ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

བོད་ཡིག་ཁ་པར་བེད་སྤྱོད་སྐོར་གྱི་འཕྲོས་མོལ།

[རྩོམ་པ་པོ:མི་ནད་པ།  ཡོང་ཁུངས:བོད་སྐད་གཙང་མ།  དུས་ཚོད:2014/2/21 10:30:41  བཀླགས་ཐེངས:1192][ཡིག་གཟུགས:ཡིག་གཟུགས་མདོག]
  བོད་ཡིག་ཁ་པར་བེད་སྤྱོད་སྐོར་གྱི་འཕྲོས་མོལ།
 
༼བོད་སྐད་གཙང་མའི་དྲ་གྲོགས་མི་ནད་པ་ལས་བརྒྱུད་འགོད་ཞུས།
 
   དེ་རིང་འཛམ་གླིང་ཕ་སྐད་སྲུང་སྐྱོབས་ཀྱི་ཉིན་མོ་རེད། གྲོགས་པོ་ཚང་མས་ཕ་སྐད་སྤྱོད་རོགས། ཕ་སྐད་ཀྱི་གླུ་ལོངས། ཕ་སྐད་ཀྱི་རྩོམ་བྲིས། ཕ་སྐད་ཀྱི་དཔེ་ཆ་ལྟོས། འབྲེལ་ཡོད་དཔེ་ཆར་བལྟས་ནས་ཕ་སྐད་ཀྱི་ལོ་རྒྱུས་དང་གནས་བབས་སྐོར་མང་ཙམ་སློབ་སྦྱོང་དང་རྒྱུས་ལོན་མཛད་རོགས།༼ཁྱེད་ནས་མི་བཅུ་ལ་བརྒྱུད་སྐུར་མཛོད་དང་ཕ་སྐད་ལ་བརྩེ་བ་ཡོད་པ་མཚོན།༽ 今天是世界母语保护日。请大家用我们的母语——藏语:唱一首歌,写一篇作文,读一本书……。另外去多了解现在母语的处境,母语的历史。(请将此信内容传给更多的友人。)
 
 བོད་ཡིག་ཁ་པར་བེད་སྤྱོད་ཀྱི་སྐོར།
 
མི་ནད་པ།
 
   ང་ཅག་གིས་ད་བར་དུ་མི་རིགས་ལ་རིགས་ཞེན་དགོས་ཞེས་བཤད་ནས་ཡོང་བ་རེད། འོན་ཀྱང་དོན་དངོས་སུ་སུ་ཞིག་ལ་རིགས་ཞེན་ཡོད་པ་དང་སུ་ཞིག་ལ་རིགས་ཞེན་མེད་པ་དེ་ཧ་ཅང་རྟོགས་དཀའ་མོ་རེད། ཁ་ཐོག་ནས་ང་ལ་རིགས་ཞེན་ཡོད་དང་མི་རིགས་ལ་རིགས་ཞེན་དགོས་པ་རེད་ཅེས་གླེང་བ་ཙམ་གྱིས་ནི་ཁྱོད་ལ་རིགས་ཞེན་ཡོད་མེད་གཏན་ནས་མི་ཤེས། ཁའི་རླངས་པ་ཙམ་ཞིག་ནི་སུས་ཀྱང་ཕྱི་རོལ་དུ་གཏོང་ཤེས་པ་རེད། དེ་ལ་བསམ་ཤེས་པ་དག་གིས་དོན་ཆེན་པོ་ཞིག་ཡོད་པར་ནམ་ཡང་ངོས་འཛིན་གྱིན་མེད། དེས་ན་ངོ་མ་སེམས་ལ་རིགས་ཞེན་གྱི་བསམ་བློ་ཡོད་ན་ལག་ལེན་གྱི་ཐོག་ན་ཆེ་ཆུང་གི་ཁྱད་པར་ཙམ་ལས་ངེས་པར་དུ་གཞན་གྱིས་མཐོང་ཐུབ་པ་རེ་ཡོད་ནས་ཡོང་བ་ཡིན། གལ་ཏེ་རིགས་ཞེན་ཡོད་ན་རང་གི་སྐད་དང་ཡི་གེ་ལ་མཐོང་ཆེན་བྱ་བ་དང་། དེ་བཀོལ་སྤྱོད་བྱ་བ། ཐབས་སྣ་ཚོགས་ཀྱིས་དེ་དང་ཉེ་བར་བཅར་བ། དེ་ཡི་རྗེས་སུ་འབྲང་བ་སོགས་ནི་ཆེས་མ་མཐའི་རིགས་ཞེན་ཡོད་པའི་རྟགས་ཤིག་ཡིན། འོན་ཀྱང་ཁ་ཡིས་བཤད་པ་ཙམ་ལས་དོན་དངོས་སུ་དེ་འདྲའི་ལག་ལེན་བྱ་མཁན་ནི་ཉིན་མོའི་སྐར་མ་ཙམ་ལས་མི་འདུག ད་སྐབས་ཀྱི་དུས་རབས་ནི་འཕྲུལ་ཆས་ཀྱི་དུས་རབས་ཡིན་པས་འདི་དག་གི་སྐོར་ནི་ལས་སླ་མོས་ངང་ནས་ཤེས་ཐུབ། ཁྱོད་ཀྱིས་ང་ལ་རིགས་ཞེན་ཡོད་ཅེས་ཨུ་ཚུགས་ཇི་འདྲ་བྱས་ཀྱང་ཨུ་ཚུགས་རང་ཡིན་པ་ལས་སུས་ཀྱང་བདེན་པར་མི་འཛིན། གཤམ་གྱི་གསང་བ་འདིས་ཁྱོད་ལ་ངོ་སྤྲོད་གསལ་བོ་ཞིག་བྱ་ངེས། རང་ཅག་ལ་མི་གྲངས་ཁྲི་ཚོ་དྲུག་བརྒྱ་ཡོད་པ་རེད་ཅེས་ཚང་མས་གླེང་གིན་ཡོད། འགའ་རེས་དེ་ལས་ཀྱང་མང་བར་འདོད་ཀྱིན་འདུག འོན་ཀྱང་ཁྲི་ཚོ་དྲུག་བརྒྱ་ཡོད་པ་ཡོངས་གྲགས་རེད། དེ་ལས་ཁྲི་ཚོ་ཉིས་བརྒྱ་ཙམ་རྒན་ཁོག་སོགས་ལོ་ལོན་གྱི་སྐོར་ཡིན་པ་དང་ཁྲི་ཚོ་བརྒྱ་ཙམ་བྱིས་པ་ཡིན་པ། ཁྲི་ཚོ་བརྒྱ་ཙམ་ཧ་ཅང་ཆ་རྐྱེན་ཞེན་པའི་ས་ཕྱོགས་སུ་གནས་པའི་སྐོར་དང་ཁྲི་ཚོ་བརྒྱ་ཙམ་དེང་རབས་ཀྱི་ཅ་དངོས་སོགས་ལ་དགའ་ཕྱོགས་གཏན་ནས་མེད་པའི་སྐོར་ཡིན་པའི་དབང་དུ་བྱས་ན། ད་རུང་རྗེས་ན་བོད་མི་ཁྲི་ཚོ་བརྒྱ་ཡོད་པ་རེད། དེང་དུས་སུ་ཆེས་རྒྱུག་ཆེ་བའི་འཕྲུལ་ཆས་ནི་ལག་ཁྱེར་ཁ་པར་ཡིན། ཁ་པར་གྱི་ཁྱབ་རྒྱ་དང་གྲངས་ཀ་ལ་འགྲན་ཐུབ་པའི་འཕྲུལ་ཆས་གཞན་པ་ནི་གཅིག་ཀྱང་མེད། ང་ལ་གཅིག་གིས་གནའ་ཞིག་སྐྱེལ་དུ་བཅུག་ཀྱང་རང་ཅག་ལ་ཁ་པར་འཛིན་མཁན་གྱི་མི་ཁྲི་ཚོ་བརྒྱ་ཙམ་ནི་ངེས་པར་དུ་ཡོད་རྒྱུ་རེད་བསམ་གྱིན་འདུག ད་སྐབས་ཀྱི་དུས་སུ་བོད་པ་ཞིག་ལ་མཚོན་ན་བོད་ཡིག་སྦྱོང་བྱེད་ལ་ཁ་པར་ལྟ་བུའི་ལག་ཆ་ཡག་པོ་ཞིག་གཏན་ནས་མེད། ཁྱོད་ལ་བོད་ཡིག་ཅན་གྱི་ཁ་པར་ཞིག་ཡོད་ན་བོད་ཡིག་ཀློག་ཐུབ་པ་ཙམ་ནི