ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

འཛམ་གླིང་གྲགས་ཅན་སློབ་ཆེན་ཁག་གི་གདམས་ཚིག

[རྩོམ་པ་པོ:ངོམ་ཚེ་མགོན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/12/23 20:11:53  བཀླགས་ཐེངས:1059][ཡིག་གཟུགས:ཡིག་གཟུགས་མདོག]
འཛམ་གླིང་གྲགས་ཅན་སློབ་ཆེན་ཁག་གི་གདམས་ཚིག

༡  ཆིང་ཧྭ་སློབ་ཆེན་གྱི་གདམས་ཚིག
མཁའ་དབྱིངས་གོ་ལའི་འཁོར་བསྐྱོད་བཞིན།  དམ་པ་ཡར་བརྩོན་ལྷུར་ལེན་བྱེད།   ཀུན་བཟོད་ས་ཡི་རྔམ་ཟིལ་བཞིན།  བཟང་སྤྱོད་ཤོང་ཡངས་བློ་རྒྱ་བསྐྱེད།
༢ ཧྭ་ཧྥུ་སློབ་ཆེན་གྱི་གདམས་ཚིག
དུས་འདིར་ཉལ་ནས་བསྡད་ན།  ཁྱེད་རང་རྨི་ལམ་འགྲིམ།
དུས་འདིར་སློབ་ལ་བརྩོན་ན། ཁྱེད་ཀྱི་རྨི་འདུན་འགྲུབ།
༣ ནན་ཡང་བཟོ་ཚན་སློབ་གླིང་གི་གདམས་ཚིག
ད་ལྟའི་དུས་ཚོད་འདིར་གཅེས་འཛིན་གྱིས།  སྙིང་པོ་གང་ཡང་མེད་པའི་དོན་དག་ཐོག་དུས་ཚོད་མ་བཟད།
༤ ད་ཐི་མའོ་སི་སློབ་ཆེན་གྱི་གདམས་ཚིག
གལ་ཏེ་ཁྱོད་ཀྱིས་དུས་ཚོད་གཅེས་འཛིན་ཡག་པོ་བྱེད་ཐུབ་ཀྱི་མི་འདུག་ན། ཁྱོད་ཀྱི་འགྲན་ཡས་རྒྱུན་མི་ཆད་པར་དཔེ་དེབ་ཀྱི་ཤོག་ལྷེ་བསྒྱུར་བའི་ལག་པ་ལ་བལྟ་ཙམ་གྱིས་དང་།
༥ ནན་ཨན་ཕུའུ་ཏོན་སློབ་ཆེན་གྱི་གདམས་ཚིག
འཛམ་གླིང་ཐོག་སྟབས་བདེའི་བྱ་བ་དག་གི་ཁྲོད་ནས་དུས་ཚོད་ཆུད་ཟོས་སུ་གཏོང་བ་ནི་སྟབས་བདེ་ཤོས་རེད།
༦ ཁོ་ལོན་པིས་ཡ་སློབ་ཆེན་གྱི་གདམས་ཚིག
རླབས་ཆེན་ཞེས་པ་ནི་གཞི་འཛིན་ས་མེད་པ་ལས་བྱུང་བ་མ་ཡིན་པར།  རྒྱལ་ཁ་བརྩོན་པ་ལས་བྱུང་བའོ།
༧ ཧྭ་ཧྥུ་སློབ་ཆེན་གྱི་གདམས་ཚིག
དེ་རིང་མ་བསྐྱོད་ན་སང་ཉིན་རྒྱུགས་བཤར་གློད་ཀྱང་རྗེས་ཟིན་པའི་ངེས་པ་མེད།
༨ ཅ་ཀྲའོ་མངའ་སྡེའི་བཟོ་ཚན་སློབ་ཆེན་གྱི་གདམས་ཚིག
དྲང་པོ་དྲང་བཞག་མི་འདུག་ཅེས་འཁང་ར་མ་བྱེད།  ཚང་མ་འབད་བརྩོན་བྱས་པ་གཅིག་པུས་ཡོང་གི་མ་རེད།
༩ མན་ཁྲི་སི་ཐི་སློབ་ཆེན་གྱི་གདམས་ཚིག
ལེགས་གྲུབ་ཡོང་བའི་ལམ་བུ་གཅིག་ལས་མེད།  དེ་ནི་གྲ་སྒྲིག་ཡིན། གྲ་སྒྲིག  ཡང་བསྐྱར་གྲ་སྒྲིག
༡༠ ཧྲུའུ་འེར་སློབ་ཆེན་གྱི་གདམས་ཚིག
མི་ཚེ་ནི་ཚོད་ལྟ་རིགས་ཤིག་ཡིན། ཚོད་ལྟ་ཇི་ཙམ་མང་ན་ཁྱེད་རང་དེ་བས་ལེགས་པར་འགྱུར།
༡༡ ཨ་མུའུ་སི་ཐི་ཏན་སློབ་ཆེན་གྱི་གདམས་ཚིག
བློ་ཁོག་མེད་པའི་སྡར་མ་ནི་ལས་དབང་གི་བདག་པོར་འགྱུར་མི་སྲིད།
༡༢ ཁ་ནུ་ཅི་མེ་ལུང་སློབ་ཆེན་གྱི་གདམས་ཚིག
རང་ཉིད་ལས་བརྒལ་ཕོད་པ་དགོས། དཔའ་སྙིང་དང་ལེགས་གྲུབ་མཐུན་བསྡུར་ཡིན།
༡༣ ཧྥ་རན་སིའི་ཧྲེང་ཞི་འེར་དམག་སློབ་ཀྱི་གདམས་ཚིག
བརྟུལ་ཕོད་ཅན་གྱི་རྒྱལ་ཕམ་ནི།  དེ་བས་ངར་བའི་དགྲ་ཡ་དང་འགྲན་རྒྱུ་དེར་ཐུག་ཡོད།
༡༤ པུའུ་ལང་སློབ་ཆེན་གྱི་གདམས་ཚིག
འཕྲལ་ཐག་ཆོད་པོས་མཇུག་བསྡོམས་བྱེད་པར་ཡང་དཔའ་སྙིང་ཡོད་དགོས།
༡༥ ཏུའུ་ཁི་སློབ་ཆེན་གྱི་གདམས་ཚིག
འདང་ངེས་ཀྱི་དངོས་ཤུགས་མེད་ན།  གནམ་འོག་གི་མདུན་གྲལ་དུ་མི་སླེབས།
རང་ངོས་ཡར་རྒྱས་འགྲོ་བའི་ཐབས་ཤེས་ཆུང་ངུ་ནི།  དཔའ་མཛངས་ཀྱི་སྙིང་སྟོབས་ཤིག་ཇི་ལྟར་བསྐྱེད་ཐབས་བྱ་རྒྱ་དེ་ཡིན།
༡༦ ཧྭ་ཧྥུ་སློབ་ཆེན་གྱི་གདམས་ཚིག
ང་ཚོ་བས་ལེགས་པ་སུ་ཡང་མེད།  ང་ཚོ་ནི་ནམ་ཡང་ཨང་དང་པོ་ཡིན།
༡༧ ཡེ་ལུའུ་སློབ་ཆེན་གྱི་གདམས་ཚིག
ངའི་མི་ཚེའི་འཇིག་རྟེན་དཀྱུས་མའི་ནང་། ང་ནི་དཀྱུས་མ་ཞིག་མིན།
༡༨ ཨེ་ཏིང་པོའོ་སློབ་ཆེན་གྱི་གདམས་ཚིག
མི་མང་ཆེ་བའི་ཕམ་ཉེས་ནི། ཁོང་ཚོ་རང་ཉིས་ཀྱིས་བྱེད་འདོད་ཡོད་པའི་བྱ་གཞག་དེ་བསྒྲུབ་པའི་འཇོན་ནུས་ལ་ཐེ་ཚོམ་ཟ་བ་དེར་ཐུག་འདུག
༡༩ ཉུའུ་ཅིང་སློབ་ཆེན་གྱི་གདམས་ཚིག
ལེགས་གྲུབ་ཀྱི་ཡང་རྩེར་འཛེགས་པའི་མི་དག་གི་སེམས་སུ།  བཙན་པོ་དག་ལ་ཇི་མི་སྙམ་པའི་ཧམ་སེམས་མེད་མཁན་སུ་ཡོད་དམ།
༢༠ པོའོ་ཨེན་སློབ་ཆེན་གྱི་གདམས་ཚིག
ཉི་མ་ཤར་བའི་ཆེད་དུ།  ང་འཇིག་རྟེན་འདིར་ཡོང་བ་ཡིན།
༢༡ ཀི་པེན་ཧ་ཀེན་ སློབ་ཆེན་གྱི་གདམས་ཚིག
མིས་འཇོན་དོན་ནི། འཇོན་པར་ཡིད་ཆེས་པས་ཡིན་ལ།
རང་ངོས་ཡར་ཐོན་གྱི་ཐབས་ཤེས་ཆུང་ངུ་། རང་རྟོན་གྱི་སྟོབས་ཤུགས་བསྐྱེད་ཐབས་བྱེད་པ་དེ་ཡིན།
༢༢ ཧྥ་ལན་ཤིས་པ་ལི་སློབ་ཆེན་གྱི་གདམས་ཚིག
གེགས་བར་ནི། ནམ་ཡང་ཡར་རྒྱས་ཀྱི་རྨང་རྡོ་ཡིན།
༢༣ མོའོ་སི་ཁོའོ་སློབ་ཆེན་གྱི་གདམས་ཚིག
རྐྱེན་ངན་བར་ཆད་ཀྱི་གྲང་ངར་ག་ཚད་ཆེ་ཡང་། མོ་སི་ཁོའོ་མིག་ཆུ་ལ་ཡིད་ཆེས་མེད།
༢༤ པུའུ་ཡིད་ནའོ་སི་སློབ་ཆེན་གྱི་གདམས་ཚིག
ཚེ་སྲོག་ལ་གཟབ་ནན་གྱི་གཙུབ་བརྡར་བརྒྱུད་རྒྱུ་མཁོ་ཞིང་། གོ་རིམ་དེ་བརྒྱུད་ན་ད་གཟོད་དེའི་འོད་འཚེར་བའི་རང་མདངས་མངོན་ཐུབ།
༢༥ སི་ཐན་ཧྥུ་སློབ་ཆེན་གྱི་གདམས་ཚིག
ཕམ་ཉེས་ངོ་མ་ནི་བྱ་བ་མ་འགྲུབ་པ་དེ་མ་ཡིན་པར།  ཁྱེད་རང་ཕམ་ཉེས་འཁུར་འདོད་པ་དེ་ཡིན།
༢༦ པོའོ་ལོ་ཉི་ཡ་སློབ་ཆེན་གྱི་གདམས་ཚིག
འགལ་རྐྱེན་ཡོད་པ་ལ་བརྟེན་ནས།  མི་ཚེའི་མཛེས་སྡུག་དེ་བས་ཕུན་སུམ་ཚོགས་པར་འགྱུར།
༢༧ ཞེའེ་ཧྥེའི་འེར་དི་སློབ་ཆེན་གྱི་གདམས་ཚིག
འཇིག་རྟེན་ཐོག་རེ་བ་ཟད་པའི་གནས་དང་སྐབས་མེད་ཀྱང་། གནས་སྐབས་དེར་རེ་ཐག་ཆད་མཁན་གྱི་མི་ཡོད་དོ།
༢༨ པེན་ཞི་ཧྥ་ཉི་ཡ་སློབ་ཆེན་གྱི་གདམས་ཚིག
ཕུན་ཚོགས་ལུགས་ལེགས་ངང་འཚོ་བའི་ཆེད་དུ། ངེས་པར་དུ་མི་གཞན་གྱིས་ཁས་ལེན་འཕེར་བའི་རང་ཚུགས་ཀྱི་མི་རྒྱུ་ཤིག་ལྡན་དགོས།
༢༩ ཅིང་ཏོའུ་སློབ་ཆེན་གྱི་གདམས་ཚིག
མི་མང་པོའི་རྗེས་སུ་འུད་རྒྱུགས་བྱས་ན་རང་ཉིད་ཀྱི་ཁ་ཕྱོགས་བོར་ངེས་ཡིན་པས། ཁེར་སུན་ལ་མི་སྐྲག་པར་མུ་མཐུད་རང་གིས་གང་བསྒྲུབ་འདོད་པ་དེ་སྒྲུབས་ཤིག
༣༠ མེའེ་ཅི་འེར་སློབ་ཆེན་གྱི་གདམས་ཚིག
མི་ཚང་མར་སློབ་སྦྱོང་ཞུ་འོས་ཀྱང་། མི་སུ་ལའང་ལད་མོ་བྱ་མི་རུང་།
༣༡ ཙའོ་ཏོ་ཐེན་སློབ་ཆེན་གྱི་གདམས་ཚིག
སྦྱངས་ཡོན་སྒེར་ཚུགས་ཅན་གྱི་དཔེར་འོས་རྒྱལ་དམངས་བསྐྱེད་བསྲིང་བྱ་དགོས།
༣༢ ཨོ་སི་ཁྲོ་རི་ཡའི་སློབ་ཆེན་གྱི་གདམས་ཚིག
ཁྱེད་རང་ཇི་ལྟར་འཚོ་བ་རོལ་རྒྱུ་ཆ་ཚང་ཁྱེད་རང་རང་ཉིད་ཀྱིས་ཐག་གཅོད་བྱོས་ཤིག
༣༣ ཅན་ཆའོ་སློབ་ཆེན་གྱི་གདམས་ཚིག
ང་འཇིག་རྟེན་འདིར་ཡོང་དུས།  ངས་ཕན་ཚུན་གྱི་ཞན་ཆ་སེལ་ཏེ།  རང་འགན་ཆུད་ཟོས་མི་གཏང་བར།   འགྲོ་དམངས་དང་མཉམ་དུ་བདེན་པ་དོན་གཉེར་བྱེད།
༣༤ ཆིང་ཧྭ་སློབ་ཆེན་གྱི་གདམས་ཚིག
ལག་ལེན་ནི་ཁ་བཤད་ལས་གཙོ།
ངོམ་ཚེ་མགོན་ནས་བསྒྱུར་ཏེ་ཞུས།
·གསར་འགྱུར་གོང་མ:འཕྲུལ་དེབ་དང་འབྲེལ་བའི་གསལ་བརྡ།
·གསར་འགྱུར་འོག་མ:དགའ་ལྡན་ལྔ་མཆོད་ཀྱི་ལེགས་སྐྱེས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:58:55 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:16:10 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:21:52 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།26.37MS