱ་སློབ་ཆེན་བསྐྱར་བསྐྲུན་གྱི་འཆར་གཞི་བཏོན་པ་དང་། ལས་གཞི་འདི་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་ཐོབ་པ་རེད། ཨ་མ་ཏིས་ཡ་སིན་གཙོ་བྱས་པའི་ལས་སྒྲུབ་ཚོགས་པ་འདིར་མི་བཅུ་གཅིག་ཡོད་པ་དང་། ཁོ་ཚོ་ཚང་མ་དབྱིན་ཇི་དང་ཀྲུང་གོ། ཞིན་ཅ་ཕོ། ཨ་རི་དང་ཐེ་གོ་སོགས་རྒྱལ་ཁབ་ཀྱི་རྩེར་སོན་སློབ་ཆེན་ཁག་གི་མཁས་པ་ཡིན་པ་རེད།
༢༠༡༠ལོར་རྒྱ་གར་སྲིད་གཞུང་ལས་གཞི་འདི་ལ་གྲོས་འཆམ་བྱུང་བ་དང་སློབ་ཆེན་འདིའི་འཛུགས་བསྐྲུན་ལ་ཡང་ཆོག་མཆན་བཀོད་པ་དང་། སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་གྱིས་མ་དངུལ་གཏོང་རྒྱུའི་ཁས་ལེན་བྱས། གཞན་ཡང་ཀྲུང་གོ་(中国)དང་ཨོ་ཏ་ལིས་ཡ(澳大利亚)འདུས་པའི་རྒྱལ་ཁབ་གཞན་གྱི་སྲིད་གཞུང་གིས་ཀྱང་སོ་སོར་ཁྱོན་བསྡོམས་ཨ་སྒོར་ཁྲི་བརྒྱ་ལྷག་གིས་མ་དངུལ་སྦྱོར་རྒྱུའི་ཁས་བྱས་ཤིང་། ཞིན་ཅ་ཕོ་(新加坡)རྒྱལ་ཁབ་ཀྱིས་ཨ་སྒོར་ཁྲི་བདུན་བརྒྱའི་མ་དངུལ་གྱིས་སློབ་ཆེན་འདིའི་དཔེ་མཛོད་ཁང་ལས་རྒྱུ་ཁས་ལེན་བྱས།
བསྐྱར་བསྐྲུན་བྱས་པའི་དཔལ་ནཱ་ལེན་དཱ་སློབ་ཆེན་ཕལ་ཆེར་འདི་ལོའི་ཟླ་དགུ་བའི་ནང་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ཡིན་པ་དང་། ཐེངས་དང་པོར་ལོ་རྒྱུས་ཉམས་གསོ་དང་ཁོར་ཡུག་ཞིབ་འཇུག་སྐོར་གྱི་སློབ་མ་བཞི་བཅུ་ལྷག་བསྡུ་རྒྱུ་རེད། མ་འོངས་པར་ནཱ་ལེན་དཱ་སློབ་ཆེན་གྱིས་སློབ་མ་ཉིས་སྟོང་ལྷག་བསྡུ་རྒྱུའི་འཆར་གཞི་ཡོད་པ་དང་། ཆེད་ལས་ཞིབ་འཇུག་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་ཞིབ་འཇུག་དང་མཚན་ཉིད་རིག་པ། སྐད་བརྡ་རིག་པ། རྩོམ་རིག རྒྱལ་སྤྱིའི་འབྲེལ་བ། ཆ་འཕྲིན་རིག་པ། དཔལ་འབྱོར་རིག་པ་དང་དོ་དམ་རིག་པ་སོགས་སྣ་མང་ཕུན་སུམ་ཚོགས་པར་གཏོང་རྒྱུ་རེད།
འཕྲིན་གསར་འདི་ནི་གངས་སེམས་དྲྭ་བའི་གཙོ་འགན་པ་གྲོགས་ཚེ་སྲོག་ལགས་ཀྱིས་མཁོ་སྤྲོད་ཀྱིས་རེ་སྐུལ་བྱས་པ་བཞིན་ཞིན་ལང་དྲྭ་བའི་གསར་འགྱུར་ལས་བོད་ཡིག་ཏུ་ཨ་འབུམ་བློ་བཟང་དམ་ཆོས་སུ་འབོད་པས་འཕྲལ་དུ་བསྒྱུར་བ་དགེ།
སྤྱི་ལོ༢༠༡༤ལོའི་ཟླ༣ཚེས༢༨ཉིན།

·གསར་འགྱུར་གོང་མ:འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་འགྲེམ་སྤེལ་བྱས།
·གསར་འགྱུར་འོག་མ:བོད་ཀྱི་སྲིད་དོན་མཁས་དབང་འབའ་པ་ཕུན་ཚོགས་དབང་རྒྱལ་སྐུ་གཤེགས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:30:36 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:48:00 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 11:42:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS