ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

སྟོན་པས་ཆོ་འཕྲུལ་གྱི་མཛད་པ་བསྟན་ཚུལ་རིན་ཆེན་རྒྱུད་མངས།

[རྩོམ་པ་པོ:པཎ་ཆེན་བློ་བཟང་ཆོས་རྒྱན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2014/3/12 13:35:26  བཀླགས་ཐེངས:1124][ཡིག་གཟུགས:ཡིག་གཟུགས་མདོག]
སྟོན་པས་ཆོ་འཕྲུལ་གྱི་མཛད་པ་བསྟན་ཚུལ་རིན་ཆེན་རྒྱུད་མངས།

ན་མོ་གུ་རུ་མུ་ནི་ཨིནྡྲཱ་ཡ།  རྒྱ་ཆེན་ཚོགས་གཉིས་མཐར་སོན་ཕྱི་ནང་གི  །བདུད་བཞི་ཀུན་བཅོམ་ཆེ་དགུ་བྲན་དུ་མཛད།  །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ།  །ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ།  །མགོན་ཁྱོད་འོད་མའི་ཚལ་དུ་བཞུགས་པའི་ཚེ། །ཕྲག་དོག་དབང་གིས་སྟོན་པ་དྲུག་པོ་ཡི། །འདོད་པས་ས་སྐྱོང་ཚོགས་བསྐུལ་ཆོ་འཕྲུལ་གྱིས། །ཚར་གཅོད་རྗེས་འཛིན་གསོལ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་འཁོར་ལོས་མཚན་པའི་ཞབས་སྐྱེས་ཟུང་། །ཡུལ་ལྗོངས་མང་པོར་བཀོད་ནས་འཕྲིན་ལས་ཀྱི། །དགེ་མཚན་རྒྱ་ཆེར་སྤེལ་ཕྱིར་ལྷ་མིའི་ཚོགས། །གྲངས་མེད་བསྡུ་བར་མཛད་ལ་ཕྱག་འཚལ་ལོ། །ནམ་ཞིག་མཉན་དུ་ཡོད་པར་རྒྱལ་པོའི་གཅུང་། །དུམ་བུར་བཅད་པ་བདེན་ཚིག་གིས་གསོས་ཤིང་། །ཆོ་འཕྲུལ་འདུན་ཁང་ཡེ་ཤེས་མེས་སྦྱངས་ནས།  །རྫུ་འཕྲུལ་དུ་མས་གཤེགས་ལ་ཕྱག་འཚལ་ལོ།  །དཔྱིད་རའི་དཀར་ཚེས་དང་པོར་གསལ་རྒྱལ་གྱིས། །མངོན་མཆོད་ཚེམས་ཤིང་ས་ལ་བཙུགས་མ་ཐག  །འདོད་འཇོའི་དཔག་བསམ་ལྗོན་པས་ལྷ་དང་མི། །ཀུན་དགས་ཚིམ་པར་མཛད་ལ་ཕྱག་འཚལ་ལོ།  །ཕྱི་ཉིན་ཨུ་ཏྲ་ཡ་ནའི་མཆོད་ཡུལ་དུ།  །བཞུགས་པའི་གཡས་གཡོན་རིན་ཆེན་ས་འཛིན་ཟུང་། །ཟས་མཆོག་རྩྭ་འཇམ་བདུད་རྩིས་འཚོ་བ་ཡིས། །ཡོངས་གང་མཛད་པ་བསྟན་ལ་ཕྱག་འཚལ་ལོ། །ཚེས་གསུམ་ཤུསྩ་ད་ལའི་བཤོས་གསོལ་ནས། །ཞལ་བསིལ་བོར་བ་ཡན་ལག་བརྒྱད་ལྡན་མཚོ། །འོད་ཟེར་བཞད་ལྡན་པདྨོའི་དྲ་བ་ཡིས། །མཛེས་པའི་ཕུན་ཚོགས་སྤྲུལ་ལ་ཕྱག་འཚལ་ལོ། །བཞི་བར་ཨིནྡྲ་ཝར་མའི་གདུགས་ཚོད་གསོལ། །རྫིང་བུའི་ངོས་རེར་ཡུར་ཆེན་བརྒྱད་བརྒྱད་ཐོན། །སླར་ཡང་བསྐོར་ནས་ནང་དུ་འབབ་པའི་སྒྲས། །ཐེག་གསུམ་དམ་ཆོས་བསྟན་ལ་ཕྱག་འཚལ་ལོ། །ཚེས་མདའ་༼ཚེས་ལྔ༽ཚངས་བྱིན་གྱིས་མཆོད་འཛུམ་ཞལ་ལས། །བྱུང་བའི་གསེར་མདོག་འོད་ཀྱིས་སྟོང་གསུམ་བཀང་། །ངན་སོང་རྒྱུད་སྦྱངས་འགྲོ་ཀུན་བསམ་གཏན་གྱི།  །བདེ་བས་ཚིམ་པར་མཛད་ལ་ཕྱག་འཚལ་ལོ།  །དཀར་ཚེས་དགའ་བ་གཉིས་པར་༼ཚེས་དྲུག༽ལིཙྪ་བྱིའི།  །ཞལ་ཟས་གསོལ་ནས་འཁོར་མང་ཕན་ཚུན་སེམས།  །ཤེས་ཤིང་རང་གཞན་དཀར་ནག་ལས་མཐོང་བས། །ཡིད་ཆེས་དད་པར་མཛད་ལ་ཕྱག་འཚལ་ལོ། །བཟང་པོ་གཉིས་པར་༼ཚེས་བདུན༽ཤཱཀྱའི་ཚོགས་རྣམས་ཀྱི།  །བསོད་ནམས་ཞིང་བཞུགས་འཁོར་རྣམས་རེ་རེ་ཡང་། །རིན་ཆེན་བདུན་ལྡན་འཁོར་ལོས་བསྒྱུར་རྒྱལ་གྱི། །ཕུན་ཚོགས་མཆོག་ཏུ་སྤྲུལ་ལ་ཕྱག་འཚལ་ལོ།  །ཚེས་བརྒྱད་དབང་པོས་གུས་མཆོད་སེང་ཁྲི་ལས།  །སྲིན་པོ་ལྔ་ཐོན་རྡོ་རྗེ་འཛིན་བཅས་པས།  །སྟོན་པ་དྲུག་བཅོམ་དགུ་ཁྲི་སྲིད་ལས་བསྒྲལ། །མཐའ་ཡས་ཆོ་འཕྲུལ་བསྟན་ལ་ཕྱག་འཚལ་ལོ། །དེ་ཡི་ནངས་པར་༼ཚེས་དགུ༽རང་བྱུང་གིས་བསྐྲུན་པའི། །མཆོད་ཚོགས་བཞེས་ནས་སྲིད་ཞིའི་དགེ་ལེགས་ཀུན། །གཟུགས་ཅན་ལྟ་བུའི་སྐུ་ཡིས་ཚངས་གནས་ཀྱི།  །བར་དུ་ཁྱབ་པར་མཛད་ལ་ཕྱག་འཚལ་ལོ། །ཕྱོགས་ཚེས་༼ཚེས་བཅུ༽འཇིག་རྟེན་སྐྱོང་བས་ཞལ་ཟས་སྦྱར། །རྒྱལ་བའི་མཛེས་སྐུ་གསེར་འོད་སྟོང་འབར་བའི། །ཆུ་འཛིན་སྲིད་རྩེའི་བར་དུ་ཁྱབ་མཛད་ནས། །ཕན་བདེའི་གྲུ་ཆར་ཕབ་ལ་ཕྱག་འཚལ་ལོ།  །དགའ་བ་གསུམ་པར་༼ཚེས་བཅུ་གཅིག༽མགོན་མེད་ཟས་སྦྱིན་གྱི།  །བསོད་ནམས་མགྲོན་གྱུར་སེང་གེའི་ཁྲིར་བཞུགས་བཞིན།  །སྐུ་ཡི་སྣང་བ་མི་མངོན་ཚངས་དབྱངས་ཀྱི། །གསུང་གིས་དམ་ཆོས་བསྟན་ལ་ཕྱག་འཚལ་ལོ། །
དེ་ཡི་སང་ཉིན་༼ཚེས་བཅུ་གཉིས༽ཁྱིམ་བདག་ཙེ་ཏས་མཆོད། །བྱམས་པའི་ཏིང་འཛིན་ལ་བཞུགས་གསེར་འོད་ཀྱིས། །སྟོང་གསུམ་ཡོངས་བཀང་འགྲོ་ཀུན་ཕ་མ་ལྟར། །བྱམས་པས་ཁྱབ་པར་མཛད་ལ་ཕྱག་འཚལ་ལོ།  །བཅུ་གསུམ་ཤུན་ཙིས་བསྙེན་བཀུར་བདེ་གཤེགས་ཀྱི།  །ལྟེ་བ་ནས་ཐོན་འོད་འདོམ་བདུན་ཟུང་གི  །སྣེ་མོར་རྒྱལ་བའི་སྐུས་མཚན་དེ་འདྲ་བས། །ཕྱོགས་ཀུན་འགེངས་པར་མཛད་ལ་ཕྱག་འཚལ་ལོ། །ཕྱི་ཉིན་༼ཚེས་བཅུ་བཞི༽ཨུ་ཏྲ་ཡ་ནས་མཆོད་སྤྲིན་སྤྲོས།  །མེ་ཏོག་གཏོར་བ་རིན་ཆེན་ལས་གྲུབ་པའི།  །ཤིང་རྟ་སྟོང་དང་ཉིས་བརྒྱ་ལྔ་བཅུ་ཡིས། །སྲིད་གསུམ་མཛེས་པར་མཛད་ལ་ཕྱག་འཚལ་ལོ། །བཅོ་ལྔར་གཟུགས་ཅན་སྙིང་པོས་དགེ་ལེགས་བསྐྲུན། །ཡོམ་ལུས་ལྷ་ཡི་བདུད་རྩིས་ཚིམམཛད་ནས། །ཕྱག་སོར་ལས་ཐོན་གསེར་སྦྱངས་འོད་ཟེར་གྱིས།།མནར་མེད་བདེར་འགྲོར་མཛད་ལ་ཕྱག་འཚལ་ལོ།  །དེ་ལྟའི་ངོ་མཚར་ཆོ་འཕྲུལ་བགྲང་ཡས་ཀྱིས། །ནག་ཕྱོགས་ཀུན་བཅོམ་གྲངས་མེད་སྐྱེད་དགུའི་ཚོགས།  །མཐོ་རིས་རྣམ་གྲོལ་རྫོགས་པའི་སངས་རྒྱས་ཀྱི།  །ལམ་དུ་ངེས་པར་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་སྟོན་པའི་ཡོན་ཏན་རིན་ཆེན་གྱི། །ལྷུན་པོའི་སྤོ་ལས་ཆོ་འཕྲུལ་མཛད་པ་ཡི། །རྡུལ་ཕྲན་ཙམ་ཞིག་བརྗོད་པའི་དགེ་བ་དེ།  །འགྲོ་ཀུན་དོན་དུ་ཀུན་མཁྱེན་རྒྱུ་རུ་བསྔོ།  །ཞེས་པ་འདི་ཡང་བཀྲ་ཤིས་ལྷུན་པོའི་དངུལ་གདུང་ལྷ་ཁང་དུ་ཆོ་འཕྲུལ་གྱི་མཛད་པ་རིན་པོ་ཆེ་བྲི་བའི་དུས།  པིར་ཐོགས་དབང་པོ་ཆོས་རྗེ་བློ་བཟང་ཆོས་འཕེལ་དཔོན་སློབ་དང་། དཀའ་བཅུ་ཚོགས་གསོག་པ་ལེགས་པ་ཆོས་འབྱོར་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས་སྟོན་པ་མཆོག་དེའི་རྗེས་སུ་བྱུང་བ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཟིམས་ཁང་དུ་ཐོགས་མེད་དུ་སྦྱར་བའོ།  །༼ཚངས་དབྱངས་དྲ་བས་མཁོ་འདོན་ཞུས།

·གསར་འགྱུར་གོང་མ:བརྡ་འཕྲིན་དུས་རབས་དང་སྐད་འཕྲིན་སྐོར་གླེང་བ།
·གསར་འགྱུར་འོག་མ:རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གསོལ་འདེབས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:05:26 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:02:16 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 21:41:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS