འཕྲུལ་དེབ་དང་འབྲེལ་བའི་གསལ་བརྡ།
རྒྱ་ཆེ་བའི་ཀློག་པ་བོ་དང་རྩོམ་པ་བོ༼ལྷག་ཏུ་དཔེ་དེབ་པར་བསྐྲུན་བྱེད་འདོད་ཀྱི་མེ་ལྕེ་རབ་ཏུ་འབར་ཡང་མ་དངུལ་གྱིས་འདང་གིན་མི་འདུག་པའི་ན་གཞོན་རྩོམ་པ་བོ་༽དག་ལ་ཞུ་རྒྱུར། ཁྱེད་ཀྱིས་ཀུ་ཤུ་ཁ་པར་རེ་ལག་ཏུ་བཟུང་ཞིང་དཔེ་མཛོད་ད་དུང་སྟོང་བ་བྱས་ནས་བསྡད་ཡོད་པར་མགོ་བོ་ན་ཀིན་ཡོད་དམ།
ཁྱེད་ཀྱིས་ཁ་པར་དུ་བོད་ཡིག་ཡོད་བསྡུ་ཉར་བྱས་ཡོད་ཀྱང་བོད་ཡིག་དཔེ་ཆ་མེད་པ་དང་གནམ་ཡིག་འདྲ་བ་དག་གིས་མནར་བར་མགོ་བོ་ན་ཀིན་ཡོད་དམ།
ཁྱོད་ཀྱིས་རང་གིས་བྲིས་པའི་སྙན་ངག་བསྡུ་ཉར་བྱེད་མི་ཐུབ་པ་དང་ཀློག་པ་བོའི་མིག་མདུན་དུ་བཀྲམ་མི་ཐུབ་པར་མགོ་བོ་ན་ཀིན་ཡོད་དམ། ཉིན་དེ་རིང་ནས་བཟུང་དེ་དག་ཚང་མ་སེམས་ཁུར་ལྷག་མ་རུ་གྱུར་ཡོད། རྒྱུ་མཚན་གང་ལགས་ཤེ་ན། བོད་ཀྱི་དྲ་བའི་རིག་གནས་གོང་འཕེལ་དང་རྩོམ་རིག་གི་གཤིན་ས་ཇེ་ལེགས་ནས་ཇེ་བཟང་དུ་འགྲོ་སླད། ངེད་ན་གཞོན་སློབ་མ་འགས་ཆུ་ཐིགས་གློག་རྡུལ་འཕྲུལ་དེབ་བཟོ་ལས་ཁང་ཞེས་པ་ཞིག་བཙུགས་ཡོད་ལ། བོད་ཀྱི་ན་གཞོན་པའི་སྡེ་ལ་ཞབས་འདེགས་གང་ལེགས་བྱས་ནས་འཕྲུལ་དེབ་མང་བོ་བཟོ་འཆར་ཡིན། ངེད་ཚོགས་པ་ལ་མི་བཅུ་ཡོད་ལ། སྤྱི་ཁྱབ་བཀོད་འདོམས་པ་གཅིག་དང་སྣེ་ལེན་པ་གཉིས། འཕྲུལ་དེབ་ལས་བཟོ་བ་བཞི། ཡི་གེ་བཏགས་ནོར་བྱས་ཡོད་མེད་ལ་ཞུ་དག་བྱེད་མཁན་གསུམ་བཅས་ཡོད། འཕྲུལ་དེབ་བཟོས་པ་དག་སྐོར་རེ་བྱས་ནས་དྲ་ཐོག་ཏུ་བཀྲམ་སྟེ། མདོ་དབུས་ཁམས་གསུམ་གྱི་བོད་པ་དག་གི་སྤྱན་སྔར་རིན་མེད་འབུལ་ངེས། དེ་བས་འཕྲུལ་དེབ་ཕབ་ལེན་བྱེད་འདོད་པ་དང་འཕྲུལ་དེབ་བཟོ་འདོད་པ་དག་གིས་ང་ཚོར་འབྲེལ་བ་བྱེད་རོགས་ཞུ།
འཕྲུལ་དེབ་བཟོ་བར་ཆ་རྐྱེན་འགའ་ཡོད་དེ།
༡ རྩོམ་ཡིག་ངེས་པར་བཏགས་ཚར་ནས་ངེད་ཚོགས་པའི་ཡིག་སྒམ་དུ་བསྐུར་དགོས།
༢ རྩོམ་ཡིག་ལ་རང་གིས་ཞུ་དག་བྱས་ཟིན་ནས་བསྐུར་དགོས།
༣ ངེད་ཚོགས་པས་འཕྲུལ་དེབ་བཟོ་བ་ལས་པར་དབང་ལ་འགན་གང་ཡང་མི་འཁུར། འགན་ཚང་མ་འཕྲུལ་དེབ་བཟོ་རུ་འཇུག་མཁན་གྱིས་འཁུར་དགོས།
གོང་གི་ཆ་རྐྱེན་ཚང་བ་དག་གིས་ང་ཚོར་སྐད་འཕྲིན་དང་གླེང་མོལ་གྱི་ལམ་ནས་འབྲེལ་བ་བྱེད་བ་རོགས་ཞུ།
གཞན་འཕྲུལ་དེབ་དག་ངེད་ཚོགས་པའི་ནང་ཁུལ་གྱི་གཏན་འཁེལ་ལྟར་དྲ་ཐོག་ཏུ་བཀྲམ་རྒྱུ་ཡིན་པས། ཕབ་ལེན་བྱེད་མཁན་ཚོར་ང་ཚོས་བཀྲམ་ཟིན་པ་དག་ཕབ་ལེན་བྱེད་པའི་དབང་ཆ་ལས། ང་ཚོར་བཀྲམ་དུ་འཇུག་པའི་དབང་ཆ་ཡེ་ནས་མེད།
ཆེས་མཇུག་ཏུ་བོད་ཀྱི་དྲ་བའི་རིག་གནས་དང་རྩོམ་རིག་གི་མདུན་ལམ་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་ཡིན་པའི་སྨོན་འདུན་སྙིང་ནས་ཞུ།
ཞལ་དྲོ།
ཆུ་ཐིགས་གློག་རྡུལ་འཕྲུལ་དེབ་བཟོ་ལས་ཁང་ནས་གུས་ཕུལ།
སྐད་འཕྲིན། 2696944852
གླེང་མོལ། 2696944852