འགྲོ་ཞོར་འདུག་ཞོར་དུ་ཤེས་ཡོང་། ཁ་པར་གྱི་ནང་ནས་ཁྱོད་ཀྱིས་བོད་ཡིག་གི་ལམ་ནས་འགྲོ་སོང་ཆུང་ངུའི་ཐོག་གཞན་དང་ཁ་བརྡ་བྱེད་ཐུབ་པར་མ་ཟད། བོད་ཡིག་གི་ལམ་ནས་སྤྱིར་བཏང་གི་ཤེས་བྱ་མཐའ་དག་ཤེས་ཐུབ། འཕྲིན་གསར་སྣ་ཚོགས་དང་རྒྱུན་ཤེས་སྣ་ཚོགས། ཆོས་ལུགས་ཀྱི་ཤེས་བྱ། ལོ་རྒྱུས། འཛམ་གླིང་གི་འགྲོ་སྟངས་སོགས་ཡོད་ཚད་ཤེས་ཐུབ་པ་ཡིན། མ་འོངས་པར་དེ་ལས་ཀྱང་ཕུན་སུམ་ཚོགས་པ་དང་སྣ་འཛོམས་རང་བཞིན་ཞིག་ཡོང་ངེས། འོན་ཀྱང་རང་ཅག་ལ་ད་སྐབས་བོད་ཡིག་ཡོད་པའི་ཁ་པར་འཛིན་མཁན་ནི་ཉུང་ངུའི་ནང་གི་ཉུང་ངུ་ཞིག་ལས་མི་འདུག སེམས་སྐྱོ་བྱེད་ངོ་མ་ཡང་དེ་རེད། རིགས་ཞེན་ཡོད་མེད་ཀྱི་རྟགས་ཀྱང་འདི་ནས་སྟོན་གྱིན་འདུག རང་ཅག་གིས་བོད་ཡིག་ཅན་གྱི་ཁ་པར་མི་འཛིན་པ་འདི་བོད་ཡིག་ལ་མ་དགའ་བ་ཙམ་ལས་ཁ་གཡར་ས་གཞན་ཅི་ཡང་རྙེད་ཀྱིན་མི་འདུག ད་སྐབས་ཀྱི་ཁ་པར་དག་རང་ཅག་གི་ངོས་ཐད་ནས་དབྱེ་ན་རིགས་བཞི་ལ་དབྱེ་ཐུབ་ཀྱིན་ཡོད། བོད་རང་གིས་བཟོས་པའི་བོད་ཡིག་ཅན་གྱི་ཁ་པར། མི་རིགས་གཞན་གྱིས་བཟོས་པའི་བོད་ཡིག་ཅན་གྱི་ཁ་པར། མི་རིགས་གཞན་གྱིས་བཟོས་པའི་བོད་ཡིག་རྗེས་སུ་ནང་འཇུག་བྱ་ཆོག་པའི་ཁ་པར། མི་རིགས་གཞན་གྱི་ཁ་པར་བོད་ཡིག་མེད་པ་ཅན་བཅས་སོ།། དེ་ལ་ཡང་གོང་སླ་མོ་དམངས་སྒོར་བརྒྱ་ཕྲག་འགའ་རེ་ནས་གོང་དཀའ་བ་དམངས་སྒོར་སྟོང་ཕྲག་འགའ་རེ་དང་ཁྲི་ཕྲག་དགོས་པ་སོགས་ཡོད་པ་རེད། གང་འདེམ་འདེམ་ཡིན། ད་ཅིའི་ཕྱིར་བོད་ཡིག་ཅན་གྱི་ཁ་པར་མི་བཀོལ་བ་ཡིན་ནམ། རང་ཅག་ལ་ད་སྐབས་བོད་ཡིག་ཅན་གྱི་ཁ་པར་བཀོལ་མཁན་ཆེས་མང་ན་ཡང་མི་ཁྲི་བཅུ་ལས་མི་འདུག དེ་ཡང་ཚད་མཐོ་བར་བྱས་པ་ཡིན། དེ་ལྟར་སྡོམ་ན་བོད་མིའི་བརྒྱ་ཆའི་གཅིག་ཙམ་ལ་ཡང་འདང་གིན་མི་འདུག་པས་གནད་དོན་འདི་ནི་གནད་དོན་ཆུང་ངུ་ཞིག་གཏན་ནས་མ་རེད། ཁ་པར་འཛིན་མཁན་ལ་བོད་ཡིག་མེད་པ་ཅན་ཞིག་ཡིན་ན་མི་དེ་ལ་རིགས་ཞེན་ཞིག་གཏན་ནས་མེད་པ་ཕལ་ཆེར་ཐག་གཅོད་ཐུབ་ཀྱིན་གདའ། མི་དེ་ལ་རིགས་ཞེན་མི་འདུག་ཅེས་གླེང་ན་ཡང་ཆོག་པར་འདུག་པས་གནད་དོན་འདི་དག་ལ་རང་དང་བཅས་པའི་བོད་ཀྱི་སྐད་ཡིག་ལ་ཞབས་ཞུ་བྱེད་མཁན་དག་གིས་ངེས་པར་དུ་བསམ་གཞིག་རེ་བྱ་དགོས་པར་འདུག་འདོད་སོང་།།
·གསར་འགྱུར་གོང་མ:དུས་རབས་ཉེར་གཅིག་པའི་ཀུན་སྤྱོད་ལག་དེབ།
·གསར་འགྱུར་འོག་མ:འཛམ་གླིང་སྐད་ཡིག་སྲུང་སྐྱོང་གི་ཉིན་མོའི་བྱུང་རིམ་རགས་བསྡུས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཕལ་སྐད་སྐོར་གླེང་བ། ༢ 2011/8/23 15:06:34
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:28:35 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 12:39:40 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/14 11:32:11 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS