ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> བྱུང་རབས
  གསར་འགྱུར་ཀློག་པ།

ཆོ་འཕྲུལ་དུས་ཆེན་དང་ལྷ་ལྡན་སྨོན་ལམ་ཆེན་མོ།

[རྩོམ་པ་པོ:ངང  ཡོང་ཁུངས:བོད་ལྗོངས་དྲ་བ།  དུས་ཚོད:2014/3/6 12:15:55  བཀླགས་ཐེངས:1133][ཡིག་གཟུགས:ཡིག་གཟུགས་མདོག]
 

ཆོ་འཕྲུལ་དུས་ཆེན་དང་ལྷ་ལྡན་སྨོན་ལམ་ཆེན་མོ།


ཚེས་བརྒྱད་དབང་པོས་གུས་ཆོས་སེང་ཁྲི་ལས།།
སྲིན་པོ་ལྔ་ཐོན་རྡོ་རྗེ་འཛིན་བཅས་པས། །
སྟོན་པ་དྲུག་བཅོམ་དགུ་ཁྲི་སྲིད་ལས་བསྒྲལ། །
མཐའ་ཡས་ཆོ་འཕྲུལ་བསྟན་ལ་ཕྱག་འཚལ་ལོ། །

      ལོ་རེའི་བོད་ཟླ་དང་པོའི་ནང་ཆོ་འཕྲུལ་དུས་ཆེན་ཞེས་འབོད་ཅིང་། ཟླ་བ་དེར་མཆུ་ཟླ་ཡང་ཟེར། དེ་གཉིས་ཀྱི་གོ་དོན་ནི་ཆོ་འཕྲུལ་དུས་ཆེན་ཞེས་པ་ནི་སྔོན་དུས་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་གྱི་གྲོང་ཁྱེར་མཉན་ཡོད་དུ་མུ་སྟེགས་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་པའི་དུས་ཆེན་ཡིན་པས་ཆོ་འཕྲུལ་དུས་ཆེན་ཞེས་དང་མཆུ་ཟླ་ཞེས་པ་ནི་རྒྱུ་སྐར་མཆུས་ནམ་ཚོད་བྱེད་པའི་དུས་ཡིན་པས་མཆུ་ཟླ་ཞེས་བརྗོད།
     
༼ རྟགས་འཇུག་གི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང༽ནང་དཔེར་ན་མཆུ་ཟླ་ཤར་བ་ན། ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུའོ། ཞེས་ཆོ་འཕྲུལ་ཟླ་བའམ་མཆུ་ཟླ་བར་ཆོ་འཕྲུལ་དུས་ཆེན་གྱི་འབྱུང་སྟངས་ནི་སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་ང་དྲུག་བཞེས་པའི་ཤིང་ཡོས༼ སྤྱི་ལོའི་སྔོན་གྱི་ལོ༨༩༦༽སྟོན་པ་ཤཱཀྱ་ཐུབ་པ་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་བཞུགས་པའི་དུས་ན་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང་། གནག་ལྷས་ཀྱི་བུ། ཡང་དག་རྒྱལ་བ་ཅན། མི་ཕམས་སྐྲའི་ལ་བ་ཅན། ཀ་ཏའི་བུ་ནོག་ཅན། གཅེར་བུ་བ་གཉེན་གྱི་བུ་བཅས་དྲུག་པོས་ཡུལ་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཡུལ་ཁག་སོ་སོའི་རྒྱལ་པོ་རྣམས་ལ་སྟོན་པ་ཤཱཀྱ་ཐུབ་པ་དང་ཆོ་འཕྲུལ་འགྲན་རྒྱུའི་འདུན་པ་བྱས་པར་སྟོན་པ་ཤཱཀྱ་ཐུབ་པས་ང་ཉིད་དུས་མཁྱེན་ནོ་ཞེས་ཞལ་གྱིས་བཞེས་ཤིང་ཡུལ་ཁམས་མང་པོར་བྱོན་ཏེ་ཡུལ་དེ་དང་དེའི་རྒྱལ་པོ་དང་བློན་འཁོར་མང་པོ་འདུ་བར་མཛད་ནས་དགུང་གྲངས་ང་བདུན་བཞེས་པའི་མེ་འབྲུག༼ སྤྱི་ལོའི་སྔོན་གྱི་ལོ༨༩༥༽ཡུལ་མཉན་ཡོད་དུ་ཕེབས། མཆུ་ཟླ་བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔ་བར་ཉིན་རེ་ཆོ་འཕྲུལ་མི་འདྲ་བ་རེ་བསྟན་པའི་ནང་ནས་ཚེས་བརྒྱད་ཉིན་མུ་སྟེགས་སྟོན་པ་དྲུག་ཕམས་པར་མཛད་ནས་རྫོགས་བྱེད་ཆུ་ལ་ལྕེབས། གཞན་ལྔ་འཁོར་དགུ་ཁྲི་དང་བཅས་སྟོན་པ་ཤཱཀྱ་ཐུབ་པར་སྐྱབས་སུ་གསོལ་ཏེ་ནང་པའི་བསྟན་པ་ལ་ཞུགས་པ་ཡིན་པས་ཚེས་གཅིག་ནས་ཚེས་བརྒྱད་བར་འགྲན་ཟླ་ཡོད་པའི་ཆོ་འཕྲུལ་དང་། དེ་ནས་ཚེས་བཅོ་ལྔའི་བར་འགྲན་ཟླ་མེད་པའོ་ཆོ་འཕྲུལ་དུ་གྲགས། དེ་ལ་དྲན་གསོ་ཞུ་ཕྱིར་མཉན་ཡོད་དུ་ཆོ་འཕྲུལ་མཆོད་རྟེན་རྩིག་པ་དང་ལོ་དེའི་ཕྱི་ལོ་ནས་ལོ་རེ་བཞིན་ཆོ་འཕྲུལ་མཆོད་པའི་དུས་ཆེན་ཚུགས་སྲོལ་དེ་གནའ་དུས་རྒྱ་གར་དུ་དར་ཁྱབ་ཆེ་ཞེས་གསུངས།
     
བོད་དུ་ཆུ་འཕྲུལ་ཟླ་བར་ལྷ་ལྡན་སྨོན་ལམ་ཆེན་མོ་ཚུགས་ཚུལ་ནི་རྗེ་ཙོང་ཁ་པས་སྔོན་སྟོན་པ་ཤཱཀྱ་ཐུབ་པས་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པའི་དུས་ཆེན་ལ་རྗེས་དྲན་ཞུ་ཕྱིར་རབ་བྱུང་བདུན་པའི་ས་བྱི་སྤྱི་ལོ༡༤༠༨ལོར་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་དང་སྣེའུ་ནམ་མཁའ་བཟང་པོར་སྐུལ་མ་མཛད་དེ་དད་སྦྱིན་ཁག་ནས་ལྷ་སའི་གཙུག་ལག་ཁང་ལ་ཉམས་གསོ་དང་། སྐུ་བརྙན་བྲིས་འབུར་ལ་ཚོན་གསོལ་ཞལ་གསེར་སོགས་ཞིབ་རྒྱས་གྲུབ་པའི་ཕྱི་ལོ་ས་གླང་སྤྱི་ལོ༡༤༠༩ལོར་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེར་གསེར་གྱི་དབུ་རྒྱན་སྒྲོན་འབུལ་གྱིས་མཚོན་སྐུ་བརྙན་རྣམས་ལ་ན་བཟའ་ཟབ་རྒྱས་ཐོག་དགེ་འདུན་ཁྲི་བརྒལ་བར་བརྙེན་བཀུར་མང་འགྱེད་སོགས་གནང་སྟེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔ་བར་གསར་འཛུགས་གནང་། ཚེས་བཅོ་ལྔ་ཉིན་གྱི་མཚན་མོར་བར་སྐོར་ཁྱོན་ཡོངས་སུ་འཁོར་བའི་མཆོད་པ་མཚར་དུ་དངར་བ་བཤམས། ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོ་ལྷ་སའི་གཙུག་ལག་ཁང་གི་གཙང་ཁང་ལྷོ་མའི་རྟེན་གཙོ་བྱམས་པའི་སྐུ་བརྙན་དེ་ཤིང་རྟ་འཁོར་ལོའི་ཐོག་བཞུགས་སུ་གསོལ་ཏེ་མཆོད་རྫས་དུ་མ་ཐོག་པའི་སེར་སྦྲེང་གིས་མདུན་བདར་ཏེ་བར་སྐོར་དུ་གདན་ཞུ་བྱེད་པར་བྱམས་པ་གདན་འདྲེན་ཞེས་འབོད། དེ་ཉིན་ནས་སྨོན་ལམ་གྲོལ། ལྷ་སའི་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཡིན།

·གསར་འགྱུར་གོང་མ:བོད་ཀྱི་རྟའི་རིག་གནས་སྐོར་བརྗོད་པ།
·གསར་འགྱུར་འོག་མ:དུས་ཆེན་གྱི་བཤད་པ་ངོ་མཚར་དགའ་སྐྱེད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བདེ་ཆེན་ཁུལ་དུ་མཛེས་པའི་མེ་ཏོག་བཞད། 2013/1/21 17:48:29
·འདི་ན་བོད་སྐད་ཀྱི་དགོད་བྲོའི་བརྙན་ཐུང་འགའ་བསྒྱུར་འདུག 2012/6/25 20:30:07
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 18:37:14 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 13:53:26 [来自: 111.144.227.221]

 评论者:OQwLsx5x
http://www.1313.cc/nav.htm
http://www.200.net/html/mail/index.htm
http://www.gs180.com/s/youxiang.html
http://www.tz911.com/wz/youxiang.htm
http://www.6296.com.cn/s/res.html
发表时间:2015/12/3 22:34:02 [来自: 211.96.170.141]

འབྲེལ་ཡོད་དཔྱད་བརྗོད 35 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།140.63MS